མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《རྒྱལ་ཡོངས་ཀྱི་རྒྱལ་ཁབ་ས་ཆའི་འཆར་འགོད་རྩ་གནད་
(2016-2030ལོ)》པར་འགྲེམས་བྱས་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 02ཚེས་06ཉིན། 13:21】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     མི་དམངས་དྲ་བའི་འཕྲིན། ཙུང་ལི་ལི་ཁེ་ཆང་གིས་མཚན་རྟགས་བཀོད་ནས་ཆོག་མཆན་ཐོབ་པ་བརྒྱུད་ཉེ་ཆར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་《རྒྱལ་ཡོངས་ཀྱི་རྒྱལ་ཁབ་ས་ཆའི་འཆར་འགོད་རྩ་གནད(2016 —2030ལོ་)》(གཤམ་དུ་《རྩ་གནད་》ཅེས་བསྡུ་རྒྱུ་)པར་འགྲེམས་བྱས་པ་རེད། དེ་ནི་རང་རྒྱལ་གྱི་རྒྱལ་ཁབ་ས་ཆའི་བར་མཐོངས་གསར་སྤེལ་དང་སྲུང་སྐྱོང་བྱེད་པའི་འཐབ་ཇུས་རང་བཞིན་དང་། ཕྱོགས་བསྡུས་རང་བཞིན། རྨང་གཞིའི་རང་བཞིན་བཅས་ཀྱི་འཆར་འགོད་ཐོག་མ་དེ་ཡིན་པ་དང་། དེ་རྒྱལ་ཁབ་ས་ཆའི་བར་མཐོངས་གསར་སྤེལ་དང་། སྲུང་སྐྱོང་། བཅོས་སྒྲིག་བཅས་དང་འབྲེལ་བ་ཡོད་པའི་བྱེད་སྒོ་སྣ་ཚོགས་ལ་མཛུབ་ཁྲིད་དང་དོ་དམ་ཚོད་འཛིན་གྱི་ནུས་པ་ལྡན་ཡོད་པ་རེད།
     《རྩ་གནད་》ནང་ས་ཁོངས་འཕེལ་རྒྱས་ཀྱི་སྤྱིའི་འཐབ་ཇུས་དང་བྱེད་པོའི་ནུས་པ་ཁུལ་གྱི་འཐབ་ཇུས་ལག་ལེན་བསྟར་ནས་རྒྱལ་ཁབ་ས་ཆའི་བར་མཐོངས་གསར་སྤེལ་དང་། ཐོན་ཁུངས་ཁོར་ཡུག་སྲུང་སྐྱོང་། རྒྱལ་ཁབ་ས་ཆ་ཕྱོགས་བསྡུས་བཅོས་སྒྲིག མ་ལག་འཛུགས་སྐྲུན་འགན་ལེན་སོགས་ཀྱི་ཐད་སྤྱིའི་བཀོད་སྒྲིག་དང་སྤྱི་འདོམས་བཀོད་སྒྲིག་བྱེད་དགོས། རྒྱལ་ཁབ་ས་ཆ་གསར་སྤེལ་བྱེད་སྟངས་སྔར་བས་ལེགས་སུ་གཏོང་བ་དང་། རྒྱལ་ཁབ་ས་ཆ་གསར་སྤེལ་གྱི་སྤུས་ཚད་མཐོ་རུ་གཏོང་བ། རྒྱལ་ཁབ་ས་ཆ་གསར་སྤེལ་གྱི་སྒྲིག་ལམ་ཚད་ལྡན་དུ་གཏོང་བ་བཅས་བྱེད་དགོས་པ་དང་། ཐོན་སྐྱེད་དང་། འཚོ་བ། སྣོད་བཅུད་བཅས་ཀྱི་བར་མཐོངས་ལེགས་སུ་གཏོང་བ་དང་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་བཏང་ནས་རྒྱལ་ཁབ་ས་ཆའི་བར་མཐོངས་འཆར་འགོད་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་རྒྱལ་ཁབ་ས་ཆའི་བར་མཐོངས་བཅོས་སྒྲིག་བྱེད་ནུས་ཆེ་རུ་གཏོང་དགོས་ཞེས་བསྟན་ཡོད་པ་རེད།
