མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུང་གོ་གུང་ཁྲན་ཏང་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་
ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་སྤྱི་བསྒྲགས།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་13ཉིན། 16:25】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

           མི་དམངས་དྲ་བའི་འཕྲིན། 2017ལོའི་ཟླ་1ཚེས་8ཉིན་ཀྲུང་གོ་གུང་ཁྲན་ཏང་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་ཐོག་གྲོས་འཆམ་བྱུང་བ་རེད།
          ཀྲུང་གོ་གུང་ཁྲན་ཏང་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་2017ལོའི་ཟླ་1ཚེས་6ཉིན་ནས་ཚེས་8ཉིན་བར་པེ་ཅིང་དུ་འཚོགས་པ་རེད།
          ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ནང་བཞུགས་མཁན་གྲས་སུ་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཨུ་ཡོན་123དང་ཟུར་ཞུགས་པ་266ཡོད་པ་རེད།
          ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞིས་ཅིན་ཕིང་ཚང་འཛོམས་གྲོས་ཚོགས་ནང་བཞུགས་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ་དང་། ལི་ཁེ་ཆང་དང་། ཀྲང་ཏེ་ཅང་། ཡུས་ཀྲེང་ཧྲེང་། ལིའུ་ཡུན་ཧྲན། ཝང་ཆི་ཧྲན། ཀྲང་ཀའོ་ལི་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་ཚོགས་འདུར་ཕེབས་པ་རེད།
           ཚང་འཛོམས་གྲོས་ཚོགས་དེ་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གཙོ་སྐྱོང་གནང་བ་དང་། ཚང་འཛོམས་གྲོས་ཚོགས་ཐོག་2016ལོའི་སྒྲིག་ཁྲིམས་ཞིབ་བཤེར་ལས་དོན་ལ་ཕྱོགས་སྡོམ་གནང་བ་དང་། 2017ལོའི་ལས་འགན་བཀོད་སྒྲིག་གནང་བ། བློ་མཐུན་ཝང་ཆི་ཧྲན་གྱིས་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ལྷན་གྱི་ཚབ་ཞུས་ཏེ་གནང་བའི་《ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་སྟེ་གཟེངས་སུ་ཐོན་པའི་གྲུབ་འབྲས་ཐོག་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོག་རྒྱུར་བསུ་བ་ཞུ་དགོས་》ཞེས་པའི་ལས་དོན་སྙན་སྒྲོན་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ། 《ཀྲུང་གོ་གུང་ཁྲན་ཏང་སྒྲིག་ཁྲིམས་ཞིབ་བཤེར་ལས་ཁུངས་ཀྱི་སྒྲིག་ཁྲིམས་ལག་བསྟར་ལ་ལྟ་སྐུལ་བྱེད་པའི་ལས་ཀའི་ལམ་སྲོལ་(ཚོད་ལྟའི་ལག་བསྟར་)》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད། བློ་མཐུན་ཝང་ཆི་ཧྲན་གྱིས་ཚང་འཛོམས་གྲོས་ཚོགས་ཐོག་ལམ་སྲོལ་(ཚོད་ལྟའི་ལག་བསྟར)གྱི་འཆར་ཟིན་གསལ་བཤད་གནང་བ་རེད།
          ཚང་འཛོམས་གྲོས་ཚོགས་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་སློབ་སྦྱོང་ནན་ཏན་དང་གོ་བ་གཏིང་ཟབ་བླངས་པ་དང་ཚང་མས་མགྲིན་གཅིག་ཏུ་ངོས་འཛིན་གནང་དོན། གསུང་བཤད་ཀྱི་གོ་དོན་གཏིང་ཟབ་ལ་ཕུན་སུམ་ཚོགས་པ་དང་། དོན་དངོས་དང་མཐུན་པ། ཡིད་ཆེས་ཀྱིས་ཁེངས་པ། བབ་ཆགས་ཟོལ་མེད་ཀྱི་དམངས་ལ་བཅངས་པའི་བརྩེ་དུང་དང་ཏང་དང་རྒྱལ་ཁབ་ཀྱི་ཆེད་དུ་རང་སྲོག་སྐྱེས་སུ་འབུལ་བའི་འགན་འཁུར་སྙིང་སྟོབས་ཆེན་པོ་ལྡན་པ་བཅས་ཡིན་པས་བསམ་བློའི་རང་བཞིན་གཏིང་ཟབ་པ་དང་ཤུགས་རྐྱེན་ཐེབས་ཤུགས་ཆེན་པོ་ལྡན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ཏང་གི་ལོ་རྒྱུས་འགན་འཁྲི་མངོན་འགྱུར་བྱེད་པའི་འཐབ་ཇུས་ཀྱི་སྤྱི་ཡོངས་མཐོ་ཚད་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་ཐོབ་པའི་གྲུབ་འབྲས་མངོན་གསལ་དོད་པོར་ཁས་ལེན་གང་ལེགས་གནང་བ་དང་དེང་སྐབས་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ལས་ཀའི་སྤྱིའི་བླང་བྱ་དང་ལས་འགན་གཙོ་བོ་གསལ་པོ་བཏོན་གནང་ཡོད། གསུང་བཤད་ནང་ཏང་ཡོངས་ཀྱིས་ལོ་བཞི་ལྷག་ཙམ་འབད་བརྩོན་བྱས་པ་བརྒྱུད་ཏང་གི་རིམ་ཁག་རྩ་འཛུགས་ཀྱིས་ཏང་ལ་དོ་དམ་དང་ཏང་སྐྱོང་བའི་བྱེད་པོའི་འགན་འཁྲི་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་མཐའ་གཅིག་ཏུ་དོན་འཁྱོལ་ཐུབ་པ། ཏང་གི་སྒྲིག་ཁྲིམས་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་པ། རུལ་སུངས་མཆེད་པའི་འཕེལ་ཕྱོགས་བཀག་འགོག་ནུས་ལྡན་ཐུབ་པ། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་ཟིལ་གནོན་རྣམ་པ་ཆགས་པ། རུལ་སུངས་བྱེད་མི་ཕོད་པའི་དམིགས་ཚད་རགས་ཙམ་མངོན་འགྱུར་བྱུང་བ། རུལ་སུངས་བྱེད་མི་ཐུབ་པའི་ལམ་ལུགས་ཉིན་བཞིན་འཐུས་སྒོ་ཚང་དུ་སོང་བ། རུལ་སུངས་བྱེད་མི་འདོད་པའི་འགོག་སྲུང་རགས་ཆེན་སྐྲུན་བཞིན་ཡོད་པ། ཏང་ནང་གི་ཆབ་སྲིད་འཚོ་བར་རྣམ་པ་གསར་པ་མངོན་པ་བཅས་བསྟན་གནང་ཡོད། གསུང་བཤད་ནང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྔར་བཞིན་ལས་འགན་ལྕི་ལ་ལམ་ཐག་རིང་བ་ཞིག་ཡོད་པས་ལྷུག་ལྷོད་འཇམ་གསུམ་ནས་དམ་ནན་བཙན་གསུམ་དུ་སྒྱུར་བར་ཞུན་བརྡར་གྱི་བརྒྱུད་རིམ་ཞིག་བརྒྱུད་དགོས་པ་དང་མུ་མཐུད་རྒྱུན་གཏན་དང་ཡུན་རིང་དང་། ནན་པོ་དང་ཏན་ཏིག གཏིང་ཟབ་དང་ཞིབ་ཚགས་བཅས་ཀྱི་ཐད་ཤུགས་སྣོན་བརྒྱབ་སྟེ་ཏང་གི་ཚོགས་ཆེན་བཅུ་དགུ་པར་སྤྱོད་ཚུལ་ལེགས་གཏོང་དང་། སྒྲིག་ཁྲིམས་དམ་དྲང་། རུལ་སུངས་ལ་ཆད་གཅོད་བཅས་ཀྱི་འདྲི་ཤོག་ཡག་པོ་ཞིག་འབུལ་དགོས། རྩ་ལག་མཉམ་བཅོས་མཐའ་འཁྱོངས་དང་གུང་ཁྲན་ཏང་མིའི་རིན་ཐང་ལྟ་བ་མཐའ་འཁྱོངས་བྱས་ནས་ཆབ་སྲིད་གོ་རྟོགས་རྒྱུན་ཆད་མེད་པར་བརྟན་པོ་དང་མཐོ་རུ་གཏོང་དགོས་པ་དང་། རིག་གནས་གདེང་ཚོད་ལ་བརྟེན་ནས་ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་དགོས་པ་དང་། ཏང་གི་མཐོ་རིམ་ལས་བྱེད་པས་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་ནན་པོ་སྐྱེལ་བའི་མིག་དཔེ་སྟོན་དགོས་པ། ཏང་གི་རིམ་ཁག་རྩ་འཛུགས་ཀྱིས་ཏང་ནང་ཁུལ་གྱི་ལྟ་སྐུལ་ལ་ཤུགས་སྣོན་བརྒྱབ་ནས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་བརྒྱུད་རིམ་རང་བཞིན་དང་། གསར་གཏོད་རང་བཞིན། དངོས་ཕན་རང་བཞིན་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་སྒྲིག་ཁྲིམས་ཞིབ་བཤེར་ལྟ་སྐུལ་ལས་དོན་ལ་ཁས་ལེན་གང་ལེགས་གནང་བ་དང་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ཐད་བླང་བྱ་དེ་བས་མཐོ་བ་བཏོན་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ཞིག་ལག་བསྟར་བྱ་རྒྱུ་དེ་ཏང་ཡོངས་ཀྱི་ཆབ་སྲིད་ལས་འགན་གལ་ཆེན་ཡིན། རང་ཉིད་ལས་དོན་དངོས་ནང་ཞུགས་ནས་བསམ་བློ་དང་ལས་ཀའི་དོན་དངོས་འབྲེལ་བ་དམ་ཟབ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ཕྱོགས་ཡོངས་དང་། ཚན་རིག་དང་མཐུན་པ། བརྒྱུད་རིམ་ལྡན་པ། གནད་ལ་འཁེལ་བ་བཅས་ཀྱི་ཐོག་ནས་སློབ་སྦྱོང་བྱེད་པ་དང་གོ་བ་བླངས་ཏེ་བསམ་གཞིག་བྱེད་པ་དང་ལག་ལེན་བསྟར་ཏེ་གནས་ལུགས་རྟོགས་པ་དང་གསལ་པོ་ཤེས་པ་བྱས་ནས་ལག་བསྟར་དོན་འཁྱོལ་བྱེད་པའི་རང་རྟོགས་རང་བཞིན་དང་བློ་བརྟན་འགྱུར་མེད་ཀྱི་རང་བཞིན་ཆེ་རུ་གཏོང་དགོས་པའི་ནན་བཤད་གནང་ཡོད་པ་རེད།
         ཚང་འཛོམས་གྲོས་ཚོགས་ཐོག་ངོས་འཛིན་གནང་དོན། 2016ལོར་བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས“ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་སྒྲིག་ལ་སྤྱི་འདོམས་སྐུལ་འདེད་བཏང་བ་དང“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་སྐུལ་འདེད་བཏང་བས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་གྲུབ་འབྲས་གསར་པ་ཐོབ་ཡོད། རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ནས“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོ་གཏིང་ཟབ་སྤེལ་བ་དང་། གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དེ་བསམ་བློའི་གོ་མཚོན་དང་བྱ་སྤྱོད་ཀྱི་ཕྱོགས་སྟོན་དུ་བརྩིས་ནས་ཆབ་སྲིད་ཀྱི་འདུ་ཤེས་དང་། སྤྱི་ཡོངས་ཀྱི་འདུ་ཤེས། སྲོག་ཤིང་གི་འདུ་ཤེས། མིག་ལྟོས་ཀྱི་འདུ་ཤེས་བཅས་བརྟན་པོ་བཙུགས་ཏེ་རང་རྟོགས་ངང་བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་བྱས་ཡོད། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ཁྲོད་འགན་འཁྲིའི་ངེས་གནས་བརྟན་པོ་སྲུང་བ་དང་ཏང་གི་སྒྲིག་ཡིག་དང་། སྒྲིག་སྲོལ། སྒྲིག་ཁྲིམས་བཅས་ལག་བསྟར་བྱ་རྒྱུར་སྣེ་ཁྲིད་ནས་སྒྲིག་ཁྲིམས་ལག་བསྟར་དང་འགན་འཁྲི་བདའ་འདེད་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ཡོད། སྒྲིག་སྲོལ་ལྟར་ཏང་སྐྱོང་བ་དང་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་རྒྱུ་གཅིག་གྱུར་ཡོང་བ་མཐའ་འཁྱོངས་ཀྱིས་ཏང་ནང་ཁུལ་གྱི་ལྟ་སྐུལ་སྲོལ་ཡིག་ལ་བཟོ་བཅོས་རྒྱག་པ་དང་། འགན་འཁྲི་བདའ་འདེད་ཀྱི་སྲོལ་ཡིག་ཡོངས་བསྒྲགས་བྱེད་པ། རྒྱལ་ཁབ་ཀྱི་ལྟ་ཞིབ་སྒྲིག་སྲོལ་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་ཇུས་གཞི་བཟོ་བ། དུས་ཚོད་རེའུ་མིག་དང་ལམ་རིས་གཏན་འཁེལ་བྱེད་པ། པེ་ཅིང་གྲོང་ཁྱེར་དང་། ཧྲན་ཤིས་གྲོང་ཁྱེར། ཀྲེ་ཅང་ཞིང་ཆེན་བཅས་སུ་སྒྱུར་བཅོས་ཚོད་ལྟའི་ལས་དོན་སྤེལ་བ་བཅས་བྱས་ནས་ཏང་ནང་ཁུལ་གྱི་ལྟ་སྐུལ་དང་རྒྱལ་ཁབ་ཀྱི་ལྟ་ཞིབ་ཕྱོགས་ཡོངས་སུ་ཁྱབ་རྒྱུར་སྐུལ་འདེད་བཏང་ཡོད། རྒྱུན་གཏན་ནས་དམ་འཛིན་དང་རྒྱུན་གཏན་ལ་དམ་འཛིན་མཐའ་འཁྱོངས་བྱས་ནས་རྒྱུན་སྲིང་ལྷོད་མེད་ངང“སྤྱོད་ཚུལ་བཞི”ཡོ་བསྲང་བྱེད་པ་དང་། སྔ་བསླབ་ཕྱི་འདོམས་དང་ནད་བཅོས་སྲོག་སྐྱོབ་བྱས་ཏེ་སྒྲིག་ཁྲིམས་ལག་བསྟར་ལ་ལྟ་སྐུལ་བྱེད་པའི“རྣམ་པ་བཞི”ལག་ལེན་བསྟར་བ་དང་རྒྱུན་གཏན་གྱི་སྒྲིག་ཁྲིམས་ལག་བསྟར་ལ་ལྟ་སྐུལ་བྱེད་པའི་ཐོག་ཤུགས་བརྒྱབ་ནས་སྔ་ཙམ་དམ་འཛིན་དང་ཆུང་ཙག་ནས་དམ་འཛིན་བྱས་ཏེ་གནད་དོན་ཐོན་མ་ཐག་ཏུ་ཐག་གཅོད་ཐུབ་ཡོད། ཆབ་སྲིད་ཀྱི་སྐོར་གཟིགས་གཏིང་ཟབ་བྱས་ཏེ་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་སུ་སྐོར་གཟིགས་ཕྱོགས་ཡོངས་ལ་ཁྱབ་པ་དང་། “ཕྱིར་མིག་ལྟ་བའི”ལས་དོན་གཏིང་ཟབ་སྤེལ་བ་དང་བྱེད་ཐབས་གསར་གཏོད་བྱས་ནས་སྐོར་གཟིགས་དང་སྐོར་ཞིབ་སྦྲེལ་མཐུད་ཡག་པོ་བྱས་ནས་སྤུ་གྲིའི་ནུས་པ་གང་ལེགས་མངོན་ཡོད། གསོག་ཚད་ཉུང་དུ་གཏོང་བ་དང་འཕར་ཚད་བཀག་འགོག་མཐའ་གཅིག་ཏུ་བྱས་ནས་སྐབས་བརྗེའི་སྒྲིག་ཁྲིམས་དམ་ཞིང་དྲང་བ་དང་རུལ་སུངས་འགོག་པའི་དམ་བསྒྲགས་རྣམ་པ་མུ་མཐུད་རྒྱུན་འཁྱོངས་བྱས་ནས་བྲོས་འདེད་དངུལ་འདེད་ཀྱི“གནམ་རྙི”བརྟན་པོ་བཙུགས་ཡོད། དབུལ་སྐྱོར་དང་དམངས་འཚོར་དམིགས་ཤིང་གཙོ་གནད་ལྟ་ཞིབ་དང་བསྒྲུབ་རྒྱུར་ལྟ་སྐུལ་བྱས་ནས་མང་ཚོགས་ཀྱི་ཁེ་ཕན་ལ་གནོད་འཚེ་གཏོང་བའི་ཚུལ་མིན་གྱི་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་མཐའ་གཅིག་ཏུ་བཅོས་སྒྲིག་བྱས་ཤིང་། སྒྲིག་ཨུད་ཀྱི་ཚན་ཁག་དང་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་དང་ལས་བྱེད་པའི་སྤེལ་རེས་དང་དོ་དམ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་སྟེ《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཞིབ་བཤེར་ལས་ཁུངས་ཀྱི་སྒྲིག་ཁྲིམས་ལག་བསྟར་ལ་ལྟ་སྐུལ་བྱེད་པའི་ལས་ཀའི་ལམ་སྲོལ(ཚོད་ལྟའི་ལག་བསྟར)》བཟོས་ནས་ལྷག་བསམ་ཟོལ་མེད་དང་། དྭངས་གཙང་། འགན་འཁྲི་འཁུར་ཕོད་པ་བཅས་ཀྱི་སྒྲིག་བཤེར་ལྟ་ཞིབ་དཔུང་ཁག་བཙུགས་ཡོད། གྲུབ་འབྲས་ལ་ཁས་ལེན་གནང་བ་དང་དུས་མཚུངས་ཚང་འཛོམས་གྲོས་ཚོགས་ཐོག་དངོས་ཐོག་བདེན་འཚོལ་ངང་ལས་ཀའི་ཁྲོད་གནས་པའི་གནད་དོན་ལ་དབྱེ་ཞིབ་བྱས་ཏེ་ཚད་མཐོའི་མཐོང་ཆེན་དང་ཐག་གཅོད་ནན་ཏན་བྱེད་དགོས་པའི་བླང་བྱ་བཏོན་ཡོད།
         ཚང་འཛོམས་གྲོས་ཚོགས་ཐོག་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་ལས་དོན་ལ་ཕྱོགས་སྡོམ་བྱས་པ་ལས་གཤམ་གསལ་གྱི་མྱོང་ཚོར་བྱུང་བ་སྟེ།
         དང་པོ། ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱེད་དགོས། དང་ཐོག་ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་མཐའ་འཁྱོངས་བྱེད་པར་ངེས་པར་དུ་བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་ལ་མིག་ལྟོས་དང་ཏང་གི་མཐུན་སྒྲིལ་དང་གཅིག་གྱུར་སྲུང་སྐྱོང་བྱེད་དགོས། དུས་རབས་གསར་པར་འགན་འཁྲི་གསར་པ་འཁུར་དགོས། བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་དབང་གྲགས་ལ་སྲུང་སྐྱོང་བྱ་རྒྱུ་ནི་ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱེད་པའི་གཞི་རྩ་ཡིན་ལ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བའི་གཞི་རྩའི་འགན་ལེན་ཞིག་ཀྱང་རེད། ཏང་གི་འགོ་ཁྲིད་ནི་ཞིབ་ཕྲ་ཡིན་ཞིང་། ཕུགས་བསམ་དང་། དད་སེམས། དམིགས་ཡུལ་བཅས་བརྟན་པོ་དང་། ཡང་དག་པའི་ལམ་ཕྱོགས་དང་། མཛད་ཕྱོགས། སྲིད་ཇུས་བཅས་བཟོ་བ་དང་ལག་ལེན་བསྟར་བའི་ཐོག་ནས་མངོན་པ་དང་། ཏང་གིས་ལས་བྱེད་པར་དོ་དམ་བྱེད་པའི་རྩ་དོན་དང་མི་འདེམས་སྟངས་འགྲིག་པ་དང་མི་བེད་སྤྱོད་ཡག་པོ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། རིན་ཐང་གི་ལྟ་བ་དང་ཆབ་སྲིད་ཀྱི་སྟོན་ཕྱོགས་གསལ་པོ་འཛུགས་པ་ནས་མངོན་ཡོད། ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱ་རྒྱུ་ནི་དེང་སྐབས་ཀྲུང་གོའི་ཆབ་སྲིད་ཀྱི་རྩ་དོན་གལ་ཆེ་ཤོས་དེ་ཡིན་ཞིང་། “འདུ་ཤེས་བཞི”ཆགས་པར་བྱས་ཏེ་བསམ་བློ་དང་བྱ་སྤྱོད་ལ་བརྟེན་ནས་ཆབ་སྲིད་ཀྱི་གནས་ས་མཐོ་རུ་གཏོང་བ་དང་། ཆབ་སྲིད་ཀྱི་འདུ་ཤེས་དང་སྤྱི་ཡོངས་ཀྱི་འདུ་ཤེས་ལ་བརྟེན་ནས་ཧེ་བག་རྒྱུན་ཆད་མེད་པར་བཙལ་ན་གཞི་ནས་སྲོག་ཤིང་ལ་དངོས་འབྲེལ་མིག་ལྟོས་བྱེད་ཐུབ། “འདུ་ཤེས་བཞི”ཟབ་ཏུ་གཏོང་རྒྱུ་ནི་འགུལ་རྣམ་གྱི་བརྒྱུད་རིམ་ཞིག་ཡིན་པས་ཆབ་སྲིད་ཀྱི་གོ་རྟོགས་རྒྱུན་ཆད་མེད་པར་མཐོ་རུ་བཏང་ནས་ཏང་ཀྲུང་དབྱང་གི་དབང་གྲགས་སྲུང་སྐྱོབ་བྱེད་མཁན་ལྷག་བསམ་རྣམ་དག་གི་སྲུང་དམག་ཅིག་བྱེད་དགོས།
         གཉིས་པ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་ངེས་པར་དུ་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་ནན་དུ་གཏོང་བའི་གཞི་རྩར་དམ་འཛིན་བྱས་ནས་ལམ་ལུགས་ཀྱི་རླུང་ཙིའི་ཚགས་དམ་དུ་གཏོང་བ་དང་ཏང་ནང་ཁུལ་གྱི་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་དགོས། དུས་སྐབས་ཤིག་རིང་ཏང་ནང་ལྷག་པའི་མངོན་གསལ་དོད་པའི་གནད་དོན་ནི་ཏང་གི་འདུ་ཤེས་ཟབ་མོ་མེད་པ་དང་། རྩ་འཛུགས་ཁ་ཐོར། སྒྲིག་ཁྲིམས་ལྷུག་པ་བཅས་ཡིན་པ་དེའི་འབྱུང་རྩ་ནི་ཏང་གི་འགོ་ཁྲིད་ཉམས་པ་དང་། ཏང་འཛུགས་སྐྱོང་བྱ་རྒྱུ་མི་འདང་བ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་ཤུགས་མི་འདང་བ་དང་ལྷག་པར་དུ་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བར་གཏོར་བཤིག་ཕོག་པ་དེ་རེད། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་གནས་སྟངས་ཀྱིས་ཆབ་སྲིད་ཁོར་ཡུག་གཏན་འཁེལ་བྱེད་པ་དང་། ཏང་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་རྒྱུན་འཁྱོངས་བྱེད་པར་ངེས་པར་དུ་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བར་དམ་འཛིན་བྱེད་པ་ནས་འགོ་འཛུགས་དགོས། ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལལ་ནན་དུ་བཏང་ནས་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་རྩ་དོན་རང་བཞིན་དང་འཐབ་འཛིང་རང་བཞིན་ཆེ་རུ་བཏང་སྟེ་གནད་དོན་ཤེས་རྟོགས་དང་ནོར་འཁྲུལ་ཡོ་བསྲང་ཐུབ་པའི་ནུས་ལྡན་གྱི་ལམ་སྲོལ་ཆགས་པར་བྱས་ནས་རང་ངོས་དྭངས་གཙང་དང་། རང་ངོས་འཐུས་ཚང་། རང་ངོས་གསར་བརྗེ། རང་ངོས་མཐོ་རུ་གཏོང་བ་བཅས་ཀྱི་འཇོན་ཐང་ཆེ་རུ་གཏོང་དགོས།
          གསུམ་པ། དམངས་སེམས་ནི་ཆབ་སྲིད་ཀྱི་ཆེ་ཤོས་ཤིག་ཡིན་པས་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པའི་ཆབ་སྲིད་འགན་འཁྲི་གཞི་རིམ་དུ་འཁྱོལ་བར་བྱེད་པར་ཏང་གིས་སྲིད་སྐྱོང་བའི་ཆབ་སྲིད་ཀྱི་རྨང་གཞི་བརྟན་དུ་གཏོང་དགོས། རང་རེའི་ཏང་གི་ཆབ་སྲིད་ཀྱི་ལེགས་ཆ་ཆེ་ཤོས་ནི་མང་ཚོགས་དང་འབྲེལ་བ་དམ་ཟབ་བྱེད་པ་དེ་ཡིན་ཞིང་། དམངས་སེམས་ནི་ཐོག་མཐའ་བར་གསུམ་དུ་རང་རེའི་ཏང་གི་སྲིད་སྐྱོང་བའི་རྨང་གཞི་བརྟན་ཤོས་དེ་རེད། ཆབ་སྲིད་ལ་སྣང་ཆེན་མི་བྱེད་པ་དང་མང་ཚོགས་དང་ཁ་བྲལ་ཚེ་ཏང་གི་འགོ་ཁྲིད་ཉམས་ཞན་དུ་འགྲོ་སྲིད། ཆབ་སྲིད་དོན་སྟོང་རིང་ལུགས་ངེས་པར་དུ་ཡོ་བསྲང་མཐའ་གཅིག་ཏུ་བྱེད་པ་དང་དར་ཆ་གསལ་སྟོན་གྱི་སྒོ་ནས་ཆབ་སྲིད་ལ་སྣང་ཆེན་བྱེད་དགོས། མི་དམངས་ཀྱི་འབོད་སྒྲ་དང་། བསམ་འདུན། རེ་འདུན་བཅས་ནི་དམངས་སེམས་ཡིན་ཞིང་། མི་དམངས་མང་ཚོགས་ཀྱིས་ཏང་ཀྲུང་དབྱང་ལ་ངེས་ཤེས་དང་། ཡིད་ཆེས། བློས་འགེལ་བཅས་བྱེད་ཤུགས་ཆེ་རུ་གཏོང་བ་ནི་ཆབ་སྲིད་ཀྱི་གྲུབ་འབྲས་ཆེ་ཤོས་ཤིག་རེད། དམངས་ལ་བྱ་བ་དངོས་སྒྲུབ་པའི་ཏང་ཀྲུང་དབྱང་གི་སྲིད་ཇུས་བཟང་པོ་རབ་དང་རིམ་པ་དོན་འཁྱོལ་བྱེད་པའི་འགག་རྩ་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་ལ་བརྟེན་དགོས་པ་དང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་བརྟེན་ནས་འགན་ལེན་བྱེད་དགོས། བྱེད་པོའི་འགན་འཁྲི་དང་ལྟ་སྐུལ་འགན་འཁྲི་རིམ་པ་བཞིན་གཞི་རིམ་དུ་རྒྱ་སྐྱེད་གཏོང་བར་སྐུལ་མ་བཏང་ནས་རྒྱ་ཆེའི་མང་ཚོགས་ཚོར་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ཁྲོད་ནས་ཐོབ་སེམས་ཆེ་རུ་གཏོང་བ་དང་ཏང་གི་སྲིད་སྐྱོང་རྨང་གཞི་ཟམ་མི་ཆད་པར་བརྟན་དུ་གཏོང་དགོས།
