མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གི་《སྐུ་ཞབས་སུན་ཀྲུང་ཧྲན་འཁྲུངས་ནས་ལོ་ངོ་150འཁོར་བར་དྲན་
གསོ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་》ཀྱི་གྲངས་ཉུང་
མི་རིགས་ཡི་གེའི་དེབ་རྐྱང་མ་དཔེ་སྐྲུན་བྱས་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་25ཉིན། 14:33】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

           མི་དམངས་དྲ་བའི་འཕྲིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞིས་ཅིན་ཕིང་གི་《སྐུ་ཞབས་སུན་ཀྲུང་ཧྲན་འཁྲུངས་ནས་ལོ་ངོ་150འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་》ཀྱི་སོག་རིགས་དང་། བོད་རིགས། ཡུ་གུར་རིགས། ཧ་སག་རིགས། ཁྲའོ་ཞན་རིགས། དབྱིས་རིགས། ཀྲོང་རིགས་སོགས་གྲངས་ཉུང་མི་རིགས་7གྱི་ཡིག་རིགས་ལས་གྲུབ་པའི་དེབ་རྐྱང་མ་སྟེ་ཀྲུང་གོ་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་ཡིག་སྒྱུར་བྱས་པ་དང་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་པའི་དེབ་རྐྱང་མ་དེ་གོང་ཚེས་ཉིན་ནས་བཟུང་རྒྱལ་ཡོངས་སུ་ཡོངས་བསྒྲགས་སུ་འགྲེམས་སྤེལ་བྱེད་འགོ་ཚུགས་ཡོད་པ་རེད།

  
2016-12-01 2016-11-30