མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་ཨུ་རུ་སུའི་དམག་མིའི་གནམ་གྲུ་ལྷུང་བའི་དོན་རྐྱེན་ཐད་ཕུའུ་ཅིང་ལ་སེམས་
གསོ་འཚམས་འདྲིའི་གློག་འཕྲིན་བཏང་གནང་བ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་28ཉིན། 15:03】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

            མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་26ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ཨུ་རུ་སུའི་དམག་མིའི་གནམ་གྲུ་ལྷུང་བའི་དོན་རྐྱེན་ཐད་ཙུང་ཐུང་ཕུའུ་ཅིང་ལ་སེམས་གསོ་འཚམས་འདྲིའི་གློག་འཕྲིན་བཏང་གནང་བ་རེད།
          ཞིས་ཅིན་ཕིང་གིས་ཟླ་12ཚེས་25ཉིན་སྐུ་ཉིད་རྒྱལ་ཁབ་ཀྱི་དམག་མིའི་གནམ་གྲུ་གཅིག་སོ་ཆི་ཉེ་འགྲམ་གྱི་མཚོ་ཁོངས་སུ་ལྷུངས་ནས་འགྲུལ་པ་དང་གནམ་གྲུའི་ཐོག་གི་ལས་ཀ་བྱེད་མཁན་སྟབས་མི་ལེགས་པར་རྐྱེན་ལམ་དུ་ཤོར་བའི་གནས་ཚུལ་ཤེས་རྟོགས་བྱུང་། ངས་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་ཚབ་ཞུས་ཏེ་བཀྲ་མི་ཤིས་པའི་དོན་རྐྱེན་དེར་གདུང་སེམས་མཉམ་སྐྱེ་བྱ་རྒྱུ་དང་། རྐྱེན་ལམ་དུ་ཤོར་བའི་མི་སྣ་ཚོར་སེམས་སྡུག་ཆེན་པོས་མྱ་ངན་ཞུ་རྒྱུ། རྐྱེན་ལམ་དུ་ཤོར་བའི་མི་སྣའི་ནང་མིར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།