མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་པེ་ཅིང་དུ་ལས་འགན་སྒྲུབ་ཚུལ་ཞུ་བར་ཡོང་མཁན་ལེའང་ཀྲེན་དབྱིང་ལ་
མཇལ་འཕྲད་གནང་བ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་25ཉིན། 14:39】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞིས་ཅིན་ཕིང་གིས་པེ་ཅིང་དུ་ལས་འགན་སྒྲུབ་ཚུལ་ཞུ་བར་ཡོང་མཁན་ལེའང་ཀྲེན་དབྱིང་ལ་
མཇལ་འཕྲད་གནང་བ།

            མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་23ཉིན་གྱི་ཕྱི་དྲོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ཀྲུང་ནན་ཧའེ་ཡིང་ཐའེ་རུ་པེ་ཅིང་དུ་ལས་འགན་སྒྲུབ་ཚུལ་ཞུ་བར་ཡོང་མཁན་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ལེའང་ཀྲེན་དབྱིང་ལ་མཇལ་འཕྲད་གནང་ནས་ཤང་ཀང་གི་མིག་སྔའི་དུས་བབ་དང་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གི་ལས་དོན་བསྒྲུབས་ཚུལ་སྐོར་གྱི་ཁོང་གི་སྙན་སེང་གསན་པ་རེད།
           ཞིས་ཅིན་ཕིང་གིས་ལོ་གཅིག་རིང་ཀྲུང་དབྱང་སྲིད་གཞུང་གི་རྒྱབ་སྐྱོར་འོག་སྲིད་འཛིན་དཔོན་ལེའང་ཀྲེན་དབྱིང་གིས་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གི་སྣེ་ཁྲིད་དེ་སྲིད་བརྟན་པོ་སྐྱོང་ནས་ས་ཆ་དང་སྡོད་ཁང་དང་། རྒན་རྒོན་ལ་བསྙེན་བཀུར་དང་དབུལ་སྐྱོར། ཚན་རྩལ་གསར་གཏོད་སོགས་ཐད་ལས་དོན་འབོར་ཆེན་བསྒྲུབས་པར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། “ཤང་ཀང་རང་བཙན”བཀག་འགོག་དང་ཁྲོམ་གཞུང་གི་གཏུམ་སྤྱོད་བྱེད་སྤྱོད་ལ་ཁྲིམས་ལྟར་ཐག་གཅོད་སོགས་གནད་དོན་གལ་ཆེན་ཐད་གཞི་རྩའི་བཅའ་ཁྲིམས་དང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གཞི་རྩའི་བཅའ་ཁྲིམས་ཀྱི་གསལ་འགྲེལ་དང་དམིགས་བསལ་སྲིད་འཛིན་ཁུལ་གྱི་བཅའ་ཁྲིམས་ལ་ནན་ཏན་ངང་གཞིགས་ནས་བྱ་བ་བསྒྲུབས་ཏེ་རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་སྲུང་སྐྱོང་དང་ཤང་ཀང་གི་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱས་ཡོད། ཀྲུང་དབྱང་གིས་སྲིད་འཛིན་དཔོན་དང་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གི་ལས་དོན་ལ་ཁས་ལེན་གང་ལེགས་བྱེད་ཀྱི་ཡོད་ཅེས་གསུངས་པ་རེད།
             ཞིས་ཅིན་ཕིང་གིས་ཤང་ཀང་མེས་རྒྱལ་གྱི་པང་དུ་ཕྱིར་ལོག་བྱས་ནས་ལོ་ངོ་ཉི་ཤུ་འགྲོ་གྲབས་ཡོད། ཤང་ཀང་དུ“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ལག་ལེན་བསྟར་བའི་གྲུབ་འབྲས་ཀུན་གྱིས་མིག་མཐོང་ལག་ཟིན་ཐུབ་པ་ཞིག་རེད། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ནི་བྱ་གཞག་གསར་རྐྱང་ཞིག་ཡིན་པ་དང་ལག་ལེན་ཁྲོད་གནས་ཚུལ་གསར་པ་དང་གནད་དོན་གསར་པ་ཐོན་པ་ནི་རྒྱུན་སྲོལ་དང་མཐུན་པ་ཞིག་རེད། མིག་སྔར་ཤང་ཀང་གི་སྤྱི་ཚོགས་དང་། ཆབ་སྲིད། དཔལ་འབྱོར་བཅས་འཕེལ་རྒྱས་བརྟན་པོ་བྱུང་བ་དང་ཀྲུང་