          བཞི་པ། ཡིད་ཆེས་ཀྱིས་ལྟ་སྐུལ་གྱི་ཚབ་བྱེད་མི་རུང་། སྒྲིག་ཨུད་ཀྱི་རང་ངོས་ལྟ་སྐུལ་དེ་ཏང་ནང་ཁུལ་གྱི་ལྟ་སྐུལ་དང་སྤྱི་ཚོགས་ཀྱི་ལྟ་སྐུལ་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་ཏང་དང་མི་དམངས་ཀྱི་ཚོད་བགམ་རང་རྟོགས་ངང་དང་ལེན་བྱེད་དགོས་པ་དང་། ཏང་གི་སྒྲིག་ཡིག་གིས་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་ལ་དཀྲིས་པའི་དབང་གྲགས་གནས་བབ་དང་འགན་འཁྲི་གལ་ཆེན་ནི་ཡིད་ཆེས་རེད་ལ་ཚོད་བགམ་ཞིག་ཀྱང་རེད། ལྕགས་རྡུང་པར་ཐོ་བ་མཁྲེགས་དགོས། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་སྒྲིག་ཨུད་ཀྱི་ལྟེ་བའི་ལས་དོན་དང་འབྲེལ་བ་ཡོད་པས། ལྷག་བསམ་ཟོལ་མེད་དང་། དྭངས་གཙང་། འགན་འཁྲི་འཁུར་ཕོད་པ་བཅས་ཀྱི་དཔུང་ཁག་འཛུགས་སྐྱོང་བྱ་རྒྱུ་ནི་ང་ཚོའི་ཆབ་སྲིད་ཀྱི་འགན་འཁྲི་ཞིག་རེད། ཏང་གི་འགོ་ཁྲིད་དེ་རང་ལ་དོ་དམ་དང་ལྟ་སྐུལ་གཉིས་ཚུད་ཡོད་པས། དང་ཐོག་ཏང་ཨུད་ཀྱིས་སྒྲིག་ཨུད་ཀྱི་རྒྱུན་གཏན་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་དགོས་པ་དང་། སྒྲིག་ཨུད་ཀྱིས་རང་ངོས་ལྟ་སྐུལ་དང་ཏང་ནང་ཁུལ་གྱི་ལྟ་སྐུལ་དང་ལེན་ཟུང་འབྲེལ་བྱེད་པ་དང་། དམངས་གཙོའི་ལྟ་སྐུལ་དང་། མང་ཚོགས་ཀྱི་ལྟ་སྐུལ། གླེང་ཕྱོགས་ཀྱི་ལྟ་སྐུལ་བཅས་ཕན་ཚུན་མཉམ་བསྲེས་བྱས་ནས་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པའི་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་དགོས།
          ལྔ་པ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་དང་སྐྱོང་བཞིན་ཡོད་པ་དང་། ལྷུག་ལྷོད་མཉེན་གསུམ་ནས་ནན་དམ་མཁྲེགས་གསུམ་བར་ནི་ཡུན་རིང་གི་བརྒྱུད་རིམ་ཞིག་ཡིན་པས། མཐའ་འཁྱོངས་བྱེད་པའི་ཁྲོད་དུ་གཏིང་ཟབ་ཏུ་གཏོང་བ་དང་གཏིང་ཟབ་ཏུ་གཏོང་བའི་ཁྲོད་དུ་མཐའ་འཁྱོངས་བྱེད་དགོས། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་དང་སྐྱོང་བཞིན་ཡོད་པས། འགོ་ཡག་པོ་འཛུགས་རྒྱུ་ནི་རྩ་ཆེན་དང་ཁ་ཕྱོགས་ལ་ལྟ་རྒྱུ་ནི་གལ་ཆེན་རེད། ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པའི་ཐད་ཀྱི་ལྷུག་ལྷོད་མཉེན་གསུམ་ནི་ལོ་མང་རིང་ཆགས་པས། ནན་དམ་མཁྲེགས་གསུམ་བྱ་རྒྱུ་ཡང་ཉིན་གཅིག་ལ་སྒྲུབ་ཐུབ་པ་ཞིག་གཏན་ནས་མིན། མཐའ་འཁྱོངས་མ་བྱས་ན་གཏིང་ཟབ་ཏུ་གཏན་ནས་གཏོང་མི་ཐུབ་པ་དང་། གཏིང་ཟབ་ཏུ་མ་བཏང་ན་མཐའ་འཁྱོངས་ཀྱང་གཏན་ནས་བྱེད་མི་ཐུབ། མཐའ་འཁྱོངས་དང་གཏིང་ཟབ་ཀྱི་འབྲེལ་བར་སྟངས་འཛིན་ཡང་དག་བྱས་པ་ལས། ཚན་རིག་དང་མཐུན་པའི་སྙིང་སྟོབས་མངོན་གྱི་ཡོད་པས། གལ་འགངས་ཆེ་བའི་བསམ་བློ་གཏོང་སྟངས་དང་ལས་དོན་སྒྲུབ་སྟངས་ཤིག་རེད། རྒྱུན་ཆད་མེད་པའི་འཕེལ་རྒྱས་སྨྲ་བ་དང་འཕེལ་རྒྱས་ཀྱི་དུས་མཚམས་སྨྲ་བ་གཉིས་ཕན་ཚུན་གཅིག་གྱུར་མཐའ་འཁྱོངས་དང་སྲ་ཞིང་བརྟན་པའི་ཆབ་སྲིད་ཀྱི་ངེས་ཤུགས་རྒྱུན་འཁྱོངས་བྱེད་པར། ཆབ་སྲིད་འཚོ་བ་ནན་པོར་བརྟེན་པ་དང་། ཏང་ནང་ཁུལ་གྱི་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་པར་བརྟེན་པ། འགན་འཁྲི་བདའ་འདེད་གཏོང་ཤུགས་ཆེ་རུ་གཏོང་རྒྱུར་བརྟེན་པ། མི་འདེམས་ཤེས་པ་དང་མི་བེད་སྤྱོད་ཡག་པོ་བྱེད་པར་བརྟེན་པ་བཅས་བྱས་ཏེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་བློ་བརྟན་འགྱུར་མེད་ངང་གཏིང་ཟབ་ཕྱོགས་སུ་ཁྲིད་སྟོན་བྱེད་དགོས།
          ཚང་འཛོམས་གྲོས་ཚོགས་ཐོག་བསྟན་དོན། འདི་ལོ་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པ་འཚོག་རྒྱུ་ཡིན་པས། སྒྲིག་ཁྲིམས་ཞིབ་བཤེར་ལས་དོན་ཡག་པོ་སྒྲུབ་པར་དོན་སྙིང་གལ་ཆེན་ལྡན་ཡོད། འདི་ལོའི་ལས་དོན་གྱི་སྤྱིའི་བླང་བྱ་ནི། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་། བཞི་པ། ལྔ་པ། དྲུག་པ་བཅས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ། “ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་སྒྲིག་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་དང“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་སྐུལ་འདེད་གཏོང་བ། བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་དབང་གྲགས་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