མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་
ལག་བསྟར་དོན་འཁྱོལ་བྱས་ཚུལ་ཞིབ་བསྡུར་དང་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་དང་ཏང་
ནང་ཁུལ་གྱི་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་པའི་བྱ་ཐབས་ཞིབ་འཇུག་གནང་བ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་29ཉིན། 10:38】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

༄༅།།ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་
ལག་བསྟར་དོན་འཁྱོལ་བྱས་ཚུལ་ཞིབ་བསྡུར་དང་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་དང་ཏང་
ནང་ཁུལ་གྱི་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་པའི་བྱ་ཐབས་ཞིབ་འཇུག་གནང་བ།

         མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་26དང་27ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་དམངས་གཙོའི་འཚོ་བའི་ཚོགས་འདུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་གནང་བ།
         ཟླ་12ཚེས་26དང་27ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་དམངས་གཙོའི་འཚོ་བའི་ཚོགས་འདུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་གནང་བ།
         ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་12ཚེས་27ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཟླ་12ཚེས་26ཉིན་དང་27ཉིན་དམངས་གཙོའི་འཚོ་བའི་ཚོགས་འདུ་འཚོགས་ཏེ་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་གཏིང་ཟབ་དང་ཁོང་དུ་ཆུད་པ་བྱ་རྒྱུ་བརྗོད་དོན་གཙོ་བོར་བྱེད་པ་དང་། “སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོའི་བླང་བྱར་དམིགས་པ། 《དུས་བབ་གསར་པའི་འོག་གི་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་ཚད་གཞི་འགའ་ཞིག་》དང་《ཀྲུང་གོ་གུང་ཁྲན་ཏང་ཏང་ནང་ཁུལ་གྱི་ལྟ་སྐུལ་སྲོལ་ཡིག་》ལ་གཙོ་གནད་ཐོག་ཞིབ་བསྡུར་བཅས་བྱས་ཏེ་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ལས་དོན་དང་འབྲེལ་བ་བྱེད་པ་དང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཏང་ཀྲུང་དབྱང་གིས་སྤྱོད་ཚུལ་འཛུགས་སྐྱོང་ལ་དམ་འཛིན་བྱས་པའི་དོན་དངོས་དང་འབྲེལ་བ་བྱེད་པ། རང་ངོས་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ལག་ལེན་བསྟར་བའི་དོན་དངོས་དང་འབྲེལ་བ་བཅས་བྱས་ནས་རང་ངོས་ཞིབ་བཤེར་དང་ཏང་གཤིས་དབྱེ་ཞིབ་བྱེད་པ་དང་། སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་བྱེད་པ། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་དང་ཏང་ནང་ཁུལ་གྱི་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་པའི་བྱ་ཐབས་ཞིབ་འཇུག་བཅས་བྱས་པ་རེད།
        ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ་རེད།
