མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུང་དབྱང་དམག་ཨུད་ཀྱིས་པེ་ཅིང་དུ་བཅའ་བཞུགས་དཔུང་སྡེའི་ལས་བྱེད་པ་རྒན་གྲས་ལ་
འཚམས་འདྲི་ཞུ་བའི་དཔྱིད་གསར་བསུ་བའི་རིག་རྩལ་འཁྲབ་སྟོན་བྱེད་སྒོ་གཉེར་བ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་15ཉིན། 13:09】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཀྲུང་དབྱང་དམག་ཨུད་ཀྱིས་པེ་ཅིང་དུ་བཅའ་བཞུགས་དཔུང་སྡེའི་ལས་བྱེད་པ་རྒན་གྲས་ལ་
འཚམས་འདྲི་ཞུ་བའི་དཔྱིད་གསར་བསུ་བའི་རིག་རྩལ་འཁྲབ་སྟོན་བྱེད་སྒོ་གཉེར་བ།

           མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་13ཉིན་གྱི་ཕྱི་དྲོ་ཀྲུང་དབྱང་དམག་ཨུད་ཀྱིས་པེ་ཅིང་དུ་བཅའ་བཞུགས་དཔུང་སྡེའི་ལས་བྱེད་པ་རྒན་གྲས་ལ་འཚམས་འདྲི་ཞུ་བའི་དཔྱིད་གསར་བསུ་བའི་རིག་རྩལ་འཁྲབ་སྟོན་བྱེད་སྒོ་གཉེར་བ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞིས་ཅིན་ཕིང་གིས་འདི་གར་ཡོད་པའི་དམག་དཔུང་གི་བློ་མཐུན་རྒན་གྲས་དང་དམག་ཡོངས་ཀྱི་ལས་བྲལ་དང་ལས་འཁྱུར་ངལ་གསོ་བསྐྱོན་པའི་ལས་བྱེད་པ་རྒན་གྲས་ལ་དཔྱིད་གསར་གྱི་སྨོན་འདུན་བཟང་པོ་ཞུས་པ་རེད།
             རྒྱལ་ཁའི་གླུ་དབྱངས་ལེན་བཞིན་དཔའ་སྟོབས་མངོན། དཔྱིད་ཀྱི་དཔལ་ཡོན་བཞད་བཞིན་བརྩེ་བས་ཕྱུག དེ་ཉིན་མི་རིགས་རང་བཙན་དང་བཅིངས་འགྲོལ་ཆེད་བྱས་རྗེས་རླབས་པོ་ཆེ་འཇོག་མཁན་དང་། རྒྱལ་ཁབ་འཛུགས་སྐྲུན་དང་དམག་དཔུང་འཛུགས་སྐྱོང་ཆེད་ལེགས་སྐྱེས་མངོན་གསལ་དོད་པོ་འབུལ་མཁན་པེ་ཅིང་དུ་བཅའ་བཞུགས་དཔུང་སྡེའི་ལས་བྱེད་པ་རྒན་གྲས། ཀྲུང་གོ་ཟློས་གར་ཁང་དུ་དགའ་སྤྲོ་ལྷན་འཛོམས་ཀྱིས་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་དུས་ཆེན་ཏེ་བྱ་ལོའི་དཔྱིད་གསར་དུས་ཆེན་འཆར་རྒྱུར་ལྷན་དུ་བསུ་བ་ཞུས་ཡོད་པ་རེད།
