མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ནུབ་རྒྱུད་ཐོན་འབྱེད་ཆེ་མོའི"ལོ་ལྔ་ཚན་བཅུ་གསུམ་པའི"འཆར་འགོད་ལ་གྲོས་ཞིབ་
བྱས་ནས་གྲོས་འཆམ་བྱུང་བ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་27ཉིན། 09:14】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

༄༅།།ནུབ་རྒྱུད་ཐོན་འབྱེད་ཆེ་མོའི'ལོ་ལྔ་ཚན་བཅུ་གསུམ་པའི'འཆར་འགོད་ལ་གྲོས་ཞིབ་
བྱས་ནས་གྲོས་འཆམ་བྱུང་བ།

         ཟླ་12ཚེས་23ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་པེ་ཅིང་དུ་ཚོགས་འདུ་གཙོ་སྐྱོང་གནང་ནས་《ནུབ་རྒྱུད་ཐོན་འབྱེད་ཆེ་མོའི“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་འབྲེལ་ནུབ་རྒྱུད་ཐོན་འབྱེད་ཆེ་མོའི་ལས་དོན་ལ་སྔར་བས་སྐུལ་མ་གཏོང་བའི་བཀོད་སྒྲིག་བྱས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལི་ཚོགས་འདུར་ཕེབས་ཡོད།
         མི་དམངས་དྲ་བའི་འཕྲིན།  ཟླ་12ཚེས་23ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཚོགས་འདུ་གཙོ་སྐྱོང་གནང་ནས་《ནུབ་རྒྱུད་ཐོན་འབྱེད་ཆེ་མོའི“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། ནུབ་རྒྱུད་ཐོན་འབྱེད་ཆེ་མོའི་ལས་དོན་ལ་སྔར་བས་སྐུལ་འདེད་གཏོང་རྒྱུའི་བཀོད་སྒྲིག་གནང་བ་རེད།
         ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལི་ཚོགས་འདུར་ཕེབས་ཡོད་པ་རེད།
         ལི་ཁེ་ཆང་གིས་ནུབ་རྒྱུད་ས་ཁུལ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་གཙོ་གནད་དང་དཀའ་གནད་ཅིག་ཡིན་ལ་རང་རྒྱལ་གྱི་འཕེལ་རྒྱས་ཐད་བསམ་བློ་གཏོང་གཞི་ཡོད་ས་གལ་ཆེན་ཞིག་ཀྱང་རེད། ནུབ་རྒྱུད་འཕེལ་རྒྱས་གཏོང་རྒྱུ་ནི་རྒྱལ་ཡོངས་ཀྱི་ཆ་སྙོམས་འཕེལ་རྒྱས་ཆུ་ཚད་མཐོ་རུ་གཏོང་བའི་གཏིང་ཤུགས་ཧ་ཅང་ཆེན་པོ་གནས་ས་ཞིག་རེད། ལོ་བཅོ་ལྔའི་རིང་ནུབ་རྒྱུད་ཐོན་འབྱེད་ཆེ་མོར་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་ཡོད། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་ནུབ་རྒྱུད་ས་ཁུལ་འདི་ཉིད་དཀའ་གནད་སྣ་ཚོགས་སེལ་བ་དང་ཕྱོགས་སྒྱུར་རིམ་སྤོར་བྱེད་པའི་འགག་རྩའི་དུས་མཚམས་སུ་སླེབས་ཡོད། བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