མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ལི་ཁེ་ཆང་གིས་སློབ་གསོ་དང་། ཚན་རྩལ། རིག་གནས། འཕྲོད་བསྟེན། ལུས་རྩལ་བཅས་ལས་
རིགས་ཁག་གི་མི་སྣ་དང་གཞི་རིམ་མང་ཚོགས་ཀྱི་འཐུས་མི་དང་
བཞུགས་མོལ་ཚོགས་འདུ་འཚོགས་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་19ཉིན། 14:36】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ལི་ཁེ་ཆང་གིས་སློབ་གསོ་དང་། ཚན་རྩལ། རིག་གནས། འཕྲོད་བསྟེན། ལུས་རྩལ་བཅས་ལས་
རིགས་ཁག་གི་མི་སྣ་དང་གཞི་རིམ་མང་ཚོགས་ཀྱི་འཐུས་མི་དང་
བཞུགས་མོལ་ཚོགས་འདུ་འཚོགས་པ།

          མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་16ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་ནས་《སྲིད་གཞུང་གི་ལས་དོན་སྙན་སྒྲོན་(བསམ་འཆར་བསྡུ་ལེན་གྱི་འཆར་ཟིན)》ཐད་ཀྱི་སློབ་གསོ་དང་། ཚན་རྩལ། རིག་གནས། འཕྲོད་བསྟེན། ལུས་རྩལ་བཅས་ལས་རིགས་ཁག་གི་མི་སྣ་དང་གཞི་རིམ་མང་ཚོགས་ཀྱི་འཐུས་མིའི་བསམ་འཆར་དང་གྲོས་འགོ་གསན་པ་རེད།
         ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལི་བཞུགས་མོལ་ཚོགས་འདུར་ཕེབས་ཡོད།
         ཚོགས་འདུའི་ཐོག་འཐུས་མི་8ཀྱིས་རང་ངོས་ཀྱི་ལས་ཀའི་ཁྱབ་ཁོངས་དང་ཟུང་འབྲེལ་བྱས་ནས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་འཐུས་སྒོ་ཚང་དུ་གཏོང་རྒྱུའི་ཐད་རང་ཉིད་ཀྱི་ལྟ་ཚུལ་བརྗོད་པ་རེད། ལི་ཁེ་ཆང་གིས་ནན་ཏན་ངང་གསན་རྗེས་འཐུས་མི་ཚོས་བཏོན་པའི་གྲོས་འགོར་ལན་ཧུར་ཐག་བསྐྱོན་པ་རེད། ཁོང་གིས་ན་ནིང་བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་འོག་རྒྱལ་ཡོངས་གོང་འོག་ཚང་མ་དང་སྤྱི་ཚོགས་ལས་རིགས་ཁག་གིས་ཐུན་མོང་ཐོག་འབད་བརྩོན་བྱས་པ་བརྒྱུད་རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ཐོབ་དཀའ་བའི་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་པས་ངེས་པར་དུ་དེར་གཅེས་སྤྲས་ལྡབ་བརྒྱ་བྱེད་དགོས། སྲིད་གཞུང་ལས་དོན་གྱི་དམིགས་ཡུལ་ནི་མི་དམངས་རྣམས་འཚོ་བ་སྐྱིད་པོ་སྐྱེལ་ཐུབ་པ་བྱ་རྒྱུ་དེ་ཡིན་པས་ངེས་པར་དུ་ཕྱོགས་ཁག་གི་བསམ་འཆར་གང་ལེགས་ཉན་དགོས་ལ་མི་དམངས་ཀྱི་གནས་ཚུལ་དང་འདོད་བློ་ཤེས་རྟོགས་གཏིང་ཟབ་བྱེད་དགོས། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་བཀོད་སྒྲིག་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་མཐུན་སྦྱོར་ངང་འཕེལ་རྒྱས་ཡོང་རྒྱུར་སྐུལ་མ་གཏོང་བ་དང་། མང་ཚོགས་ཀྱི་རེ་སྒུག་དང་དགོས་མཁོ་དེ་བས་ཡག་པོ་སྐོང་བ། མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་གླེང་མང་བའི་དཀའ་གནད་ཐག་གཅོད་བྱ་རྒྱུར་སྐུལ་སྤེལ་སྔར་བས་ཡག་པོ་གཏོང་བ་བཅས་བྱེད་དགོས་ཞེས་གསུངས་པ་རེད།
         ནན་ཅིང་བཟོ་ལས་སློབ་ཆེན་གྱི་སློབ་སྤྱི་ཡོའན་ཧྲི་ཧོང་ཝུའེ་ཡིས་རྨང་གཞིའི་སློབ་གསོ་དང་རྨང་གཞིའི་ཞིབ་འཇུག་ལ་ཤུགས་སྣོན་བརྒྱབ་ནས་གསར་གཏོད་བྱེད་སེམས་ཡོད་པ་དང་། གསར་གཏོད་བྱེད་མཁས་པ། གསར་སྐྲུན་བྱེད་ཕོད་པ། ལས་གཏོད་བྱེད་ཤེས་པ་བཅས་ཀྱི་ན་གཞོན་མི་རབས་ཤིག་གསོ་སྦྱོང་བྱེད་དགོས་པའི་གྲོས་འགོ་བཏོན་པ་རེད། ཆིང་ཧྭ་སློབ་ཆེན་གྱི་སློབ་སྤྱི་གཞོན་པ་ཡོའན་ཧྲི་ཧྲི་དབྱི་ཀུང་གིས་ཚན་རྩལ་ཤེས་ལྡན་མི་སྣ་གསོ་སྐྱོང་དང་ནང་འདྲེན་ལས་དོན་ལ་མཐོང་ཆེན་བྱས་ནས་ཕུལ་བྱུང་གི་ཚན་རིག་མཁས་ཅན་ལ་ཡུན་རིང་རྒྱབ་སྐྱོར་བརྟན་པོ་བྱེད་པའི་ལམ་སྲོལ་འཛུགས་དགོས་པའི་གྲོས་འགོ་བཏོན་་པ་རེད། ལི་ཁེ་ཆང་གིས་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་མ་གཏོང་བའི་འཐབ་ཇུས་མུ་མཐུད་ལག་བསྟར་བྱེད་དགོས། རྒྱལ་ཁབ་ཀྱི་འབྱུང་འགྱུར་ཚན་རྩལ་དང་སློབ་གསོར་བརྟེན་དགོས་པས། མཐོ་སློབ་དང་ཚན་ཞིབ་ཁང་དང་སུའོ་ཡིས་ཚན་ཞིབ་སློབ་ཁྲིད་ཀྱི་རང་བརྟེན་དབང་ཆ་རྒྱ་ཆེར་གཏོང་རྒྱུའི་སྲིད་ཇུས་དང་བྱ་ཐབས་དོན་འཁྱོལ་བྱེད་པ་དང་། སྲིད་ཇུས་དང་མ་དངུལ་གྱི་རྒྱབ་སྐྱོར་བྱ་ཤུགས་ཆེ་རུ་གཏོང་བ། རྨང་གཞིའི་ཞིབ་འཇུག་བྱེད་མཁན་ཚན་ཞིབ་མི་སྣར་སེམས་རྣལ་དུ་ཕབ་ནས་ཞིབ་འཇུག་བྱ་རྒྱུར་སྐུལ་མ་གཏོང་བ་བཅས་ཀྱི་ཐོག་ནས་ལས་དོན་དེ་རྒྱུན་སྲིང་ལྷོད་མེད་ངང་སྒྲུབ་དགོས་ཞེས་གསུངས་པ་རེད། ཁོང་གིས་འབྲེལ་ཡོད་སྡེ་ཚན་ལ་ཞིབ་འཇུག་སློབ་མའི་རྨང་གཞིའི་ཁ་གསབ་ཚད་གཞི་མཐོ་རུ་གཏོང་རྒྱུའི་ཐད་དུས་ཚོད་དམ་འཛིན་བྱས་ནས་ཞིབ་འཇུག་བྱས་ཏེ་གཞོན་ནུ་ཤེས་ལྡན་པའི་ཧུར་སེམས་སྐོང་འཐེན་བྱེད་དགོས་པའི་འགན་དཀྲིས་གནང་བ་རེད།
