མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ལི་ཁེ་ཆང་གིས་དབྱིན་ཀེ་ལི་ཞི་ཡིས་ནེའུ་ཙི་ལན་སྲིད་གཞུང་གི་ཙུང་ལིའི་འགན་བཞེས་
པར་གློག་འཕྲིན་བཏང་ནས་རྟེན་འབྲེལ་ཞུས་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་14ཉིན། 13:57】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

         མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་13ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་པིར་•དབྱིན་ཀེ་ལི་ཞི་ལ་གློག་འཕྲིན་བཏང་སྟེ་ཁོང་གིས་ནེའུ་ཙི་ལན་སྲིད་གཞུང་གི་ཙུང་ལིའི་འགན་བཞེས་པར་རྟེན་འབྲེལ་ཞུས་པ་རེད།
         ལི་ཁེ་ཆང་གིས་རྟེན་འབྲེལ་ཞུ་བའི་གློག་འཕྲིན་གྱི་ནང་དུ་ཀྲུང་གོ་དང་ནེའུ་ཙི་ལན་རྒྱལ་ཁབ་གཉིས་ནི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ས་ཁུལ་གྱི་རྒྱལ་ཁབ་གལ་ཆེན་ཡིན་ལ། ཐུན་མོང་གི་ཁེ་ཕན་ཁྱབ་རྒྱ་ཆེན་པོ་ཡོད་པ་རེད། ཉེ་བའི་ལོ་འགའི་རིང་ཀྲུང་གོ་དང་ནེའུ་ཙི་ལན་རྒྱལ་ཁབ་གཉིས་བར་གྱི་འབྲེལ་བ་འཕེལ་རྒྱས་ཡག་པོ་ཕྱིན་ཡོད་ཅིང་། ཁྱབ་ཁོངས་ཁག་གི་མཉམ་ལས་ཐད་གྲུབ་འབྲས་གཡུར་ཟ་བ་ཐོབ་པ་དེས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་དངོས་ཡོད་ཀྱི་ཕན་པ་བསྐྲུན་ཡོད། སང་ལོ་ནི་ཀྲུང་གོ་དང་ནེའུ་ཙི་ལན་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་45འཁོར་བའི་ལོ་ཡིན་ཞིང་། ངས་སྐུ་ཞབས་ཙུང་ལི་སྐུ་ཉིད་དང་མཉམ་དུ་ཧུར་བརྩོན་ཆེན་པོ་བྱས་ནས་མུ་མཐུད་དུ་ཕན་ཚུན་བརྩི་འཇོག་དང་། འདྲ་མཉམ་གཉིས་ཕན་གྱི་རྩ་དོན་མཐའ་འཁྱོངས་བྱས་ཏེ་ཁྱབ་ཁོངས་ཁག་ཏུ་མཛའ་མཐུན་སྤེལ་རེས་དང་དངོས་དོན་གཉེར་བའི་མཉམ་ལས་བྱེད་རྒྱ་ཆེ་རུ་བཏང་སྟེ་ཀྲུང་གོ་དང་ནེའུ་ཙི་ལན་རྒྱལ་ཁབ་གཉིས་བར་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཕེལ་རིམ་གསར་པ་ཞིག་ཏུ་སྐྱོད་པར་སྐུལ་འདེད་གཏོང་རྒྱུའི་རེ་སྒུག་བྱེད་བཞིན་ཡོད་ཅེས་བསྟན་གནང་བ་རེད།

  
2016-12-01 2016-11-30