་དོན་འཁྱོལ་བྱས་ནས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་གཙོ་རྐང་དུ་བྱས་ཏེ་སྤྱིའི་དགོས་མཁོ་ཆེ་རུ་འོས་འཚམ་གཏོང་བ་དང་། ནུབ་རྒྱུད་ཐོན་འབྱེད་ཆེ་མོའི་འཐབ་ཇུས་མུ་མཐུད་ལག་ལེན་ཡག་པོ་བསྟར་བ། “རྒྱུད་གཅིག་ལམ་གཅིག”གི་འཛུགས་སྐྲུན་དང་འབྲི་ཆུའི་དཔལ་འབྱོར་རྒྱུད་འཕེལ་རྒྱས་སོགས་ཀྱི་འཐབ་ཇུས་གལ་ཆེན་སྤྱི་འདོམས་སྦྲེལ་མཐུད་ཐུབ་རྒྱུར་ཤུགས་སྣོན་རྒྱག་པ། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་ཡར་སྐུལ་དང་སྒོ་དབྱེར་སྣེ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། རྨང་གཞིའི་འདེགས་སྐྱོར་བརྟན་དུ་ཤུགས་ཆེན་གཏོང་བ་བཅས་བྱས་ནས་ནུབ་རྒྱུད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།
         ལི་ཁེ་ཆང་གིས་ནུབ་རྒྱུད་ཐོན་འབྱེད་ཐད་ཀྲུང་དབྱང་དང་དབུས་ཤར་ས་ཁུལ་གྱིས་རྒྱབ་སྐྱོར་བྱ་ཤུགས་ཆེ་རུ་གཏོང་བ་དང་དུས་མཚུངས་གཞི་རྩའི་ཆ་ནས་སྒྱུར་བཅོས་གསར་གཏོད་ལ་བརྟེན་ནས་ནང་གནས་ཀྱི་སྒུལ་ཤུགས་གསར་གཏོད་དང་ཆེ་རུ་གཏོང་དགོས། ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་དང་། དམ་ལྷོད་ཟུང་འབྲེལ། ཞབས་ཞུ་ལེགས་གཏོང་སོགས་ཀྱི་གཙོ་གནད་ཁྱབ་ཁོངས་སྒྱུར་བཅོས་མུ་མཐུད་གཏིང་ཟབ་ཏུ་བཏང་ནས་ཁྲལ་རིན་གཉིས་གཅོག་གི་སྲིད་ཇུས་བྱ་ཐབས་ཁག་མུ་མཐུད་དོན་འཁྱོལ་བྱེད་པ་དང་། ལམ་ལུགས་རང་བཞིན་གྱི་ཉོ་ཚོང་གི་མ་གནས་དམའ་རུ་གཏོང་བ། ཚོང་གཉེར་ཁོར་ཡུག་ལེགས་པ་དང་། གཞི་ཁྱོན་དང་མ་གནས་ཆུང་བ། ཁྲོམ་རའི་གཏིང་ཤུགས་ཆེ་བ་བཅས་ཀྱི་ལེགས་ཆ་ཉིས་བརྩེགས་ཆགས་རྒྱུར་སྐུལ་འདེད་གཏོང་བ། སྤྱི་ཚོགས་ཡོངས་ཀྱི་ལས་གཏོད་གསར་གཏོད་ཀྱི་སྤྲོ་སེམས་འཕེལ་བ་བྱེད་པ། མ་རྩ་སྣ་ཚོགས་དང་ལྷག་དོན་དུ་དམངས་ཁྲོད་ཀྱི་མ་རྩ་ནུབ་རྒྱུད་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་རྒྱུར་ཡིད་འགུགས་ཐབས་བྱེད་པ་བཅས་བྱེད་དགོས། ནང་ཁུལ་དང་ཕྱི་ཕྱོགས་སུ་སྒོ་དབྱེའི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བ་དང་རང་མོས་ཉོ་ཚོང་ཚོད་ལྟའི་ཁུལ་གྱི་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་ནུབ་རྒྱུད་འདི་ཉིད“རྗེས་སྙེགས”སྒོ་དབྱེ་ནས་སྒོ་དབྱེའི་མདུན་གྲལ་དུ་འགྱུར་བ་བྱེད་དགོས་པའི་མཛུབ་སྟོན་གནང་བ་རེད།
