མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་པེ་ཅིང་དུ་ལས་འགན་སྒྲུབ་ཚུལ་ཞུ་བར་ཡོང་མཁན་ཚུའེ་ཧྲི་ཨན་ལ་མཇལ་
འཕྲད་གནང་བ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་25ཉིན། 14:34】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞིས་ཅིན་ཕིང་གིས་པེ་ཅིང་དུ་ལས་འགན་སྒྲུབ་ཚུལ་ཞུ་བར་ཡོང་མཁན་ཚུའེ་ཧྲི་ཨན་ལ་མཇལ་
འཕྲད་གནང་བ།

          མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་23ཉིན་གྱི་ཕྱི་དྲོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ཀྲུང་ནན་ཧའེ་ཡིང་ཐའེ་རུ་པེ་ཅིང་དུ་ལས་འགན་སྒྲུབ་ཚུལ་ཞུ་བར་ཡོང་མཁན་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ཚུའེ་ཧྲི་ཨན་ལ་མཇལ་འཕྲད་གནང་བ་འབྲེལ། ཁོང་གིས་མིག་སྔའི་ཨའོ་མོན་གྱི་དུས་བབ་དང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་གཞུང་གི་ལས་དོན་སྤེལ་ཚུལ་སྐོར་གྱི་ཁོང་གི་སྙན་ཞུ་གསན་པ་རེད།
           ཞིས་ཅིན་ཕིང་གིས་ལོ་གཅིག་རིང་སྲིད་འཛིན་དཔོན་ཚུའེ་ཧྲི་ཨན་གྱིས་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གི་འགོ་ཁྲིད་དེ་དཔལ་འབྱོར་ལ་སྐུལ་འདེད་གཏོང་བ་དང་། དམངས་འཚོར་དོ་ཁུར་ཆེན་པོ་བྱེད་པ། འཕེལ་རྒྱས་བརྟན་པོ་ཡོང་བ་བྱེད་པའི་སྲིད་སྐྱོང་བྱེད་ཕྱོགས་ལ་དམིགས་ཏེ་དཀའ་ངལ་ལ་མི་འཛེམ་པར་མདུན་དུ་སྐྱོད་པ་དང་བརྟན་པོའི་སྒོ་ནས་སྲིད་བསྐྱངས་ཏེ་སྤྱི་པའི་སྲིད་འཛིན་སྒྱུར་བཅོས་ལ་སྐུལ་འདེད་དང་། དཔལ་འབྱོར་ཚད་རན་པོའི་ངང་སྣེ་མང་འཕེལ་རྒྱས་ལ་སྐུལ་འདེད། རྒྱན་འཛུགས་ཀྱི་ལས་རིགས་ལ་ཞིབ་བསྡུར་མཇུག་སྡོམ། དམངས་འཚོ་ལེགས་གཏོང་། ཁྲིམས་ལྟར་གལ་ཆེའི་གནད་དོན་ཐག་གཅོད་སོགས་ཐད་ལས་དོན་འབོར་ཆེན་བསྒྲུབས་ཡོད། སྲིད་འཛིན་དཔོན་དང་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གིས་ད་དུང་རྒྱལ་ཁབ་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་དང“རྒྱུད་གཅིག་ལམ་གཅིག”གི་འཐབ་ཇུས་ལ་སྦྲེལ་མཐུད་ཧུར་ཐག་བྱས་ཏེ་ཨའོ་མོན་གྱི་ལོ་རྒྱུས་ཐོག་ལོ་ལྔའི་འཕེལ་རྒྱས་འཆར་གཞི་ཨང་དང་པོ་བཟོས་པས། ཕུགས་འདུན་འཆར་འགོད་ཀྱི་འགན་འཁྲི་ཁུར་ཕོད་པ་མཚོན་གྱི་ཡོད། ཀྲུང་དབྱང་གིས་སྲིད་འཛིན་དཔོན་དང་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གི་ལས་དོན་ལ་ཁས་ལེན་གང་ལེགས་བྱེད་ཀྱི་ཡོད་ཅེས་གསུངས།
