མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་པེར་ཀྲེམ་གྱི་རྒྱལ་པོ་ཧྥི་ལི་ཕུའུ་དང་མཇལ་འཛོམས་གནང་བ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་19ཉིན། 14:41】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞིས་ཅིན་ཕིང་གིས་པེར་ཀྲེམ་གྱི་རྒྱལ་པོ་ཧྥི་ལི་ཕུའུ་དང་མཇལ་འཛོམས་གནང་བ།

            མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་17ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་གྲོང་ཁྱེར་ཏ་ཝོ་སིར་པེར་ཀྲེམ་གྱི་རྒྱལ་པོ་ཧྥི་ལི་ཕུའུ་དང་མཇལ་འཛོམས་གནང་བ་རེད།
           ཞིས་ཅིན་ཕིང་གིས་པེར་ཀྲེམ་ནི་ཀྲུང་གོ་དང་འབྲེལ་བ་ཟབ་ཤོས་ཀྱི་ཡོ་རོབ་མནའ་འབྲེལ་གྱི་རྒྱལ་ཁབ་ཀྱི་གྲས་ཤིག་རེད། པེར་ཀྲེམ་སྲིད་གཞུང་གིས་ཀྲུང་གོ་གཅིག་གི་སྲིད་ཇུས་མཐའ་འཁྱོངས་བྱས་ནས་ཀྲུང་གོ་ཕྱོགས་ཀྱི་ལྟེ་བའི་ཁེ་ཕན་དང་གལ་ཆེའི་དོ་ཁུར་བྱེད་ཡུལ་ལ་བརྩི་འཇོག་བྱས་ཏེ་བྱ་སྤྱོད་ངོ་མའི་ཐོག་ནས་ཀྲུང་པེར་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་ཀྱི་ཆབ་སྲིད་རྨང་གཞི་སྲུང་སྐྱོང་བྱེད་ཀྱི་ཡོད་པས་ངས་དེའི་ཐད་གདེང་འཇོག་ཆེན་པོ་བྱེད་ཀྱི་ཡོད། ཀྲུང་གོ་ཕྱོགས་ཀྱིས་པེར་ཀྲེམ་ཕྱོགས་དང་མཉམ་དུ་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་པའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་སྟེ་ཕྱོགས་གཉིས་པོའི་འབྲེལ་བ་ཡང་དག་པའི་ཕྱོགས་སུ་འཕེལ་རྒྱས་འགྲོ་བའི་འགན་ལེན་བྱེད་འདོད་ཡོད། མཉམ་ལས་ཀྱི་གཏིང་ཤུགས་སྔོག་འདོན་གང་ལེགས་བྱས་ནས་རྩེར་སོན་བཟོ་སྐྲུན་དང་། སྐྱེ་དངོས་དང་སྨན་དང་སྨན་བཅོས། དེང་རབས་ཞབས་ཞུའི་ལས་རིགས། རྒྱུན་མཐུད་འཕེལ་རྒྱས་སོགས་ཀྱི་ཁྱབ་ཁོངས་གཙོ་གནད་དུ་བཟུང་ནས་རྒྱལ་ཁབ་གཉིས་པོའི་དོན་གཉེར་མཉམ་ལས་རྒྱུན་ཆད་མེད་པར་གཏིང་ཟབ་ཕྱོགས་སུ་སྐུལ་འདེད་གཏོང་འདོད་ཡོད། ཕྱོགས་གཉིས་པོས་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་བྱེད་རྒྱ་ཆེ་རུ་བཏང་ནས་ཀྲུང་པེར་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་དམངས་འདོད་ཀྱི་རྨང་གཞི་བརྟན་དུ་གཏོང་དགོས་ཞེས་མཛུབ་སྟོན་གནང་བ་རེད།

༄༅།།ཞིས་ཅིན་ཕིང་གིས་པེར་ཀྲེམ་གྱི་རྒྱལ་པོ་ཧྥི་ལི་ཕུའུ་དང་མཇལ་འཛོམས་གནང་བ།