           ཕྱི་དྲོའི་ཆུ་ཚོད་3དང་ཕྱེད་ཀར། ཞིས་ཅིན་ཕིང་བློ་མཐུན་ཚོའི་ཁྲོད་དུ་ཕེབས་སྐབས། ཚོགས་ར་ཡོངས་སུ་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་གྲགས་ཤིང་། ཞིས་ཅིན་ཕིང་གིས་ཚང་མ་དང་བྱམས་བརྩེའི་ངང་ཕྱག་གཏོང་རེས་གནང་བཞིན་ཁོང་ཚོའི་གཟུགས་པོ་དང་འཚོ་བའི་གནས་ཚུལ་བརྩེ་བ་ཟབ་མོའི་ངང་བཀའ་འདྲི་གནང་བ་དང་། འདས་ཟིན་པའི་ལོ་གཅིག་ནང་། ཏང་དང་རྒྱལ་ཁབ་དང་དམག་དཔུང་གི་བྱ་གཞག་འཕེལ་རྒྱས་ལ་འོད་སྟོང་འཕྲོ་བའི་གྲུབ་འབྲས་ཐོབ་པར་ལྷན་དུ་ཕྱིར་དྲན་གནང་ནས་རྒྱལ་ཁབ་དང་དམག་དཔུང་སྟོབས་ཆེན་གྱི་མཛེས་སྡུག་ལྡན་པའི་མདུན་ལམ་ལ་རྒྱང་ལྟ་གནང་བ་རེད། བློ་མཐུན་རྒན་གྲས་ཚོས་བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་བས་དམ་ཟབ་བྱས་ནས་ཆབ་སྲིད་ཀྱི་འདུ་ཤེས་དང་། ཁྱོན་ཡོངས་ཀྱི་འདུ་ཤེས། སྲོག་ཤིང་གི་འདུ་ཤེས། མི་ལྟོས་ཀྱི་འདུ་ཤེས་བཅས་ཟབ་ཏུ་བཏང་སྟེ་ཐོག་མའི་བསམ་འདུན་མ་བརྗེད་པར་མུ་མཐུད་མདུན་སྐྱོད་བྱེད་པ་དང་། དམག་དཔུང་སྟོབས་ཆེན་གྱི་དམིགས་ཚད་མངོན་འགྱུར་དང་འཛམ་གླིང་གི་དམག་དཔུང་རྩེ་གྲ་འཛུགས་སྐྱོང་གི་བྱ་གཞག་ལ་རྒྱབ་སྐྱོར་ཧུར་ཐག་བྱས་ནས་ཡིད་ཆེས་ཀྱིས་ཁེངས་བཞིན་ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་རྒྱུ་ཡིན་ཞེས་བཤད་པ་རེད།
           མཉམ་སྒྲོག་རོལ་དབྱངས་དང་མཉམ་གཞས་《མི་དམངས་དམག་དཔུང་གིས་ཏང་ལ་བློ་དཀར་སེམས་དཀར་བྱེད་》ཅེས་པའི་བརྗིད་ཉམས་ལྡན་པའི་འགྱུར་ཁུག་ཁྲོད་རིག་རྩལ་འཁྲབ་སྟོན་བྱེད་འགོ་ཚུགས་ཤིང་། སྣེ་ལེན་གླུ་གཞས་དང་མཉམ་གཞས་ཐུང་ངུ་《གླུ་ཞིག་བླངས་ནས་ཏང་ལ་ཕུལ་》ཞེས་པ་དང་། 《ང་ཚོ་གུང་ཁྲན་ཏང་མི་ས་བོན་དང་མཚུངས》 《མཛའ་བརྩེ་ཟབ་མོ》 