        ལི་ཁེ་ཆང་གིས་ནུབ་རྒྱུད་ཐོན་འབྱེད་ལ་རྒྱུན་མཐུད་འཕེལ་རྒྱས་ཀྱི་འདེགས་སྐྱོར་བྱེད་ནུས་ཆེ་རུ་གཏོང་བར་ངེས་པར་དུ་རྨང་གཞིའི་སྒྲིག་བཀོད་དང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་འགག་རྩ་ཆེན་པོ་གཉིས་ལ་དམ་འཛིན་ནན་པོ་བྱེད་དགོས། འགྲོ་ལམ་དང་ཆུའི་ཐོན་ཁུངས་སོགས་ཀྱི་འཇུར་མིག་ཚོད་འཛིན་གྱི་གནད་དོན་ནུས་ལྡན་བསལ་ནས་འཆར་འགོད་གཏན་འཁེལ་ཟིན་པའི“འཕྲེད་ལྔ་གཞུང་བཞི་དང་ས་མཚམས་སྒྲོལ་བ་བཞིའི”ཕྱོགས་བསྡུས་སྐྱེལ་འདྲེན་གྱི་བགྲོད་ལམ་ཆེན་པོ་འཛུགས་སྐྲུན་བྱེད་པ་དང“འབྲེལ་མཐུད་མི་ཐུབ་པའི་ལམ་བུ”གང་མགྱོགས་འབྲེལ་མཐུད་ཐུབ་པ་བྱས་ནས་གྲོང་གསེབ་ཀྱི་གཞུང་ལམ་ཆུ་ཚད་མཐོ་རུ་གཏོང་དགོས། ཆུ་འདྲེན་གཏོང་དང་ཞིང་ཆུ་འདྲེན་ཁུལ་ཆེ་གྲས་དང“ཆུང་བ་ལྔའི་ཆུ་བེད”སོགས་ཀྱི་ལས་གྲྭ་གལ་ཆེན་འཛུགས་སྐྲུན་བྱས་ནས་གྲོང་གསེབ་ཀྱི་འཐུང་ཆུའི་བདེ་འཇགས་བརྟན་གཏོང་ལས་གྲྭ་ལག་ལེན་བསྟར་དགོས་པ་དང་། ལྷག་དོན་དུ་རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་བརྟན་དུ་གཏོང་བའི་ཁྱོན་ཡོངས་ལ་དམིགས་ནས་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། རང་བྱུང་སྣོད་བཅུད་མ་ལག་དང་ཁོར་ཡུག་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། རྨོ་བསྐྱུར་ནགས་གསོ་དང་རྩྭ་གསོ་དང་། ཆུ་བཀག་རྩྭ་གསོ། ས་ཆུ་སྲུང་འཛིན་བཅོས་སྒྲིག་སོགས་ཀྱི་སྣོད་བཅུད་ལས་གྲྭ་གལ་ཆེན་མུ་མཐུད་ལག་ལེན་བསྟར་ནས་ནགས་ཚལ་དང་། རྩྭ་ཐང་། འདམ་ར། གཙང་ཆུའི་ཆུ་འགོ་སོགས་སྲུང་སྐྱོང་ཡག་པོ་བྱས་ཏེ་སྣོད་བཅུད་ཁ་གསབ་ཀྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་སྣོད་བཅུད་ཀྱི་དམར་ཐིག་མཐའ་གཅིག་ཏུ་སྲུང་དགོས་ཞེས་གསུངས་པ་རེད།
        ལི་ཁེ་ཆང་གིས་ནུབ་རྒྱུད་ཐོན་འབྱེད་བྱེད་སྐབས། གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པ་དང་བཟོ་ལས་ཅན་དང་། ཆ་འཕྲིན་ཅན། དེང་རབས་ཞིང་ལས་ཅན་བཅས་གསར་པ་མཐུན་སྦྱོར་འཕེལ་རྒྱས་ལ་སྤྱི་འདོམས་སྐུལ་འདེད་གཏོང་བར་མཐོང་ཆེན་བྱེད་དགོས། གཙོ་གནད་གྲོང་ཁྱེར་ཚོགས་སྤྱི་སྐྱེད་སྲིང་བྱེད་པ་དང་། ཁྱབ་འགྱེད་སྐུལ་ཁྲིད་ཀྱི་ནུས་པ་ཆེ་རུ་གཏོང་བ། གྲོང་ཁྱེར་འབྲིང་ཆུང་དང་གྲོང་རྡལ་ཆུང