མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་ཐུར་ཁེ་དང་ཨེ་ཅིབ་ཏུ་འབར་གས་དོན་རྐྱེན་ཐོན་པར་རྒྱལ་ཁབ་གཉིས་ཀྱི་
ཙུང་ཐུང་ལ་ཁག་སོ་སོར་སེམས་གསོ་འཚམས་འདྲིའི་གློག་འཕྲིན་བཏང་གནང་བ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་16ཉིན། 14:14】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་13ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ཐུར་ཁེའི་ཙུང་ཐུང་ཨེར་ཏུའོ་ཨན་ལ་སེམས་གསོ་འཚམས་འདྲིའི་གློག་འཕྲིན་བཏང་གནང་ནས་ཟླ་12ཚེས་10ཉིན་ཐུར་ཁེའི་དབྱི་སི་ཐན་པུར་གྲོང་ཁྱེར་དུ་ཐོན་པའི་འབར་གས་དོན་རྐྱེན་ལས་མི་སྣ་འཆི་རྨས་ཚབས་ཆེན་བྱུང་བར་ཙུང་ཐུང་ཨེར་ཏུའོ་ཨན་དང་རྐྱེན་ལམ་དུ་ཤོར་མིའི་ནང་མི་དང་རྨས་སྐྱོན་ཕོག་པའི་མི་སྣར་ཟོལ་མེད་ཀྱི་སེམས་གསོ་འཚམས་འདྲི་གནང་བ་རེད།
        ཞིས་ཅིན་ཕིང་གིས་ཀྲུང་གོ་ཕྱོགས་ཀྱིས་འཇབ་རྒོལ་དོན་རྐྱེན་དེ་རིགས་ལ་རྒོལ་གཏམ་དྲག་པོ་བཏང་ནས་རྣམ་པ་གང་རུང་གི་འཇིགས་སྐུལ་རིང་ལུགས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་ཀྱི་ཡོད། ཐུར་ཁེ་དང་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་འཇིགས་སྐུལ་རིང་ལུགས་ཀྱི་ཉེན་ཁར་མཉམ་དུ་ཁ་གཏད་གཅོག་འདོད་ཡོད་ཅེས་ནན་བཤད་གནང་བ་རེད།
         དེ་ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ཨེ་ཅིབ་ཀྱི་ཙུང་ཐུང་སའེ་ཤིས་ལ་སེམས་གསོ་འཚམས་འདྲིའི་གློག་འཕྲིན་བཏང་གནང་ནས་ཟླ་12ཚེས་11ཉིན་ཨེ་ཅིབ་ཀྱི་ཆོས་ཁང་ཞིག་ཏུ་འཇིགས་སྐུལ་འབར་གས་འཇབ་རྒོལ་ཕོག་ནས་མི་སྣ་འཆི་རྨས་བྱུང་བར་ཙུང་ཐུང་སའེ་ཤིས་དང་། རྐྱེན་ལམ་དུ་ཤོར་མིའི་ནང་མི། རྨས་སྐྱོན་ཕོག་པའི་མི་སྣ་བཅས་ལ་ཟོལ་མེད་ཀྱི་སེམས་གསོ་འཚམས་འདྲི་གནང་བ་རེད།
         ཞིས་ཅིན་ཕིང་གིས་འཇབ་རྒོལ་དོན་རྐྱེན་དེ་རིགས་ལ་ཀྲུང་གོ་ཕྱོགས་ཀྱིས་རྒོལ་གཏམ་དྲག་པོ་བཏང་ནས་རྣམ་པ་གང་རུང་གི་འཇིགས་སྐུལ་རིང་ལུགས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་ཀྱི་ཡོད། ཨེ་ཅིབ་ཕྱོགས་ཀྱིས་རྒྱལ་ཁབ་ཀྱི་བདེ་འཇགས་བརྟན་ལྷིང་སྲུང་སྐྱོང་དང་འཇིགས་སྐུལ་རིང་ལུགས་ལ་རྡུང་རྡེག་གཏོང་རྒྱུར་འབད་བརྩོན་བྱེད་པའི་ཐད་མུ་མཐུད་བློ་བརྟན་འགྱུར་མེད་ཀྱིས་རྒྱབ་སྐྱོར་བྱེད་འདོད་ཡོད་ཅེས་ནན་བཤད་གནང་བ་རེད།

  
2016-12-01 2016-11-30