    ཚོགས་འདུ་མ་འཚོག་གོང་། འབྲེལ་ཡོད་ཕྱོགས་ཀྱིས་གྲ་སྒྲིག་བྱས་ཏེ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་དང་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་བྱ་ཐབས་དོན་འཁྱོལ་བྱས་ཚུལ་གསེད་བཀྲོལ་བྱས་པ་དང་། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ཐད་ཁྱབ་ཁོངས་ངེས་ཅན་ཞིག་ནང་བསམ་འཆར་བསྡུ་ལེན་བྱས་པ། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ཚོས་འབྲེལ་ཡོད་འགན་འཁུར་བློ་མཐུན་དང་སྙིང་གཏམ་ཤོད་རེས་དང་གླེང་མོལ་བྱེད་རེས་བྱས་ནས་གཙོ་བོ་ཏང་ཀྲུང་དབྱང་གི་དབང་གྲགས་དང་ཏང་གི་མཐུན་སྒྲིལ་སྲུང་སྐྱོང་དང་། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་སྤེལ་བ། རང་རྟོགས་ངང་ལྟ་སྐུལ་དང་ལེན་བྱས་པ། སྤྱོད་གཙང་རང་གཅུན་སོགས་ལ་དམིགས་ནས་གནད་དོན་བཙལ་འཚོལ་བྱས་པ་དང་འབྲེལ་གཏམ་བཤད་ཡི་གེ་ཡང་བྲིས་པ་རེད།
        ཚོགས་འདུའི་ཐོག་《ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་དང་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་བྱ་ཐབས་དོན་འཁྱོལ་བྱས་ཚུལ་སྐོར་གྱི་སྙན་ཞུར་》ཐོག་མར་གྲོས་ཞིབ་བྱས་ཤིང་། དེ་རྗེས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་རེ་རེས་གཏམ་བཤད་སྤེལ་ནས་བླང་བྱ་གཞིར་བཟུང་ཞིབ་བསྡུར་སྐྱོན་བཤེར་བྱས་པ་རེད། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ཚོའི་གཏམ་བཤད་ཀྱིས་ངོས་འཛིན་གཏིང་ཟབ་བྱུང་བ་དང་། མྱོང་ཚོར་ཟབ་མོ་བྱུང་བ། ནན་ཏན་ངང་གནད་དོན་བཙལ་འཚོལ་བྱས་པ། བསམ་འཆར་དྲང་པོ་བཏོན་པ། སྤེལ་རེས་གང་ལེགས་བྱས་པ་བཅས་བྱུང་བས། བསམ་བློ་གཅིག་གྱུར་དང་། ཁ་ཕྱོགས་གསལ་སྟོན། སྟོབས་ཤུགས་གཅིག་སྒྲིལ་བཅས་སྔར་བས་ལྷག་པ་བྱུང་བ་རེད།
        ཚོགས་འདུའི་ཐོག་ངོས་འཛིན་བྱས་དོན། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པས་བློ་མཐུན་ཞིས་ཅིན་ཕིང་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་དུ་དངོས་སུ་གཏན་འཁེལ་བྱས་པ་ནི་ཏང་དང་མི་དམངས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་འབྲེལ་བའི་དོན་ཆེན་དང་། ཏང་ཀྲུང་དབྱང་གི་དབང་གྲགས་དང་། ཏང་ཡོངས་མཐུན་སྒྲིལ་དང་གཅིག་སྡུད་གཅིག་གྱུར་དང་འབྲེལ་བའི་དོན་ཆེན། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ཡུན་རིང་འཕེལ་རྒྱས་དང་འབྲེལ་བའི་དོན་ཆེན་བཅས་ཡིན། བློ་མཐུན་ཞིས་ཅིན་ཕིང་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་དུ་གྱུར་པ་ནི་རླབས་ཆེན་འཐབ་རྩོད་ཀྱི་ལག་ལེན་གསར་པའི་ཁྲོད་གྲུབ་པ་ཞིག་ཡིན་པས་ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ཀྱི་སྙིང་དབུས་ནས་བརྩི་བཀུར་ཐོབ་ཡོད། ཏང་ཀྲུང་དབྱང་གི་དབང་གྲགས་སྲུང་སྐྱོང་དང་ཏང་ཡོངས་ཀྱིས་བཀའ་སྲུང་ཅི་སྒྲུབ་ཐུབ་པའི་འགན་ལེན་མཐའ་གཅིག་ཏུ་བྱ་རྒྱུ་དེ་ནི་ཏང་དང་རྒྱལ་ཁབ་ཀྱི་མདུན་ལམ་དང་ལས་དབང་དང་དམ་པོར་འབྲེལ་བ་དང་། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་དམ་པོར་འབྲེལ་བ། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བར་ཤུགས་སྣོན་རྒྱག་པ་དང་དེ་ཚད་ལྡན་དུ་གཏོང་བའི་དམིགས་ཡུལ་གལ་ཆེན་བཅས་ཡིན། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ཚོས་ངེས་པར་དུ་རང་འགུལ་ངང་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐད་བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་རྒྱུན་འཁྱོངས་བྱེད་དགོས། ཏང་གི་རིམ་ཁག་རྩ་འཛུགས་དང་ཏང་ཡོན་ཡོངས། ལྷག་པར་དུ་མཐོ་རིམ་ལས་བྱེད་པ་བཅས་ཚང་མས་ཏང་ཀྲུང་དབྱང་ལ་མིག་ལྟོས་བྱེད་པ་དང་། ཏང་གི་རིགས་པའི་གཞུང་ལུགས་དང་ཏང་གི་ལམ་ཕྱོགས་དང་མཛད་ཕྱོགས་སྲིད་ཇུས་ལ་མིག་ལྟོས་བྱེད་པ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལ་མིག་ལྟོས་བཅས་བྱས་ཏེ་བློ་བརྟན་འགྱུར་མེད་ངང་ཏང་ཀྲུང་དབྱང་གི་དབང་གྲགས་སྲུང་སྐྱོང་གིས་ཏང་ཀྲུང་དབྱང་གི་སྲོག་ཤིང་སྲུང་སྐྱོང་དང་ཏང་ཡོངས་ཀྱི་སྲོག་ཤིང་དེ་བྱ་སྤྱོད་ཐོག་དོན་འཁྱོལ་བྱེད་པ་དང་སྒྱུར་འཕེལ་བརྟན་གསུམ་ལ་སྐུལ་འདེད་གཏོང་བའི་ལས་དོན་ཁག་ནང་དོན་འཁྱོལ་བྱེད་དགོས།
        ཚོགས་འདུའི་ཐོག་ངོས་འཛིན་བྱས་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དོན་འཁྱོལ་དང་། སྤྱོད་ཚུལ་ལེགས་གཏོང་གཏིང་ཟབ་བྱེད་པ། “ནན་གསུམ་དྲང་གསུམ”གྱི་ཆེད་དོན་སློབ་གསོ་སྤེལ་བ་བཅས་དང་ཟུང་འབྲེལ་བྱས་ཏེ་ཁག་སོ་སོར་དམངས་གཙོའི་འཚོ་བའི་ཚོགས་འདུ་འཚོགས་ནས་ཚང་མར་ཕན་འབྲས་བཟང་པོ་ཐོན་ཡོད། 《དུས་བབ་གསར་པའི་འོག་གི་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་ཚད་གཞི་འགའ་ཞིག་》གི་གཏན་འབེབས་གཞིར་བཟུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ལོ་ལྟར་དམངས་གཙོའི་འཚོ་བའི་ཚོགས་འདུ་འཚོག་དགོས།
        ཚོགས་འདུའི་ཐོག་ངོས་འཛིན་བྱས་དོན། ཏང་ཡོངས་སུ“ཏང་གི་སྒྲིག་ཡིག་སྒྲིག་སྲོལ་སློབ་སྦྱོང་དང་། གསུང་བཤད་རབ་དང་རིམ་པ་སློབ་སྦྱོང་། ཚད་ལོན་ཏང་ཡོན་བྱེད་པ”བཅས་ཀྱི་སློབ་སྦྱོང་སློབ་གསོ་སྤེལ་དོན་ནི་ཏང་ཀྲུང་དབྱང་གིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་དགོས་པའི་དུས་བབ་ལ་དམིགས་ནས་བཏོན་གནང་བའི་ཐབས་ཇུས་གལ་ཆེན་ཞིག་ཡིན། ཏང་ཀྲུང་དབྱང་གི་འགོ་ཁྲིད་འོག་རིམ་ཁག་ཏང་རྩ་འཛུགས་ཀྱིས་ཐུན་མོང་འབད་བརྩོན་བྱས་པ་བརྒྱུད་སློབ་སྦྱོང་སློབ་གསོར་དགེ་མཚན་ལྡན་པའི་ཕན་འབྲས་ཐོན་ཡོད། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་དོ་དམ་བྱེད་ཕོད་པ་དང་ནན་པོ་བྱེད་ཕོད་པ་དང་། དངོས་འབྲེལ་དོ་དམ་བྱེད་པ་དང་དངོས་འབྲེལ་ནན་པོ་བྱེད་པ། ཡུན་རིང་དོ་དམ་བྱེད་པ་དང་ཡུན་རིང་ནན་པོ་བཅས་བྱེད་དགོས།
