མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་ཡུག་རེན་གྱི་ཙུང་ཐུང་པོ་ལུའོ་ཧྲེན་ཁོ་དང་མཇལ་འཛོམས་གནང་བ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་19ཉིན། 14:39】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞིས་ཅིན་ཕིང་གིས་ཡུག་རེན་གྱི་ཙུང་ཐུང་པོ་ལུའོ་ཧྲེན་ཁོ་དང་མཇལ་འཛོམས་གནང་བ།

          མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་17ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་གྲོང་ཁྱེར་ཏ་ཝོ་སིར་ཡུག་རེན་གྱི་ཙུང་ཐུང་པོ་ལུའོ་ཧྲེན་ཁོ་དང་མཇལ་འཛོམས་གནང་བ་རེད།
          ཞིས་ཅིན་ཕིང་གིས་ཀྲུང་ཡུག་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་འབྲེལ་བ་ཕུགས་ཟབ་ལ་ལོ་རྒྱུས་རིང་པོ་ལྡན། ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་25སོང་ཚུན་རྒྱལ་ཁབ་གཉིས་པོས་ཕན་ཚུན་བརྩི་འཇོག་དང་ལྟ་སྟངས་གཅིག་མཚུངས་བཟུང་ནས་གཉིས་ཁེ་གཉིས་ཕན་གྱི་རྩ་དོན་གཞིར་བཟུང་མཉམ་ལས་བྱས་པར་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད། ཀྲུང་ཡུག་རྒྱལ་ཁབ་གཉིས་པོའི་འབྲེལ་བར་ཀྲུང་གོ་ཕྱོགས་ཀྱིས་ཚད་མཐོའི་མཐོང་ཆེན་བྱས་ནས་ཡུག་རེན་ཕྱོགས་དང་མཉམ་དུ་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་ཟབ་ཏུ་གཏོང་བ་དང་། རྒྱལ་ཁབ་གཉིས་པོའི་སྲིད་གཞུང་དང་། ཁྲིམས་འཛུགས་སྒྲིག་གཞི། ཏང་སྲིད་བཅས་དབར་སྤེལ་རེས་ཟབ་ཏུ་གཏོང་བ། གཉིས་ཕན་མཉམ་ལས་དམ་ཟབ་བྱེད་པ། སློབ་གསོ་དང་། རིག་གནས། འཕྲོད་བསྟེན། ལུས་རྩལ། ཡུལ་སྐོར་སོགས་ཁྱབ་ཁོངས་སུ་སྤེལ་རེས་མཉམ་ལས་བྱེད་རྒྱུར་ཤུགས་སྣོན་རྒྱག་པ། རྒྱལ་སྤྱི་དང་ས་ཁུལ་གྱི་བྱ་བ་དང་མཉམ་འབྲེལ་རྒྱལ་ཚོགས་སོགས་ཕྱོགས་མང་སྒྲིག་གཞིའི་ནང་གླེང་མོལ་དང་རོགས་ལས་བྱེད་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བར་རྒྱུན་ཆད་མེད་པར་འཕེལ་རིམ་གསར་པ་ཡོང་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་མཛུབ་སྟོན་གནང་བ་རེད།

༄༅།།ཞིས་ཅིན་ཕིང་གིས་ཡུག་རེན་གྱི་ཙུང་ཐུང་པོ་ལུའོ་ཧྲེན་ཁོ་དང་མཇལ་འཛོམས་གནང་བ།