མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།《ཞིས་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ་》ཞེས་པའི་དཔེ་དེབ་ནེ་པ་ལའི་
ཡི་གེའི་པར་ཕུད་འགྲེམས་སྤེལ་བྱས་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་21ཉིན། 10:23】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

           མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་18ཉིན་《ཞིས་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ་》ཞེས་པའི་དཔེ་དེབ་ནེ་པ་ལའི་ཡི་གེའི་པར་ཕུད་འགྲེམས་སྤེལ་མཛད་སྒོ་དེ་ནེ་པ་ལའི་ཙུང་ཐུང་ལས་ཤག་ཏུ་གཉེར་བ་རེད། ནེ་པ་ལའི་ཙུང་ཐུང་པན་ཏ་ལི་དང་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི། ཀྲུང་དབྱང་དྲིལ་བསྒྲགས་པུའི་པུའུ་ཀྲང་བཅས་ཡིན་པའི་ལིའུ་ཆི་པའོ་རྣམ་གཉིས་པར་ཕུད་འགྲེམས་སྤེལ་ལ་ཕེབས་པ་དང་འབྲེལ་ཤིས་ཚིག་ཀྱང་གསུངས་པ་རེད།
           པན་ཏ་ལིས་《ཞིས་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ་》ཞེས་པའི་དཔེ་དེབ་བརྒྱུད་ནེ་པ་ལའི་མི་དམངས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་ཤེས་རྟོགས་དང་། ཀྲུང་གོའི་སྒྱུར་བཅོས་འཕེལ་རྒྱས་དང་རྒྱལ་ཁབ་སྐྱོང་ལུགས་ཤེས་རྟོགས། ཀྲུང་གོའི་ཕུགས་འདུན་དང་ཀྲུང་ཧྭའི་རིག་གནས་ཤེས་རྟོགས། དེ་བཞིན་འཛམ་གླིང་ལ་འཛིན་པའི་ཀྲུང་གོའི་ངོས་འཛིན་དང་ལྟ་ཚུལ་ཤེས་རྟོགས་བཅས་ཐུབ་རྒྱུ་རེད་ཅེས་གསུངས་པ་རེད།
          《ཞིས་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ་》ཞེས་པའི་དཔེ་དེབ་ནེ་པ་ལའི་ཡི་གེའི་པར་མ་དེ་ཀྲུང་གོ་ཕྱི་རྒྱལ་སྐད་ཡིག་ཅུས་དང་ནེ་པ་ལའི་ཀྲུང་གོ་ཞིབ་འཇུག་ལྟེ་གནས་ཀྱིས་མཉམ་ལས་ཡིག་སྒྱུར་བྱས་ནས་དཔེ་སྐྲུན་བྱས་པ་ཞིག་རེད། 2014ལོའི་ཟླ་དགུ་པ་ནས་བཟུང་《ཞིས་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ་》ཞེས་པའི་དཔེ་དེབ་དེ་རྒྱ་ཡིག་དང་། དབྱིན་ཡིག ཧྥན་རན་སེའི་ཡི་གེ ཨ་རབ་ཀྱི་ཡི་གེ ཨུ་རུ་སུའི་ཡི་གེ་སོགས་སྐད་རིགས་11ཐོག་ནས་གོ་ལ་ཧྲིལ་པོར་འགྲེམས་སྤེལ་བྱས་པ་མ་ཟད། རྒྱལ་ཁབ་དང་ས་ཁུལ་100ལྷག་ཙམ་ལ་དཔེ་དེབ་ཁྲི་620ལྷག་ཙམ་འགྲེམས་སྤེལ་བྱས་པས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཚུར་སྣང་ལན་ཆ་ཆེན་པོ་བྱུང་ཡོད། 《ཞིས་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ་》ཞེས་པའི་དཔེ་དེབ་ནེ་པ་ལའི་ཡི་གེའི་པར་མ་དཔེ་སྐྲུན་འགྲེམས་སྤེལ་བྱས་པ་དེ་ནི་ཀྲུང་གོ་དང་ནེ་པ་ལའི་དབར་ཕྱི་འབྲེལ་གྱི་འབྲེལ་བ་བཙུགས་ནས་ལོ་61འཁོར་བར་སྐྱེས་སུ་ཕུལ་བའི་ཕྱག་རྟགས་ཤིག་རེད།

  
2016-12-01 2016-11-30