་ནན་དུ་གཏོང་བ། ཏང་ནང་ཁུལ་གྱི་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་པ། རྩ་ལག་མཉམ་བཅོས་ལ་སྐུལ་འདེད་གཏོང་བ། རྒྱལ་ཁབ་ཀྱི་ལྟ་ཞིབ་ལམ་སྲོལ་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། ལྟ་སྐུལ་དང་སྒྲིག་ཁྲིམས་ལག་བསྟར་གྱི་འགན་འཁྲི་རྩད་གཅོད་བྱེད་ཤུགས་ཆེ་རུ་གཏོང་བ། རྒྱུན་ཆད་མེད་པར“སྤྱོད་ཚུལ་བཞི”ཡོ་བསྲང་བྱེད་པ། རུལ་སུངས་ཆད་གཅོད་ཀྱི་དམ་བསྒྲགས་རྣམ་པ་རྒྱུན་འཁྱོངས་བྱེད་པ། ཏང་ནང་ཁུལ་གྱི་ཆབ་སྲིད་ཁོར་ཡུག་སྲུང་སྐྱོང་ཡག་པོ་བཅས་བྱས་ཏེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་རྒྱུ་དེ་རེད། ལྕགས་རྡུང་བར་ཐོ་བ་མཁྲེགས་དགོས། དེར་བརྟེན། ངེས་པར་དུ་ལམ་ལུགས་ཀྱི་རླུང་ཙིའི་ཚགས་དམ་དུ་གཏོང་བ་དང་། ལྟ་སྐུལ་ལག་བསྟར་དང་སྒྲིག་ཁྲིམས་ལག་བསྟར་ལས་དོན་གྱི་སྒྲིག་ལམ་ནན་དུ་གཏོང་བ། འགོ་ཁྲིད་ཚན་ཁག་དང་ལས་བྱེད་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། འགན་འཁྲི་འཁུར་ཕོད་པའི་ཐོག་ནས་ལྷག་བསམ་ཟོལ་མེད་མཚོན་པ་བཅས་བྱས་ཏེ། བསམ་བློའི་འཁྱེར་སོ་ཡག་པོ་དང་ཕུལ་དུ་བྱུང་བའི་གྲུབ་འབྲས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོག་རྒྱུར་བསུ་བ་ཞུ་དགོས་པ་སྟེ།
          དང་པོ། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཏེ་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་ནན་དུ་གཏོང་བ་དང་། ཏང་ནང་ཁུལ་གྱི་ལྟ་སྐུལ་ལ་ཤུགས་སྣོན་བརྒྱབ་ཁར། སྐབས་བརྗེའི་སྒྲིག་ཁྲིམས་ནན་དུ་གཏོང་དགོས། སྒྲིག་བཤེར་ལས་ཁུངས་ཀྱིས་ཏང་ནང་ཁུལ་གྱི་ལྟ་སྐུལ་ཆེད་འགན་ལས་ཁུངས་ཀྱི་འགན་འཁྲི་ལག་ལེན་བསྟར་ཏེ་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་ཚད་གཞི་དང་ཏང་ནང་ཁུལ་གྱི་ལྟ་སྐུལ་སྲོལ་ཡིག་ཚད་འཛིན་སར་བྱས་ནས་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ནན་དུ་གཏོང་བ། ཏང་གི་མཐུན་སྒྲིལ་གཅིག་གྱུར་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས། མི་འདེམས་མི་སྤྱོད་ཀྱི་ཆབ་སྲིད་འགག་སྒོ་དང་སྤྱོད་གཙང་འགག་སྒོ་ནན་པོར་བསྲུངས་ཏེ་ལས་བྱེད་པ“སྐྱོན་ཅན་གནས་སྤོར”དང“སྐྱོན་ཅན་ལས་གནས་ཐོག་ཞུགས་པ”བཀག་འགོག་བྱས་ནས་ཀྲུང་དབྱང་དང་ས་གནས་ཀྱི་སྐབས་བརྗེའི་ཐད་རྩ་འཛུགས་དང་ལས་བྱེད་པའི་འགན་ལེན་མཁོ་འདོན་བྱེད་དགོས།
           གཉིས་པ། བྱས་པའི་རྗེས་དང་དྲུས་པའི་ཤུལ་བཞག་ནས་སྤྱོད་ཚུལ་འཛུགས་སྐྱོང་གི་ཚད་ལོན་རྒྱུགས་ལན་ཞིག་འབུལ་དགོས། “སྤྱོད་ཚུལ་བཞི”ཡོ་བསྲང་གཏིང་ཟབ་ཕྱོགས་སུ་དམ་འཛིན་བྱེད་པ་དང་ཏན་ཏིག་སྒྲུབ་པ་དང་། སྔར་ཡོད་གནད་དོན་ལ་དོ་སྣང་བྱེད་པ། འཕེལ་ཕྱོགས་གསར་པར་སྣང་ཆེན་བསྐྱར་དུ་ཐོན་རྒྱུ་མཐའ་གཅིག་ཏུ་བཀག་འགོག་བཅས་བྱེད་དགོས། སྒྲིག་ཁྲིམས་ལག་བསྟར་ཞིབ་བཤེར་བྱ་ཡུལ་ལ“སྤྱོད་ཚུལ་བཞིའི”གནད་དོན་ལྡན་ཚེ་གནད་དོན་གཞན་དག་གི་སྔོན་ལ་ཞིབ་བཤེར་ཐག་གཅོད་དང་བརྡ་ཁྱབ་གཏོང་དགོས། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དང་བྱེད་ཐབས་ལག་ལེན་བསྟར་ཚུལ་ཞིབ་བཤེར་བྱས་ནས་དངོས་ཐོག་བདེན་འཚོལ་ངང་ལམ་ལུགས་ལ་བཟོ་བཅོས་རྒྱག་དགོས། རིག་གནས་ཀྱི་གདེང་ཚོད་སྲ་བརྟན་དུ་གཏོང་བ་དང་ཏང་གི་སྤྱོད་ཚུལ་བཟང་པོ་དར་སྤེལ་བཏང་ནས་སྤྱི་ཚོགས་ཀྱི་དར་སྤེལ་ལེགས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས་པ།
           གསུམ་པ། འགན་འཁྲི་བདའ་འདེད་ཤུགས་ཆེན་གཏོང་བའི་རྣམ་པའི་ཐོག་ནས་རིམ་ཁག་ཏང་རྩ་འཛུགས་ཀྱིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ཆབ་སྲིད་འགན་འཁྲི་ལག་བསྟར་ལ་སྐུལ་འདེད་གཏོང་དགོས། རིམ་ཁག་ཏང་རྩ་འཛུགས་ཀྱིས་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་ཁྲོད་ཐོན་པའི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་ལ་སྐུལ་འདེད་གཏོང་བ་དང“འགག་རྩ་ཉུང་ཤས”ལ་དམ་འཛིན་བྱས་ནས་རིམ་པ་བཞིན་འགན་འཁྲི་དོན་འཁྱོལ་བྱེད་དགོས། འགན་འཁྲི་བདའ་འདེད་གཏོང་བའི་སྲོལ་ཡིག་ལག་ལེན་ནན་པོ་བསྟར་ཏེ་འགན་འཁྲི་བདའ་འདེད་གཏོང་ཤུགས་ཆེ་རུ་གཏོང་བ་དང་འགན་འཁྲི་འཁུར་ཕོད་པའི་སྙིང་སྟོབས་འཕེལ་བར་བྱེད་དགོས།
