མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།《ཞིས་ཅིན་ཕིང་གི་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་མི་སྣའི་ཧང་ཀྲོའུ་དབུ་ཚོགས་ཐོག་
གི་གསུང་བཤད་བདམས་བསྒྲིགས》དཔེ་སྐྲུན་འགྲེམས་སྤེལ་བྱས་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་18ཉིན། 09:06】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

         མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་16ཉིན། 《ཞིས་ཅིན་ཕིང་གི་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་མི་སྣའི་ཧང་ཀྲོའུ་དབུ་ཚོགས་ཐོག་གི་གསུང་བཤད་བདམས་བསྒྲིགས་》ཞེས་པའི་དེབ་དེ་ཉེ་དུས་ཕྱི་རྒྱལ་སྐད་ཡིག་དཔེ་སྐྲུན་ཁང་གིས་རྒྱ་ཡིག་དང་དབྱིན་ཡིག་གི་ཐོག་ནས་རྒྱལ་ཁབ་ཕྱི་ནང་དུ་དཔེ་སྐྲུན་འགྲེམས་སྤེལ་བྱས་པ་རེད།
          རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་མི་སྣའི་དབུ་ཚོགས་ཐེངས་བཅུ་གཅིག་པ་དེ་2016ལོའི་ཟླ་9པར་ཧང་ཀྲོའུ་རུ་གྲུབ་འབྲས་ཐོབ་པའི་ངང་གཉེར་ཞིང་། ཀྲུའུ་ཞི་ཞིས་ཅིན་ཕིང་གིས་དབུ་ཚོགས་ཐོག་གསུང་བཤད་གལ་ཆེན་རབ་དང་རིམ་པ་གནང་ནས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་སྐོར་གྱི་ཀྲུང་གོའི་སྲིད་ཇུས་འདོད་ཚུལ་ཕྱོགས་ཡོངས་ནས་རྒྱས་བཤད་གཏིང་ཟབ་བྱས་ཏེ་འཛམ་གླིང་གི་དཔལ་འབྱོར་སླར་གསོ་དང་འཕེལ་རྒྱས་ཐད་ཀྲུང་གོའི་བློ་རིག་ལེགས་སྐྱེས་ཕུལ་བ་དང་ཀྲུང་གོའི་ཇུས་གཞི་བཏོན་ཏེ་འཛམ་གླིང་དཔལ་འབྱོར་འཕར་བའི་འཆར་གཞི་གསར་པ་འགོད་པ་དང་རེ་བ་གསར་པ་འདོན་པའི་ཐད་རྒྱལ་ཁབ་ཕྱི་ནང་དུ་ཚུར་སྣང་ལན་ཆ་དྲག་པོ་བྱུང་ཡོད།
         《ཞིས་ཅིན་ཕིང་གི་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་མི་སྣའི་ཧང་ཀྲོའུ་དབུ་ཚོགས་ཐོག་གི་གསུང་བཤད་བདམས་བསྒྲིགས་》ཞེས་པའི་དེབ་དེའི་ནང་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་རྒྱལ་ཁབ་ཉི་ཤུ་ཚོགས་པའི་བཟོ་ཚོང་དབུ་ཚོགས་འགོ་ཚུགས་མཛད་སྒོའི་ཐོག་གནང་བའི་གསུང་བཤད་དང་། རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་མི་སྣའི་ཧང་ཀྲོའུ་དབུ་ཚོགས་ཐོག་གི་འགོ་འཛུགས་གསུང་བཤད་དང་མཇུག་འགྲིལ་གསུང་བཤད། རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་མི་སྣའི་ཧང་ཀྲོའུ་དབུ་ཚོགས་ཐོག་གི་དུས་མཚམས་ལྔའི་ཚོགས་འདུའི་ཐོག་གི་སྣེ་ཁྲིད་གསུང་བཤད་དང་ཕྱོགས་སྡོམ་གསུང་བཤད་སོགས་གསུང་བཤད་གལ་ཆེན་17བཏུས་ཡོད་པ་རེད།