མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་སུམ་རྩེན་ཨང་གཉིས་པ་དང་ལྷ་གྲུ་ཨང་བཅུ་གཅིག་པའི་མི་བཞུགས་འཕུར་
སྐྱོད་ཀྱི་ལས་འགན་སྒྲུབ་མཁན་འཇིག་རྟེན་འཕུར་སྐྱོད་པ་དང་དེ་བཞིན་ཞིབ་འཇུག་དང་
ཚོད་ལྟའི་ནང་ཞུགས་མཁན་འཐུས་མིར་མཇལ་འཕྲད་གནང་བ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་22ཉིན། 10:40】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

༄༅།།ཞིས་ཅིན་ཕིང་གིས་སུམ་རྩེན་ཨང་གཉིས་པ་དང་ལྷ་གྲུ་ཨང་བཅུ་གཅིག་པའི་མི་བཞུགས་འཕུར་
སྐྱོད་ཀྱི་ལས་འགན་སྒྲུབ་མཁན་འཇིག་རྟེན་འཕུར་སྐྱོད་པ་དང་དེ་བཞིན་ཞིབ་འཇུག་དང་
ཚོད་ལྟའི་ནང་ཞུགས་མཁན་འཐུས་མིར་མཇལ་འཕྲད་གནང་བ།

         མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་20ཉིན་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་ཞིས་ཅིན་ཕིང་དང་། ལི་ཁེ་ཆང་། ཀྲང་ཏེ་ཅང་། ཡུས་ཀྲེང་ཧྲེང་། ལིའུ་ཡུན་ཧྲན། ཝང་ཆི་ཧྲན། ཀྲང་ཀའོ་ལི་སོགས་ཀྱིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་སུམ་རྩེན་ཨང་གཉིས་པ་དང་ལྷ་གྲུ་ཨང་བཅུ་གཅིག་པའི་མི་བཞུགས་འཕུར་སྐྱོད་ཀྱི་ལས་འགན་སྒྲུབ་མཁན་འཇིག་རྟེན་འཕུར་སྐྱོད་པ་དང་དེ་བཞིན་ཞིབ་འཇུག་དང་ཚོད་ལྟའི་ནང་ཞུགས་མཁན་འཐུས་མིར་མཇལ་འཕྲད་གནང་བ།
        ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་12ཚེས་20ཉིན་གློག་འཕྲིན་འབྱོར་པ་གཞིར་བཟུང་། ཚེས་20ཉིན་གྱི་སྔ་དྲོ་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞིས་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་སུམ་རྩེན་ཨང་གཉིས་པ་དང་ལྷ་གྲུ་ཨང་བཅུ་གཅིག་པའི་མི་བཞུགས་འཕུར་སྐྱོད་ཀྱི་ལས་འགན་སྒྲུབ་མཁན་འཇིག་རྟེན་འཕུར་སྐྱོད་པ་དང་དེ་བཞིན་ཞིབ་འཇུག་དང་ཚོད་ལྟའི་ནང་ཞུགས་མཁན་འཐུས་མིར་མཇལ་འཕྲད་གནང་བ་རེད། ཁོང་གིས་མཁའ་དབྱིངས་ཡངས་ཤིང་མུ་མཐའ་མེད་པས་འཚོལ་ཞིབ་བྱ་རྒྱུར་འཛད་མཐའ་མེད། རྒྱུན་ཆད་མེད་པར་གསར་གཏོད་བྱས་ཚེ་གཞི་ནས་ཀྲུང་ཧྭ་མི་རིགས་དེ་བས་ཡག་པའི་འབྱུང་འགྱུར་གྱི་ཕྱོགས་སུ་སྐྱོད་ཐུབ། ང་ཚོས་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ལག་ལེན་བསྟར་བཞིན་ཡོད་པ་དེ་ནི་རང་རྒྱལ་གྱི་འབྱུང་འགྱུར་འཕེལ་རྒྱས་གཏོང་བའི་འཐབ་ཇུས་གལ་ཆེན་ཞིག་ཡིན། འཇིག་རྟེན་འཕུར་སྐྱོད་ཚན་རྩལ་ནི་ཚན་རྩལ་ཡར་ཐོན་དང་གསར་གཏོད་ཀྱི་ཁྱབ་ཁོངས་གལ་ཆེན་ཞིག་ཡིན་པ་དང་། འཇིག་རྟེན་འཕུར་སྐྱོད་ཀྱི་ཚན་རྩལ་གྲུབ་འབྲས་ནི་རྒྱལ་ཁབ་ཀྱི་ཚན་རྩལ་ཆུ་ཚད་དང་ཚན་རྩལ་ནུས་པའི་མཚོན་རྟགས་གལ་ཆེན་ཞིག་ཡིན། འཇིག་རྟེན་འཕུར་སྐྱོད་ཀྱི་ཚན་རྩལ་ལ་ཐོབ་པའི་གསར་གཏོད་གྲུབ་འབྲས་ཀྱིས་ཀྲུང་གོ་མི་དམངས་ཀྱི་གསར་གཏོད་བྱེད་པའི་དད་སེམས་དང་ཡིད་ཆེས་ལ་སྐུལ་མ་ཆེན་པོ་ཐེབས་ནས་སྤྱི་ཚོགས་ཡོངས་ཀྱིས་གསར་གཏོད་གསར་སྐྲུན་བྱ་རྒྱུར་སྐུལ་མ་ཆེན་པོ་ཐེབས་ཡོད་ཅེས་ནན་བཤད་གནང་བ་རེད།
         སྤྲོ་སེམས་འཁོལ་བའི་ཐལ་མོ་རྡེབ་སྒྲའི་ཁྲོད་ཞིས་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་བ་དང་། ཁོང་གིས་དང་ཐོག་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་ཀྲུང་དབྱང་དམག་ཨུད་ཀྱི་ཚབ་ཞུས་ནས་སུམ་རྩེན་ཨང་གཉིས་པ་དང་ལྷ་གྲུ་ཨང་བཅུ་གཅིག་པའི་ལས་འགན་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་བྱུང་བར་རྟེན་འབྲེལ་ཞུས་པ་དང་ལས་འགན་ནང་ཞུགས་མཁན་གྱི་འཇིག་རྟེན་འཕུར་སྐྱོད་པ་དང་རྒྱ་ཆེའི་ཞིབ་འཇུག་དང་ཚོད་ལྟའི་ནང་ཞུགས་མཁན་དང་འཇིག་རྟེན་འཕུར་སྐྱོད་འཐབ་ཕྱོགས་ཀྱི་བློ་མཐུན་ཡོངས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲིའང་གནང་བ་རེད།