           བཞི་པ། ལྟ་ཞིབ་ལམ་སྲོལ་སྒྱུར་བཅོས་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ་ཏང་དང་རྒྱལ་ཁབ་ཀྱི་རང་ངོས་ལྟ་སྐུལ་འཐུས་ཚང་དུ་གཏོང་དགོས། ཏང་ཀྲུང་དབྱང་གི་འགོ་ཁྲིད་འོག་ཀྲུང་དབྱང་སྒྲིག་ཨུད་ཀྱིས་འགོ་ཁྲིད་དེ་སྤྱི་ལ་དམ་འཛིན་དང་། སྒྱུར་བཅོས་ཇུས་གཞི་དོན་འཁྱོལ་བྱེད་པ་དང་རྒྱལ་ཁབ་ཀྱི་ལྟ་སྐུལ་བཅའ་ཁྲིམས་བཟོ་རྒྱུར་སྐུལ་འདེད་བཏང་ནས་རྒྱལ་ཁབ་ཀྱི་ལྟ་སྐུལ་ཨུ་ཡོན་ལྷན་ཁང་གྲབས་འཛུགས་བྱེད་དགོས། ཀྲུང་དབྱང་གི་ཚོད་ལྟའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གིས་མཛུབ་ཁྲིད་དང་། མཐུན་སྦྱོར། ཞབས་ཞུ་བཅས་ལ་ཤུགས་སྣོན་རྒྱག་པ་དང་། ཚོད་ལྟའི་ཁུལ་གྱི་ཏང་ཨུད་ཀྱིས་འགན་གཙོ་བོ་འཁུར་བ། སྒྲིག་ཨུད་ཀྱིས་སྒྲིག་འཛུགས་ལག་བསྟར་ལ་དམ་འཛིན་ཡག་པོ་བྱེད་པ། སྲིད་འཛིན་ལྟ་སྐུལ་དང་། རུལ་སུངས་སྔོན་འགོག ཞིབ་དཔྱོད་ལས་ཁུངས་ཀྱིས་ལྐོག་རྔན་སྤྲོད་ལེན་དང་འགན་འཛོལ་ཤོར་བར་ཞིབ་བཤེར་ཐག་གཅོད་བྱེད་པ་དང་དེ་བཞིན་ལས་ཐོག་ཉེས་གསོག་སྔོན་འགོག་བྱེད་པ་སོགས་ཀྱི་ལས་ཀའི་སྟོབས་ཤུགས་བསྡུ་སྒྲིལ་བྱས་ནས་ཞིང་ཆེན་དང་། གྲོང་ཁྱེར། རྫོང་བཅས་རིམ་པ་གསུམ་གྱི་ལྟ་ཞིབ་ཨུ་ཡོན་ལྷན་ཁང་འཛུགས་པ་དང་གཅིག་སྡུད་གཅིག་གྱུར་དང་དབང་གྲགས་ནུས་ཆེའི་ལྟ་ཞིབ་མ་ལག་འཛུགས་དགོས།
         ལྔ་པ། དར་ཆའི་ལངས་ཕྱོགས་བརྟན་པོ་དང་དམིགས་ཚད་ལས་འགན་ལ་དམ་པོར་དམིགས་ཏེ་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཐམས་ཅད་ལས་ལྷག་པའི་རྣམ་པ་སྲ་བརྟན་དུ་གཏོང་དགོས། ཕྱོགས་ཡོངས་ནས་སྒྲིག་ཁྲིམས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་སྒྲིག་ཁྲིམས་ལག་བསྟར་ལ་ལྟ་སྐུལ་བྱེད་པའི“རྣམ་པ་བཞི”ནུས་ལྡན་ངང་སྤྱད་དེ་རྒྱུན་གཏན་གྱི་དོ་དམ་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་པའི་ཐད་ཤུགས་རྒྱག་དགོས། དམ་བསྒྲགས་རྣམ་པ་མུ་མཐུད་རྒྱུན་འཁྱོངས་བྱེད་པ་དང་། ཤུགས་ཚད་ཆུང་དུ་མི་གཏོང་བ་དང་མྱུར་ཚད་འགྱུར་བ་མི་གཏོང་བར་རུལ་སུངས་ཐོན་ཚད་མཐའ་གཅིག་ཏུ་ཉུང་དུ་གཏོང་བ་དང་། མང་དུ་འགྲོ་བ་གཏན་འགོག་བྱེད་དགོས། མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་ཞིབ་བཤེར་ཐག་གཅོད་ནན་པོ་བྱས་ནས་རུལ་སུངས་ལ་ངོ་རྒོལ་གྱི་རྒྱལ་སྤྱིའི་མཉམ་ལས་གཏིང་ཟབ་ཏུ་གཏོང་དགོས། དཔེ་མཚོན་གྱོད་གཞིར་དབྱེ་ཞིབ་གཏིང་ཟབ་བྱེད་པ་དང་འགྱོད་བཤགས་ཟིན་ཐོ་ཡོངས་བསྒྲགས་ཐུབ་པའི་རིགས་ཚང་མ་ཡོངས་བསྒྲགས་བྱས་ནས་ལྡོག་ཕྱོགས་ཀྱི་སློབ་གཞིའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས།
          དྲུག་པ། སྐབས་འདིའི་ལེགས་གྲུབ་ཟིན་པའི་སྒྲིག་བཤེར་ལམ་སྲོལ་སྒྱུར་བཅོས་ལས་འགན་ལ་དམིགས་ནས་ལག་བསྟར་གྲུབ་འབྲས་ཕྱོགས་སྡོམ་བྱེད་དགོས། ཀྲུང་དབྱང་གིས་ཐད་ཀར་དོ་དམ་བྱེད་པའི་མཐོ་སློབ་ལ་སྐོར་གཟིགས་བྱེད་པ་དང་ཏང་ཀྲུང་དབྱང་གི་སྐབས་གཅིག་གི་ལས་འགན་འཁུར་ཡུན་གྱི་ཡོངས་ཁྱབ་སྐོར་གཟིགས་དམིགས་ཚད་མངོན་འགྱུར་བྱེད་པ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་སྐོར་གཟིགས་ལས་ཀའི་ཉམས་མྱོང་ཕྱོགས་སྡོམ་བྱས་ནས་སྐོར་གཟིགས་གསར་གཏོད་ལག་ལེན་དེ་ལམ་ལུགས་ཀྱི་གྲུབ་འབྲས་ལ་འགྱུར་བ་བྱེད་དགོས། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་དམིགས་ཏེ“སྒྱུར་བ་གསུམ”རྒྱུན་མཐུད་ངང་གཏིང་ཟབ་ཏུ་གཏོང་བ་དང་། སྒྲིག་བཤེར་ལས་ཁུངས་ཀྱི་ནང་ངོས་སྒྲིག་སྲོལ་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ། བཅའ་སྡོད་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས་ལྟ་སྐུལ་གྱི་ནུས་པ་འདོན་དགོས།
          བདུན་པ། རང་འགུལ་ངང་འབད་འཐབ་བྱས་ནས་ཏང་དང་མི་དམངས་ཀྱི་མངགས་བཅོལ་ཟབ་མོ་ཆུད་ཟོས་སུ་གཏན་ནས་གཏོང་རྒྱུ་མེད། སྒྲིག་ཨུད་འགོ་ཁྲིད་ཚན་ཁག་གི་སྐབས་བརྗེའི་ལས་དོན་ཡག་པོ་བསྒྲུབས་ནས་ལས་བྱེད་པ་འདེམས་བསྐོ་དང་། གསོ་སྐྱོང་། སྤེལ་རེས། བེད་སྤྱོད་བཅས་ལ་སྤྱི་འདོམས་བྱེད་པ་དང་ལྟ་སྐུལ་དང་སྒྲིག་ཁྲིམས་ལག་བསྟར་གྱི་ལས་དོན་སྒྲིག་སྲོལ་དོན་འཁྱོལ་ནན་པོ་བྱས་ཏེ་ཏང་ཐུགས་བློ་བདེ་བ་དང་མི་དམངས་བློ་ཡིད་ཚིམ་པའི་དཔུང་ཁག་ཅིག་འཛུགས་སྐྱོང་བྱེད་དགོས།
