མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུང་དབྱང་ཁེ་ལས་ཀྱི་དབུལ་སྐྱོར་ཐེབས་རྩས་མ་དངུལ་བསྡུ་རུབ་བྱེད་ཚད་སྒོར་དུང་
ཕྱུར་120ལས་བརྒལ་བ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་08ཉིན། 14:59】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

         མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་6ཉིན། གསར་འགོད་པར་རྒྱལ་ཁབ་གསར་སྤེལ་མ་འཇོག་ཀུང་སི་ནས་ཤེས་རྟོགས་བྱུང་བར། 2016ལོའི་ཟླ་10པར་ཀྲུང་དབྱང་ཁེ་ལས་ཀྱི་ས་ཁུལ་དབུལ་པོའི་ཐོན་ལས་ཀྱི་མ་འཇོག་ཐེབས་རྩ་བཙུགས་པ་ནས་བཟུང་ཀྲུང་དབྱང་ཁེ་ལས་51གིས་མ་དངུལ་བཏོན་པའི་ཐེབས་རྩ་དེར་མ་དངུལ་སྒོར་དུང་ཕྱུར་122.03ཐོག་མར་བསྡུ་རུབ་བྱས་པ་ཚང་མ་རྩིས་ཁྲའི་ནང་འབྱོར་ཡོད་པ་རེད།
        ཐེབས་རྩ་བཙུགས་རྗེས་དོ་དམ་བྱེད་མཁན་རྒྱལ་ཁབ་མ་འཇོག་གསར་གཏོད་ཐོན་ལས་ཐེབས་རྩ་དོ་དམ་ཀུང་སིས་འཕྲལ་དུ་རྣམ་གྲངས་འཚོལ་ཞིབ་དང་གསར་སྤེལ་ཧུར་ཐག་བྱས་ཤིང་། ན་ནིང་ལོ་མཇུག་བར་ཁག་དང་པོའི་མ་འཇོག་རྣམ་གྲངས་6གི་མ་འཇོག་ཐབས་ཇུས་ལེགས་གྲུབ་ཟིན་ནས་སྔོན་རྩིས་བྱས་ན་མ་འཇོག་བསྡོམས་འབོར་སྒོར་དུང་ཕྱུར་14.35ཟིན་ནས་མ་འཇོག་ལས་འགན་10%ཡན་ལེགས་གྲུབ་ཟིན་པ་དང་2018ལོར་མ་འཇོག་ཆ་ཚང་ལེགས་སྒྲུབ་ཟིན་རྒྱུ་རེད། རྣམ་གྲངས་6པོ་དེ་རྐང་དབང་དང་ཡན་ལག་ཐེབས་རྩ་སོགས་མ་འཇོག་བྱ་ཐབས་ལ་ཁྱབ་པ་དང་། མཉམ་ལས་རོགས་ཟླ་ཀྲུང་དབྱང་ཁེ་ལས་དང་ཞིང་ཆེན་ཁོངས་གཏོགས་ཀྱི་གཞུང་ཁོངས་ཁེ་ལས་དང་དམངས་གཉེར་ཐོན་ལས་ཚོགས་པ་ཆེ་གྲས་ལ་ཁྱབ་པ། མ་འཇོག་ལས་རིགས་ཞིང་ཞོར་ཐོན་རྫས་འགྲོ་རྒྱུག་དང་། འབྲོག་ལས། ནགས་ལས། ཤིང་ཆ་ལས་སྣོན་སོགས་ལས་རིགས་ལ་ཁྱབ་པ་བཅས་རེད།
        ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར་ཐེབས་རྩའི་མ་དངུལ་འཕར་བའི་ལས་ཀའི་ཇུས་གཞི་སྤྱིར་ན་ལེགས་གྲུབ་ཟིན་ནས་སྔོན་རྩིས་ལྟར་ན་2017ལོའི་ཟླ་4པའི་ཟླ་མཇུག་ཏུ་ལེགས་འགྲུབ་ཟིན་རྒྱུ་རེད།