         ཞིས་ཅིན་ཕིང་གིས་འདི་ལོ་ནི་རང་རྒྱལ་གྱི་འཇིག་རྟེན་འཕུར་སྐྱོད་བྱ་གཞག་བཏོད་ནས་ལོ་60འཁོར་བའི་ལོ་ཞིག་ཡིན་ཞིང་། ལོ་60ཡི་རིང་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་རྒྱལ་ཡོངས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་འོག་འཇིག་རྟེན་འཕུར་སྐྱོད་པ་མི་རབས་དང་མི་རབས་ཀྱི་ཐོག་མའི་བསམ་འདུན་མི་བརྗེད་པར་མུ་མཐུད་འབད་འཐབ་བྱས་ཏེ་རང་རྒྱལ་གྱི་འཇིག་རྟེན་འཕུར་སྐྱོད་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་བརྗིད་ཆགས་ཡིད་འོང་གི་ལེའུ་བརྩམས་པ་དང་ང་ཚོའི་སྔོན་བྱོན་པ་ཚོའི་འཕུར་སྐྱོད་ཀྱི་ཕུགས་འདུན་མངོན་འགྱུར་ཐུབ་པ་རེད། ད་ཐེངས་ཀྱི་ལས་འགན་ཐུགས་གྲ་ལེགས་འགྲིག་བྱུང་བ་ལས་བར་སྣང་ཚོད་ལྟ་ཁང་གི་འཕུར་སྐྱོད་ལས་འགན་ལ་དུས་མཚམས་རང་བཞིན་གྱི་རྒྱལ་ཁ་འགངས་ཆེན་ཐོབ་པ་མཚོན་ཡོད། འདི་ནི་ང་ཚོས་འཇིག་རྟེན་འཕུར་སྐྱོད་ཀྱི་ཕུགས་མདུན་མངོན་འགྱུར་བྱེད་པའི་རྒྱང་སྐྱོད་ལམ་བུའི་ཐོག་བཙུགས་པའི་ལམ་ཚད་རྡོ་རིང་གཞན་ཞིག་ཡིན་པས་ཀྲུང་ཧྭ་བུ་ཕྲུག་ཚང་མས་དེར་སྤོབས་སེམས་ཆེན་པོ་སྐྱེ་གི་ཡོད། རྒྱ་ཆེའི་འཇིག་རྟེན་འཕུར་སྐྱོད་པ་ཚོའི་ཕུལ་དུ་བྱུང་བའི་བྱས་རྗེས་ཏང་དང་མི་དམངས་ཀྱིས་ནམ་ཡང་བརྗེད་མི་སྲིད་ཅེས་ནན་བཤད་གནང་བ་རེད།
         ཞིས་ཅིན་ཕིང་གིས་བར་སྣང་ཚོད་ལྟ་ཁང་གི་འཕུར་སྐྱོད་ལས་འགན་སྒྲུབ་འགོ་ཚུགས་པ་ནས་བཟུང་། ང་ཚོས་རང་སྟོབས་རང་སྤེལ་དང་རང་བདག་གསར་གཏོད་མཐའ་འཁྱོངས་ཀྱིས་ལྟེ་བ་དང་འགག་རྩའི་ལག་རྩལ་འབོར་ཆེན་ཞིག་ཚད་བརྒལ་བྱུང་ནས་རང་རྒྱལ་གྱི་འཇིག་རྟེན་འཕུར་སྐྱོད་པས་འཁོར་ལམ་ནང་སྡོད་རྒྱུ་མངོན་འགྱུར་ཐོག་མར་བྱུང་བ་དང་འཇིག་རྟེན་འཕུར་སྐྱོད་ཀྱི་རྒྱལ་ཁབ་སྟོབས་ཆེན་སྐྲུན་རྒྱུར་རྨང་གཞི་བརྟན་པོ་བཏིང་ཡོད། ང་ཚོས་རྒྱ་ཆེའི་འཇིག་རྟེན་འཕུར་སྐྱོད་ཀྱི་ཚན་རྩལ་ལས་དོན་པའི་གསར་གཏོད་སྙིང་སྟོབས་ལ་བརྩི་བཀུར་དང་སྐུལ་སློང་ཧུར་ཐག་བྱས་ཏེ་འཛམ་གླིང་གི་འཇིག་རྟེན་འཕུར་སྐྱོད་ཀྱི་ཚན་རྩལ་གསར་ཤོས་དང་གསར་འབྱེད་གསར་གཏོད་བྱེད་ཐུབ་པའི་བྱང་ཚད་མཐོ་བའི་ཤེས་ལྡན་པའི་དཔུང་ཁག་ཁག་གཅིག་དང་ལྷག་པར་དུ་གཞོན་ནུ་ཕུལ་བྱུང་བ་སྦྱོང་བརྡར་དང་གསོ་སྐྱོང་བྱེད་དགོས་ཞེས་བསྟན་གནང་བ་རེད།

  
2016-12-01 2016-11-30