མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ལིའུ་ཡུན་ཧྲན་གྱིས་མཆན་བཀོད་མཛུབ་སྟོན་གནང་སྟེ་མི་དམངས་དྲ་བ་ཤར་གཏོང་བྱས་ནས་
ལོ་20འཁོར་བར་རྟེན་འབྲེལ་ཞུས་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་17ཉིན། 14:40】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ལིའུ་ཡུན་ཧྲན་གྱིས་མཆན་བཀོད་མཛུབ་སྟོན་གནང་སྟེ་མི་དམངས་དྲ་བ་ཤར་གཏོང་བྱས་ནས་
ལོ་20འཁོར་བར་རྟེན་འབྲེལ་ཞུས་པ།

          མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་16ཉིན། མི་དམངས་དྲ་བ་ཤར་གཏོང་བྱས་ནས་ལོ་20འཁོར་བའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཀྲུང་དབྱང་དྲ་རྒྱ་བདེ་འཇགས་དང་ཆ་འཕྲིན་ཅན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་གཙོ་གཞོན་པ་ལིའུ་ཡུན་ཧྲན་གྱིས་མི་དམངས་དྲ་བ་ཤར་གཏོང་བྱས་ནས་ལོ་20འཁོར་བར་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་བ་རེད།
           མཆན་བཀོད་མཛུབ་སྟོན་གྱི་ནང་དོན་ཧྲིལ་པོ་གཤམ་གསལ།
           མི་དམངས་དྲ་བ་ཤར་གཏོང་བྱས་ནས་ལོ་20འཁོར་བར་རྟེན་འབྲེལ་ཞུ། ལོ་20རིང་ལ། མི་དམངས་དྲ་བས་ལས་འགན་དང་འགན་འཁྲི་སེམས་ལ་བརྟན་པོ་ངེས་པ་དང་། བློ་བརྟན་འགྱུར་མེད་ཀྱིས་བསྒྱུར་བཅོས་གསར་གཏོད་བྱེད་པ། འབད་བརྩོན་ཆེན་པོས་རྒྱ་ཆེ་སྟོབས་ཆེར་འགྱུར་བར་བྱེད་པ་བཅས་ཀྱི་སྒོ་ནས་གླེང་ཕྱོགས་ཀྱི་ཁྲིད་སྟོན་ནུས་པ་དང་། སྤྱི་ཚོགས་ལ་བག་ཆགས་འཇོག་ནུས། ཕྱི་ཕྱོགས་ལ་ཁྱབ་སྤེལ་བྱེད་ཤུགས་བཅས་རྒྱུན་་ཆད་མེད་པར་ཆེ་རུ་བཏང་བ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་གཏིང་ཟབ་པོ་དང་། སྤྱི་ཁྱབ་ཧྲུའུ་ཅིའི་གསར་འགྱུར་གླེང་ཕྱོགས་དང་དྲ་རྒྱའི་དྲིལ་བསྒྲགས་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བསྟར་ཏེ་ཆབ་སྲིད་ཀྱི་འདུ་ཤེས་དང་། ཁྱོན་ཡོངས་ཀྱི་འདུ་ཤེས། ལྟེ་བའི་འདུ་ཤེས། གཅིག་གྱུར་གྱི་འདུ་ཤེས་བཅས་འཛིན་ཤུགས་ཆེ་རུ་གཏོང་བ་དང་། ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་དང་། གླེང་ཕྱོགས་ཀྱི་འཁྲིད་སྟོན། རིན་ཐང་གི་ལྟ་བ་འཛིན་ཕྱོགས་བཅས་དམ་པོ་འཛིན་པ། རང་ངོས་ཏང་གི་འཛུགས་སྐྱོང་དང་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། ལེགས་ཆ་འདོན་སྤེལ་དང་ཁྱད་ཆོས་ལྡན་པར་འཛུགས་གཉེར་སྔར་ལས་ལྷག་པར་བྱེད་པ་བཅས་ཀྱི་སྒོ་ནས་མི་དམངས་དྲ་བ་དེ་ཉིད་བག་ཆགས་འཇོག་ནུས་ཁྱབ་རྒྱ་ཆེན་པོ་ལྡན་པའི་དྲ་རྒྱ་སྤུས་རྟགས་ཤིག་ཏུ་འཛུགས་སྐྱོང་བྱས་ཏེ་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ཁྱོན་ཡོངས་ལ་ཞབས་འདེགས་སྔར་ལས་ལེགས་པར་ཞུས་ཐོག་ཕུལ་བྱུང་གི་གྲུབ་འབྲས་བཞག་ནས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པ་རྒྱལ་ཁའི་ངང་འཚོག་པར་བསུ་བ་བྱ་དགོས་པའི་རེ་བ་བྱེད་ཀྱི་ཡིན།

༄༅།།ལིའུ་ཡུན་ཧྲན་གྱིས་མཆན་བཀོད་མཛུབ་སྟོན་གནང་སྟེ་མི་དམངས་དྲ་བ་ཤར་གཏོང་བྱས་ནས་
ལོ་20འཁོར་བར་རྟེན་འབྲེལ་ཞུས་པ།