         ཚང་འཛོམས་གྲོས་ཚོགས་ཐོག་《ཀྲུང་གོ་གུང་ཁྲན་ཏང་སྒྲིག་ཁྲིམས་ཞིབ་བཤེར་ལས་ཁུངས་ཀྱི་ལྟ་སྐུལ་དང་སྒྲིག་ཁྲིམས་ལག་བསྟར་གྱི་ལས་ཀའི་སྒྲིག་སྲོལ་(ཚོད་ལྟའི་ལག་བསྟར)》ལ་གྲོས་ཞིབ་བྱས་པ་རེད། ཏང་ཀྲུང་དབྱང་གིས་སྒྲིག་བཤེར་ལས་བྱེད་དཔུང་ཁག་འཛུགས་སྐྱོང་ལ་ཚད་མཐོའི་མཐོང་ཆེན་གནང་ནས་སྒྲིག་བཤེར་ལས་ཁུངས་ལ་རེ་བ་མཐོ་པོ་བཅོལ་ཡོད། ལྟ་སྐུལ་དང་སྒྲིག་ཁྲིམས་ལག་བསྟར་གྱི་ལས་དོན་སྒྲིག་སྲོལ་བཟོ་བ་ནི་སྒྲིག་བཤེར་ལས་ཁུངས་ཀྱིས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ལག་བསྟར་བྱེད་པ་དང་། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་བཀོད་སྒྲིག་དོན་འཁྱོལ་བྱེད་པ། རང་ངོས་གཅུན་འདོམས་ཤུགས་ཆེན་བྱ་རྒྱུར་སྣེ་ཁྲིད་བྱེད་པ། ལྟ་སྐུལ་དང་སྒྲིག་ཁྲིམས་ལག་བསྟར་གྱི་དབང་ཆ་ལམ་ལུགས་ཀྱི་རླུང་ཙིའི་ནང་འཇུག་པ། བྱ་སྤྱོད་ངོ་མའི་ཐོག་ནས་གཞན་སྐྱོན་མ་བརྗོད་གོང་རང་སྐྱོན་ལ་བརྟག་པ་བཅས་བྱས་ཏེ་རང་གཅུན་ནན་པའི་འགན་ཁུར་དང་ཆོད་སེམས་གང་ལེགས་མངོན་པ་བྱེད་དགོས་པའི་ངོས་འཛིན་མཐའ་གཅིག་ཏུ་བྱས་པ་རེད། ཚང་འཛོམས་གྲོས་ཚོགས་ཐོག་སྒྲིག་སྲོལ་ནང་ལྟ་སྐུལ་དང་སྒྲིག་ཁྲིམས་ལག་བསྟར་གྱི་ལས་དོན་གོ་རིམ་ལ་དམ་པོར་དམིགས་ནས་དགོངས་སྐོར་སྙན་སེང་ཞུ་བ་དང་། ཁུངས་སྣེ་ཐག་གཅོད། ཞིབ་བསྡུར་རགས་ཙམ། གྱོད་དོན་ཐོ་འགོད་ཞིབ་བཤེར། གྱོད་གཞིར་འདྲི་ཞིབ། གྱོད་འབྲེལ་དངུལ་དང་དངོས་ཟོག་དོ་དམ་སོགས་ཀྱི་ལས་དོན་སྒྲིག་སྲོལ་ཁ་གསལ་བཟོ་བ་དང་། གླེང་མོལ་དང་འཕྲིན་བསྐུར་འདྲི་རྩད་ཀྱི་ལས་ཀའི་གོ་རིམ་དང་། སྒྲིག་ཁྲིམས་ལག་བསྟར་ཞིབ་བཤེར་གྱི་ཞིབ་བཤེར་མཆན་འགོད་དབང་ཆ། བརྟག་དཔྱད་གླེང་མོལ་དང་དཔང་རྟགས་བསྡུ་རུབ་བཅས་ཀྱི་ཞིབ་ཕྲའི་བླང་བྱ་གཏན་འབེབས་བྱེད་པ། ནུས་ལྡན་དང་ཕན་ཡོད་ཀྱི་བྱ་ཐབས་དངོས་བསྡུ་རུབ་ཀྱིས་ལམ་ལུགས་ཚད་ལྡན་དུ་གྱུར་པ་བྱས་ནས་སྒྲིག་ཨུད་ཀྱི་རང་ངོས་ལྟ་སྐུལ་དེ་ཏང་ནང་ཁུལ་གྱི་ལྟ་སྐུལ་དང་སྤྱི་ཚོགས་ཀྱི་ལྟ་སྐུལ་སོགས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་ཏང་དང་མི་དམངས་ཀྱིས་དཀྲིས་པའི་དབང་ཆ་གང་བྱུང་དུ་མི་སྤྱོད་པའི་འགན་ལེན་བྱེད་དགོས། ཀྲུང་དབྱང་སྒྲིག་ཨུད་ཀྱིས་སྣེ་ཁྲིད་ནས་སྒྲིག་སྲོལ་ལག་བསྟར་བྱས་ཏེ་ལྟ་སྐུལ་དང་སྒྲིག་ཁྲིམས་ལག་བསྟར་གྱི་ལས་དོན་ལ་འགོ་ཁྲིད་དང་། དོ་དམ། ལྟ་སྐུལ་བཅས་ལ་ཤུགས་སྣོན་རྒྱག་དགོས་པ་དང་རིམ་ཁག་སྒྲིག་ཨུད་ཀྱིས་རང་ངོས་འཛུགས་སྐྱོང་གི་བྱེད་པོའི་འགན་འཁྲི་ཏན་ཏིག་ཁུར་ནས་སྒྲིག་ཁྲིམས་ལག་བསྟར་བྱེད་སྐབས་སྒྲིག་ཁྲིམས་ལས་འགལ་བ་དང་ལས་ཤོར་འགན་ཤོར་གྱི་བྱེད་སྤྱོད་ཐག་གཅོད་ནན་པོ་བྱེད་དགོས་ཞེས་བསྟན་ཡོད།
          ཚང་འཛོམས་གྲོས་ཚོགས་ཐོག་ཏང་གི་སྒྲིག་ཡིག་གི་གཏན་འབེབས་གཞིར་བཟུང་བློ་མཐུན་ལི་ཧྲུའུ་ལེ་ཀྲུང་གུང་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་ཧྲུའུ་ཅི་གཞོན་པར་བདམས་པ་རེད།
         ཚང་འཛོམས་གྲོས་ཚོགས་ཐོག་བློ་མཐུན་ཝང་ཀྲུང་ཐན་གྱིས་སྒྲིག་ཁྲིམས་ལས་ཚབས་ཆེན་འགལ་བའི་གནད་དོན་དང་བློ་མཐུན་ལི་ཅན་པོ་ཡིས་སྒྲིག་ཁྲིམས་ལས་འགལ་བའི་གནད་དོན་སྐོར་གྱི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཞིབ་བཤེར་སྙན་ཞུར་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་སྟེ། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་དེ་གོང་བློ་མཐུན་ཝང་ཀྲུང་ཐན་ལ་ཏང་ནང་ཁུལ་གྱི་གོ་གནས་ཕྱིར་འཐེན་བྱེད་པའི་ཆད་པ་བཅད་པ་དང་། བློ་མཐུན་ལི་ཅན་པོ་ལ་ཏང་ནང་ཁུལ་གྱི་ཐ་ཚིག་ནན་པོ་སྒྲོག་པའི་ཉེས་ཆད་གཏོང་བའི་བཀའ་བཏང་བ་དང་། དེའི་ཀྲུང་དབྱང་སྒྲིག་ཨུད་ཨུ་ཡོན་གྱི་གོ་གནས་ཕྱིར་འཐེན་བྱ་རྒྱུའི་གཏན་འབེབས་གཏན་འཁེལ་བྱས་པ་རེད།
          ཚང་འཛོམས་གྲོས་ཚོགས་ཐོག་བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ཏེ་ཁེངས་སྐྱུར་གཟབ་ནན་དང་ང་རྒྱལ་དང་འཚབ་འཚུབ་སྤོང་བ་དང་། ཐོག་མའི་བསམ་འདུན་མ་བརྗེད་པར་མུ་མཐུད་མདུན་སྐྱོད། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་བ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་ཕན་འབྲས་གསར་པ་རྒྱུན་ཆད་མེད་པར་ཐོབ་པ་བཅས་བྱས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པར་རྒྱལ་ཁ་གསར་པ་ལེན་ཆེད་འགན་ལེན་ནུས་ལྡན་བྱས་ཏེ་ཏང་དང་མི་དམངས་ལ་བློ་ཡིད་ཚིམ་པའི་རྒྱུགས་ལན་ཞིག་འབུལ་དགོས་པའི་འབོད་སྐུལ་བྱས་པ་རེད།