་གྲས་ཀྱི་འཚོ་སྡོད་ཆུ་ཚད་མཐོ་རུ་དང་ཕྱོགས་བསྡུས་ཐེག་ནུས་ཆེ་རུ་གཏོང་བ་བཅས་བྱས་ནས་སློབ་གྲྭ་ཆེན་མོ་བ་སོགས་རིམ་པ་མཐོ་བའི་ཤེས་ལྡན་མི་སྣ་ནུབ་རྒྱུད་དུ་འཇོན་ཐང་ངོམ་པར་ཡོང་བར་ཡིད་དབང་འགུག་ཐབས་བྱེད་དགོས། འབྲེལ་ཡོད་སྲིད་ཇུས་འཐུས་སྒོ་ཚང་དུ་བཏང་ནས་ཁོར་ཡུག་ལ་སྦགས་བཙོག་མི་བཟོ་བ་དང་ལས་ཞུགས་ཐུབ་མང་བའི་དབུས་ཤར་རྒྱུད་ཀྱི་ཐོན་ལས་ནུབ་རྒྱུད་དུ་རིམ་གྱིས་གཞན་སྒྱུར་ཐུབ་རྒྱུར་ཁྲིད་སྟོན་བྱས་ཏེ་ཤར་རྒྱུད་ས་ཁུལ་གྱི་བཟོ་སྐྲུན་ལས་རིགས་ནུབ་རྒྱུད་མཐའ་མཚམས་རྒྱུད་ས་ཁུལ་དུ་མ་འཇོག་དང་བཟོ་གྲྭ་འཛུགས་གཉེར་བྱེད་པར་ཡོང་བར་སྐུལ་ལྕག་བྱེད་དགོས་པའི་མཛུབ་སྟོན་གནང་བ་རེད།
         ལི་ཁེ་ཆང་གིས་ནུབ་རྒྱུད་ཐོན་འབྱེད་ཐད་དམངས་འཚོ་ལེགས་གཏོང་ལ་མུ་མཐུད་སྐུལ་འདེད་གཏོང་རྒྱུ་མངོན་གསལ་དོད་པོ་ཡོང་བ་བྱེད་དགོས། གནད་སྨིན་དབུལ་སྐྱོར་དང་ས་ཁུལ་དབུལ་པོ་གསར་སྤེལ་བྱེད་རྒྱུ་ཟུང་འབྲེལ་བྱས་ནས་ཐོན་ལས་ལ་འདེགས་སྐྱོར་དང་། ལས་ཞུགས་གཞན་སྒྱུར། ཡུལ་གཞན་དུ་གནས་སྤོ། སྤྱི་ཚོགས་འགན་བཅོལ་མཐའ་སྐྱོང་སོགས་ཀྱི་བྱ་ཐབས་མུ་མཐུད་སྤྱད་དེ་དབུལ་སྒྲོལ་འགག་སྒྲོལ་གྱི་ཕན་འབྲས་ཆེ་རུ་གཏོང་དགོས། སློབ་གསོ་དང་སྨན་བཅོས་སོགས་ཀྱི་ཐོན་ཁུངས་ནུབ་རྒྱུད་ས་ཁུལ་དང་མི་རིགས་ས་ཁུལ་དུ་ཕྱོགས་རྒྱུར་རྒྱབ་སྐྱོར་བྱས་ནས་གཙོ་གནད་མཐོ་སློབ་ཏུ་ནུབ་རྒྱུད་ནས་སློབ་མ་བསྡུ་བའི་བསྡུར་གྲངས་མུ་མཐུད་མཐོ་རུ་གཏོང་བ་དང་གཞི་རྩའི་སྤྱི་པའི་ཞབས་ཞུའི་མཁོ་སྤྲོད་མང་དུ་གཏོང་དགོས་ཞེས་གསུངས་པ་རེད།
         ལི་ཁེ་ཆང་གིས་ས་ཁུལ་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་ཁ་གཏད་རོགས་སྐྱོར་དང་། ནོར་སྲིད་ཁྲལ་བསྡུ། རྣམ་གྲངས་བཀོད་སྒྲིག མ་དངུལ་བསྡུ་སྒྲིལ་གྱི་ཞབས་ཞུ་སོགས་ཀྱི་ཐད་ནས་ནུབ་རྒྱུད་ཐོན་འབྱེད་ཆེ་མོར་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ་ནུབ་རྒྱུད་འཕེལ་རྒྱས་འགྲོ་རྒྱུར་འདེགས་སྐྱོར་བྱེད་དགོས། ནུབ་རྒྱུད་ས་ཁུལ་ཁག་གིས་དགོས་གཏུགས་ཀྱི་བསམ་པ་ཆེ་རུ་གཏོང་བ་དང་། རང་གིས་རང་ལ་གནོན་ཤུགས་སྤྲོད་པ། འབད་འབུངས་ཡར་བརྩོན་བྱེད་པ་བཅས་བྱས་ནས་ནུབ་རྒྱུད་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཧུར་ཐག་གཏོད་དགོས་པའི་ནན་བཤད་གནང་བ་རེད།