         ཚོགས་འདུའི་ཐོག་ངོས་འཛིན་བྱས་དོན། ལོ་གཅིག་རིང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ལག་བསྟར་དོན་འཁྱོལ་ཡག་པོ་བྱས་ཡོད། ཚད་གཞི་དམའ་རུ་མི་གཏོང་བ་དང་། དམ་འཛིན་དང་དོན་འཁྱོལ་བྱ་རྒྱུ་ལྷོད་གཡེང་མི་གཏོང་བ། སྤྱོད་ཚུལ་བཟང་པོ་དང་སྒྲིག་ལམ་ནན་པོ་ལག་བསྟར་བྱ་རྒྱུ་ལྷོད་གཡེང་མི་གཏོང་བ་བཅས་མཐའ་འཁྱོངས་བྱས་པས་སྤྱོད་ཚུལ་འཛུགས་སྐྱོང་གི་ཕན་འབྲས་སྔར་བས་མངོན་གསལ་དོད་པ་དང་། ཏང་ནང་ཁུལ་གྱི་ཆབ་སྲིད་ཁོར་ཡུག་སྔར་བས་དྭངས་གཙང་། ཏང་དང་མང་ཚོགས་དང་ལས་བྱེད་པ་དང་མང་ཚོགས་དབར་གྱི་འབྲེལ་བ་སྔར་བས་དམ་ཟབ་བཅས་བྱུང་ཡོད། བརྟག་དཔྱད་ཞིབ་འཇུག་ལེགས་སུ་གཏོང་བ་དང་། ཚོགས་འདུ་དང་བྱེད་སྒོ་ཁུ་བསྡུ་བྱེད་པ། ཡིག་ཆ་དང་གནས་ཚུལ་གནད་ཞུ་ཉུང་འཕྲི་བྱེད་པ། ཕྱིར་འཚམས་འདྲིར་བསྐྱོད་པའི་བྱེད་སྒོ་དང་སྐུ་སྲུང་ལས་དོན་ཚད་ལྡན་དུ་གཏོང་བ། གསར་འགྱུར་སྤེལ་སྟངས་ལེགས་སུ་གཏོང་བ་སོགས་ཐད་འབད་བརྩོན་ཆེན་པོ་བྱས་ཡོད། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ཚོས་རང་དཔེ་གཞན་སྟོན་བྱས་པ་མ་ཟད། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དེ་ལས་འགན་ཁག་བགོས་ཁྱབ་ཁོངས་དང་། ལས་འགན་ཁག་བགོས་སྡེ་ཚན། ལས་འགན་ཁག་བགོས་ས་གནས་བཅས་ལ་ལག་བསྟར་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་རྒྱུར་སྣང་ཆེན་བྱས་ཡོད། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་ཐ་སྙད་དེ་མི་སེམས་ལ་བརྟན་པོ་ཟུག་པ་མ་ཟད། སྒྲིག་ལམ་དང་ཚད་གཞིའང་གཏན་འཁེལ་བྱུང་ཡོད།
        ཚོགས་འདུའི་ཐོག་བསྟན་དོན། མིག་སྔར་ཏང་སྲོལ་འཛུགས་སྐྱོང་ཐད་ད་དུང་གནད་དོན་ཁག་གཅིག་ལྷག་ཡོད་པ་སྟེ། བསམ་བློའི་རྨང་གཞི་བརྟན་པོ་མེད་པ་དང་། “འགན་འཁྲི་གཉིས”དོན་འཁྱོལ་ཡག་པོ་མ་བྱུང་བ། “སྤྱོད་ཚུལ་བཞིའི”གནད་དོན་ལ་སྣང་ཚུལ་གསར་པ་ཁག་གཅིག་ཐོན་པ། ཏང་ཡོན་ལས་བྱེད་པ་ཁག་གཅིག་གི་འགན་འཁྲི་ཁུར་སེམས་མི་འདང་བ་དང་། འཇོན་ཐང་མི་འདང་བ། ལམ་ལུགས་ལག་བསྟར་བྱེད་ནུས་ཆེ་རུ་གཏོང་དགོས་པ་སོགས་ཀྱི་གནད་དོན་སྔར་བཞིན་གནས་ཡོད།
        ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་《ཚད་གཞི་》དང་《སྲོལ་ཡིག་》ལག་བསྟར་དོན་འཁྱོལ་ཡག་པོ་བྱེད་པ་ནི་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་གཏིང་ཟབ་ཏུ་གཏོང་བའི་འཐབ་ཇུས་དང་བྱ་ཐབས་ཤིག་ཡིན།
        ཞིས་ཅིན་ཕིང་གི་གསུང་བཤད་ནང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་རྣམ་པའི་ཞིབ་བསྡུར་སྐྱོན་བཤེར་གཏམ་བཤད་ལ་ཕྱོགས་སྡོམ་གནང་བ་མ་ཟད། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་《ཚད་གཞི་》དང་《སྲོལ་ཡིག་》ལག་བསྟར་དོན་འཁྱོལ་བྱེད་པའི་ཐད་བླང་བྱའང་བཏོན་གནང་བ་རེད།

༄༅།།ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་
ལག་བསྟར་དོན་འཁྱོལ་བྱས་ཚུལ་ཞིབ་བསྡུར་དང་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་དང་ཏང་
ནང་ཁུལ་གྱི་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་པའི་བྱ་ཐབས་ཞིབ་འཇུག་གནང་བ།