           ཞིས་ཅིན་ཕིང་གིས་མིག་སྔར་ཨའོ་མོན་གྱི་སྤྱིའི་གནས་བབ་ཡག་པོ་ཡོད་པས། དཔལ་འབྱོར་ལེགས་པོའི་སྒོ་ནས་འཕེལ་རྒྱལ་འགྲོ་བཞིན་པ་དང་། དམངས་འཚོ་རྒྱུན་མཐུད་ངང་ལེགས་སུ་ཕྱིན་པ། རྒྱལ་གཅེས་ཨའོ་གཅེས་ཀྱི་སྲོག་ཤིང་རིན་ཐང་མི་སེམས་ལ་ཟུག་པ། ལྷག་པར་དུ“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་བྱེད་ཕྱོགས་དང་གཞི་རྩའི་བྱ་ཐབས་ལག་བསྟར་དོན་འཁྱོལ་དང་རྒྱལ་ཁབ་བདེ་འཇགས་དང་གཅིག་གྱུར་ཡོང་རྒྱུར་སྲུང་སྐྱོང་བྱེད་པའི་ཐད་མིག་དཔེ་བཏོན་པས། གནད་དོན་དེར་ཀྲུང་དབྱང་གིས་ཚད་མཐོའི་གདེང་འཇོག་བྱས་ཡོད། རེ་བར་སྲིད་འཛིན་དཔོན་དང་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གིས་སྤྱི་ཚོགས་ལས་རིགས་ཁག་གིས་རྒྱལ་གཅེས་ཨའོ་གཅེས་ཀྱི་སྲོལ་རྒྱུན་རྒྱུན་འཛིན་དང་དར་སྤེལ་གཏོང་རྒྱུར་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་རྒྱལ་ཁབ་ཀྱི་འཐབ་ཇུས་ཀྱི་སྤྱི་ཡོངས་དང་ཨའོ་མོན་དར་རྒྱས་བརྟན་ལྷིང་གི་སྤྱི་ཡོངས་ནས་འགོ་བཙུགས་ཏེ་ལས་དོན་འཆར་འགོད་དང་ཡག་པོ་སྤེལ་རྒྱུ་མཐའ་འཁྱོངས་བྱེད་དགོས། དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུ་དང་དམངས་འཚོ་ལེགས་སུ་གཏོང་རྒྱུ་ལས་འགན་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་བྱེད་དགོས། ཁྲིམས་ལྟར་དང་ཕན་ནུས་ལྡན་པའི་ངང་སྲིད་སྐྱོང་རྒྱུ་མཐའ་འཁྱོངས་ཀྱིས་དེ་བས་མཛེས་སྡུག་དང་། དེ་བས་ཡག་པ། དེ་བས་དར་རྒྱས་བཅས་ཀྱི་ཨའོ་མོན་ཞིག་བསྐྲུན་དགོས་ཞེས་གསུངས་པ་རེད།
          ཞིས་ཅིན་ཕིང་གིས་སྲིད་འཛིན་དཔོན་ལ་ཁོང་རང་ཉིད་དང་ཀྲུང་དབྱང་སྲིད་གཞུང་གིས་རྒྱ་ཆེའི་ཨའོ་མོན་གྲོང་མིར་ལོ་གསར་གྱི་སྨོན་འདུན་བརྒྱུད་བསྒྲགས་གནང་རོགས་ཞེས་གསུངས།
          ཀྲང་ཏེ་ཅང་དང་། སུན་ཁྲུན་ལན། ལི་ཡོན་ཁྲའོ། ལི་ཀྲན་ཧྲུའུ། དབྱང་ཅེ་ཁྲེ་བཅས་མཇལ་འཕྲད་ལ་ཕེབས་ཡོད་པ་རེད།

  
2016-12-01 2016-11-30