        ཀྲུང་གོ་རྩོམ་པ་པོ་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་རྩོམ་པ་པོ་ཝང་ཨན་དབྱི་ཡིས། རིག་རྩལ་གསར་རྩོམ་དར་སྤེལ་བཏང་ནས་ཀྲུང་ཕྱིའི་རིག་གནས་སྤེལ་རེས་ལ་སྐུལ་མ་གཏོང་དགོས་པའི་གྲོས་འགོ་བཏོན་ཡོད། རྒྱལ་ཁབ་ཕིང་ཕང་སྤོ་ལོའི་རུ་ཁག་གི་སྤྱི་ཁྱབ་རྩལ་ཁྲིད་པ་ལིའུ་གོ་ལེའང་གིས། ལུས་རྩལ་ཐོན་ལས་འཕེལ་རྒྱས་བཏང་ནས་དམངས་ཡོངས་ཀྱི་ལུས་སྦྱོང་ལ་སྐུལ་མ་གཏོང་རྒྱུའི་གྲོས་འགོ་བཏོན་ཡོད། རྒྱལ་ཁབ་ཀྱི་རིམ་པ་དང་པོའི་འཁྲབ་སྟོན་པ་ཀེ་ཡིའུ་ཡིས། གློག་བརྙན་ཐོན་ལས་དེ་ཀ་རྟེན་ཐོན་ལས་སུ་གོང་འཕེལ་གཏོང་རྒྱུའི་ཐད་དམིགས་ནས་གྲོས་འགོ་བཏོན་ཡོད། ལི་ཁེ་ཆང་གིས་ཁྲོམ་རའི་དཔལ་འབྱོར་ནི་ཁྲིམས་སྐྱོང་དཔལ་འབྱོར་ཡིན་པས་ངེས་པར་དུ་ཀུན་སྤྱོད་ཀྱི་ཚད་གཞི་དང་འཚམ་དགོས་ལ་ཁ་དན་ཚིག་གནས་ལ་སྣང་ཆེན་དང་སྒྲིག་སྲོལ་ལ་བརྩི་སྲུང་ཞུ་དགོས། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་བསམ་བློ་གཏོད་རྒྱུའི་ཐད་རིག་གནས་དང་། ལུས་སྦྱོང་། གློག་བརྙན་དང་བརྙན་འཕྲིན་སོགས་ལས་རིགས་ལ་ཁྱད་ལྡན་གྱི་ནུས་པ་ལྡན་པས་ཁྱབ་ཁོངས་དེ་དག་གི་སྤྱི་ཚོགས་ཀྱི་དགོས་མཁོ་ཆེ་བ་དང་། དེའི་ཁྲོད་ཀྱི་མི་མངོན་པའི་སྟོབས་ཤུགས་དང་གསོན་ཤུགས་འདོན་པར་ཆོག་འཐུས་སྔར་བས་རྒྱ་ཆེར་གཏོང་བ་དང་ལུགས་མཐུན་མིན་པའི་ཚད་བཀག་མེད་པ་བཟོས་ནས། ཁྱབ་ཁོངས་དེ་དག་དར་རྒྱས་གོང་འཕེལ་ཡོང་རྒྱུར་སྐུལ་མ་ཧུར་ཐག་བཏང་སྟེ། མང་ཚོགས་ཀྱི་བསམ་པའི་རིག་གནས་དགོས་མཁོ་སྐོང་ནས་སྤྱི་ཚོགས་ཀྱི་ཤེས་དཔལ་ཡར་ཐོན་ལ་སྐུལ་མ་གཏོང་དགོས་ཞེས་གསུངས་པ་རེད།

༄༅།།ལི་ཁེ་ཆང་གིས་སློབ་གསོ་དང་། ཚན་རྩལ། རིག་གནས། འཕྲོད་བསྟེན། ལུས་རྩལ་བཅས་ལས་
རིགས་ཁག་གི་མི་སྣ་དང་གཞི་རིམ་མང་ཚོགས་ཀྱི་འཐུས་མི་དང་
བཞུགས་མོལ་ཚོགས་འདུ་འཚོགས་པ།