《གུང་ཁྲན་ཏང་གི་རྗེས་སུ་འབྲངས་ནས་སྐྱོད་》ཅེས་པ་སོགས་གླུ་རྙིང་གསར་ལེན་གྱི་རྣམ་པའི་ཐོག་ནས“རིག་རྩལ་རྟ་དམག་ཧྲག་པོའི་རུ་ཁག”གིས་དམག་ལ་ཞབས་འདེགས་ཞུ་བའི་གསོན་ཉམས་ལྡན་པའི་རྣམ་པ་དང་མཉམ་འདྲེས་དམ་ཟབ་ཐུབ་པ་བྱས་ཏེ། མི་དམངས་དམག་དཔུང་གིས་ཕུལ་བྱུང་སྲོལ་རྒྱུན་རྒྱུན་འཛིན་དང་གསར་བརྗེའི་སྲོལ་རྒྱུན་རྒྱུན་འཛིན་གྱིས་བསྐྱོད་པའི་འོད་སྟོང་འཕྲོ་བའི་ལམ་བུར་སྤྲོ་སེམས་འཁོལ་པོས་བསྟོད་གླུ་ཕུལ་བ་རེད། ཚེ་བརྟན་སྒྲོལ་མ་དང་། ཀེང་ལན་ཕུང་། ཁེ་ལི་མོ་སོགས་སྒྱུ་རྩལ་མཁས་པ་རྒན་གྲས་གར་སྟེགས་ཐོག་ཕེབས་ནས་《ཀྲུང་གོ ཀྲུང་གོ ནམ་ཡང་མི་ནུབ་པའི་ཉི་མ་དམར་པོ་》དང་། 《ཨ་ཁུ་ཁུར་པན་ཁྱེད་གང་དུ་ཕེབས་སམ》 《ཡར་ལངས་ཞིང་བྲན་གྱིས་གླུ་དབྱངས་ལེན་》ཞེས་པ་སོགས་སྙན་འཇེབས་ལྡན་པའི་གླུ་གཞས་རྙིང་པ་མང་པོ་བཏང་ནས་ཏང་དང་མི་དམངས་དམག་དཔུང་ལ་བརྩེ་སེམས་ཟབ་མོ་འཆང་ལུགས་མཚོན་པར་བྱས་པས། བློ་མཐུན་རྒན་གྲས་ཚོའི་དགའ་བསུ་ཆེན་པོ་ཐོབ་པ་དང་ཚོགས་ར་ཡོངས་སུ་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲས་ཁེངས། སྣེ་ལེན་གླུ་གཞས་དང་མཉམ་གཞས《སྒྱུར་བཅོས་དཔུང་ཆེན་གྱི་མདུན་སྐྱོད་གླུ་དབྱངས་》དང་《གཡུལ་ལས་རྒྱལ་བ་བྱེད་རྒྱུ་ཡིན་》ཞེས་པ་སོགས་སྙན་འཇེབས་ལྡན་ལ་སྐད་གསང་མཐོན་པོའི་དམག་འཐབ་ཀྱི་གླུ་དབྱངས་བླངས་ནས་དམག་ཡོངས་ཀྱི་དཔོན་དམག་ཚོས་དམག་དཔུང་སྟོབས་ཆེན་གྱི་ལམ་བུར་གོམ་ཞེང་ཆེན་པོས་སྐྱོད་པའི་དཔའ་ཉམས་མངོན་པར་བྱས་ཡོད་པ་རེད། 《ཏང་གི་བཀོད་འདོམས་ལ་ཉན་པའི་གླུ་གཞས་》དང་། 《སྒྲིག་ཁྲིམས་ཆེན་པོ་གསུམ་དང་དོ་སྣང་བྱེད་དགོས་པ་བརྒྱད》 《ཀུན་སེམས་གཅིག་སྒྲིལ་》བཅས་སྐད་གསང་མཐོན་པོའི་གླུ་གཞས་ལས་རྒྱ་ཆེའི་དཔོན་དམག་ཚོས་སྲོག་ཤིང་སྲུང་སྐྱོང་དང་། དམག་མིའི་བླ་སྲོག་བརྟན་སྲུང་། དཔའ་ངར་ཆེན་པོས་མདུན་སྐྱོད་བྱེད་པ་བཅས་ཀྱི་འགྱུར་མེད་ཆོད་སེམས་མཚོན་པར་བྱས་པས་འཁྲབ་སྟོན་ཧྲིལ་པོའི་མཐོ་རླབས་གསར་པ་ཞིག་འཕྱུར་བ་བྱས་པ་རེད།