དབྱང་སྲིད་གཞུང་དང་རྒྱ་ཆེའི་ཤང་ཀང་གི་གྲོང་མི་ཚང་མས་སྔར་བས་དཔལ་འབྱོར་འཕེལ་རྒྱས་དང་དམངས་འཚོ་ལེགས་སུ་གཏོང་རྒྱུའི་རེ་བ་བྱེད་ཀྱི་ཡོད་ལ་སྤྱི་ཚོགས་ཞི་མཐུན་དང་གྲོང་མི་བདེ་སྡོད་ལས་བརྩོན་ཐུབ་རྒྱུའི་རེ་བའང་བྱེད་ཀྱི་ཡོད། “ཤང་ཀང་རང་བཙན”གྱི་བྱེད་སྤྱོད་སྤེལ་བར་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གིས་ཁྲིམས་ལྟར་བཀག་འགོག་བྱ་རྒྱུར་ཀྲུང་དབྱང་སྲིད་གཞུང་གིས་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།
           ཞིས་ཅིན་ཕིང་གིས“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ལག་ལེན་བསྟར་བ་དེ་རྒྱལ་ཁབ་ཀྱི་ཁེ་ཕན་དང་ཤང་ཀང་བའི་བདེ་སྐྱིད་དང་མཐུན་པ་མ་ཟད། སྤུན་ཟླ་ཤང་ཀང་བ་ཚུད་པའི་རྒྱལ་ཡོངས་མི་དམངས་ཀྱི་ཐུན་མོང་བསམ་འདུན་དང་ཡང་མཐུན་པས་ཀྲུང་དབྱང་སྲིད་གཞུང་དང་། དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་། ཤང་ཀང་སྤྱི་ཚོགས་བཅས་ཀྱིས་ཡིད་ཆེས་བརྟན་གཏོང་དང་། མཐའ་ཚད་བརྟན་སྲུང་། སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པའི་ཐོག་ནས“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཤང་ཀང་དུ་ལག་ལེན་བསྟར་བ་དེ་གཞི་རྩའི་བཅའ་ཁྲིམས་ཀྱི་སྲོལ་ལམ་ཐོག་མདུན་ཕྱོགས་སུ་སྐུལ་མ་གཏོང་རྒྱུའི་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད།
            ཞིས་ཅིན་ཕིང་གིས་ལེའང་ཀྲེན་དབྱིང་ཁྱིམ་ཚང་གི་གནས་ཚུལ་གྱིས་རྐྱེན་པས་སྐབས་རྗེས་མའི་སྲིད་འཛིན་དཔོན་གྱི་གོ་གནས་འཁུར་རྒྱུའི་འདེམས་བསྐོའི་ནང་མི་ཞུགས་རྒྱུར་ཀྲུང་དབྱང་གིས་བརྩི་འཇོག་དང་བསམ་ཤེས་བྱ་རྒྱུ་ཡིན། ལོ་བཞི་ལྷག་ཙམ་རིང་སྲིད་འཛིན་དཔོན་ལེའང་ཀྲེན་དབྱིང་དང་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གིས“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་བྱེད་ཕྱོགས་དང་གཞི་རྩའི་བཅའ་ཁྲིམས་ཕྱོགས་ཡོངས་ནས་ལག་ལེན་འཕྱུགས་མེད་བསྟར་བ་དང་། “བརྟན་ཐོག་འགྱུར་བརྩོན་དང་བྱས་རྗེས་ཚད་རན་པོའི་ངང་འཇོག་པའི”སྲིད་སྐྱོང་འདུ་ཤེས་ལག་ལེན་བསྟར་བ། མིག་སྔར་གཞི་ཚུགས་པ་དང་ཕུགས་ཀྱི་འཆར་གཞི་བཀོད་ནས་རྨང་གཞི་འདིང་བ་དང་ཕུགས་ལ་ཕན་པའི་ཐད་བྱ་བ་དངོས་མང་པོ་བསྒྲུབས་ཏེ“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་བྱ་གཞག་དང་ཤང་ཀང་གི་དར་རྒྱས་བརྟན་ལྷིང་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་ཅེས་གསུངས་པ་རེད།
           ཞིས་ཅིན་ཕིང་གིས་སྲིད་འཛིན་དཔོན་ལ་ཁོང་མི་སྒེར་དང་ཀྲུང་དབྱང་སྲིད་གཞུང་གིས་རྒྱ་ཆེའི་ཤང་ཀང་གི་གྲོང་མིར་ལོ་གསར་པའི་སྨོན་འདུན་ཞུ་ལུགས་བརྒྱུད་བསྒྲགས་གནང་རོགས་ཞེས་གསུངས་པ་རེད།
          ཀྲང་ཏེ་ཅང་དང་། སུན་ཁྲུན་ལན། ལི་ཡོན་ཁྲའོ། ལི་ཀྲན་ཧྲུའུ། དབྱང་ཅེ་ཁྲེ་སོགས་མཇལ་འཕྲད་ལ་ཕེབས་ཡོད་པ་རེད།

  
2016-12-01 2016-11-30