     《རྩ་གནད་》ནང“བདེ་འཇགས་དང་། ཞི་མཐུན། སྒོ་དབྱེ། མཐུན་སྦྱོར། འབྱོར་ལྡན་བཅས་ཀྱི་འགྲན་རྩོད་ནུས་པ་དང་རྒྱུན་མཐུད་འཕེལ་རྒྱས་ཀྱི་མཛེས་སྡུག་ལྡན་པའི་རྒྱལ་ཁབ་ས་ཆའི”སྤྱིའི་དམིགས་ཚད་མགྱོགས་མྱུར་གཏོད་དགོས། 2030ལོར་སླེབས་སྐབས་རྒྱལ་ཁབ་ས་ཆའི་བར་མཐོངས་གསར་སྤེལ་བྱེད་སྟངས་རྒྱུན་ཆད་མེད་པར་ལེགས་སུ་གཏོང་བ་དང་། སྤྱི་ཡོངས་ཀྱི་འགྲན་རྩོད་ནུས་པ་དང་ཕྱོགས་བསྡུས་རྒྱལ་སྟོབས་ཆེ་རུ་མངོན་གསལ་དོད་དུ་བཏང་ནས་རྒྱལ་ཁབ་ས་ཆ་གསར་སྤེལ་བྱེད་ཚད4.26%ལས་མི་བརྒལ་བ་བྱེད་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་བར་མཐོངས་སྟོང་སྨི་ངོས་གྲུ་ཁྲི་11.67ནང་ཚུན་དུ་ཚོད་འཛིན་བྱེད་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ས་ཁོངས་མཐུན་འབྱོར་འཕེལ་རྒྱས་ཐད་ངོ་བོའི་རང་བཞིན་གྱི་འཕེལ་རྒྱས་ཡོང་བ་བྱས་ནས་རྒྱལ་ཁབ་ས་ཆ་གསར་སྤེལ་གྱི་མཐུན་སྦྱོར་རང་བཞིན་ཆེ་རུ་ཤུགས་ཆེན་གཏོང་དགོས། ཐོན་ཁུངས་གྲོན་ཆུང་རྣམ་པ་དང་ཁོར་ཡུག་མཐུན་འཕྲོད་རྣམ་པའི་སྤྱི་ཚོགས་སྤྱིར་ན་སྐྲུན་ཐུབ་པ་བྱེད་པ་དང་། རྒྱུན་མཐུད་འཕེལ་རྒྱས་ཀྱི་ནུས་པ་ཆེ་རུ་མངོན་གསལ་དོད་པོ་གཏོང་བ། རྩིས་གཞིའི་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ཟད་ཚད་དང་ཆུ་སྤྱོད་ཚད་དམའ་རུ་ཤུགས་ཆེན་གཏོང་བ། རྨོ་ཞིང་གི“དམར་ཐིག”བརྟན་པོ་སྲུང་བ། ཚད་གཞི་མཐོ་བའི་ས་ཞིང་མུའུ་དུང་ཕྱུར་12བཟོ་བ། ས་ཆུ་ཤོར་བ་བཅོས་སྐྱོང་བྱེད་ཚད་རྒྱ་ཁྱོན་སྟོང་སྨི་ངོས་གྲུ་ཁྲི་94ཡན་གསར་དུ་འཕར་བ་བཅས་བྱེད་དགོས། རྨང་གཞིའི་སྒྲིག་བཀོད་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་བ་དང་། ཐོན་ཁུངས་འགན་ལེན་ནུས་པ་དང་རྒྱལ་ཁབ་ས་ཆའི་བདེ་འཇགས་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་སྟེ་ཆུ་སྤྱོད་བསྡོམས་འབོར་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་7000ནང་ཚུན་དུ་ཚོད་འཛིན་བྱེད་དགོས། རྒྱ་མཚོ་གསར་སྤེལ་སྲུང་སྐྱོང་ཆུ་ཚད་མཐོ་རུ་མངོན་གསལ་དོད་པོ་བཏང་ནས་རྒྱ་མཚོའི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་གྱི་དམིག་ཚད་སྤྱིར་ན་མངོན་འགྱུར་ཡོང་བ་བྱེད་དགོས། རྒྱལ་ཁབ་ས་ཆའི་བར་མཐོངས་གསར་སྤེལ་སྲུང་སྐྱོང་ལམ་ལུགས་དེ་བས་འཐུས་སྒོ་ཚང་དུ་གཏོང་དགོས། བར་མཐོངས་འཆར་འགོད་དང་། བེད་སྤྱོད་དོ་དམ་ཚོད་འཛིན། ཁྱད་པར་ཅན་གྱི་ལས་རྗེས་དཔྱད་ཞིབ་བཅས་ལས་གྲུབ་པའི་བར་མཐོངས་བཅོས་སྒྲིག་མ་ལག་དེ་བས་འཐུས་སྒོ་ཚང་དུ་གཏོང་དགོས་ཞེས་བཏོན་ཡོད་པ་རེད།
    《རྩ་གནད་》ནང་རྒྱལ་ཁབ་ས་ཆ་གཅིག་སྡུད་གསར་སྤེལ་དང་། རིགས་དབྱེ་སྲུང་སྐྱོང་། ཕྱོགས་བསྡུས་བཅོས་སྐྱོང་། ས་ཁོངས་མཉམ་འགུལ་བཅས་ཀྱི་འཕེལ་རྒྱས་ལ་ཕྱོགས་ཡོངས་དང་། མཐུན་སྦྱོར། སྤྱི་འདོམས་བཅས་ཀྱི་སྒོ་ནས་སྐུལ་འདེད་གཏོང་བའི་ལས་འགན་གཙོ་བོ་བཀོད་སྒྲིག་བྱས་ཡོད་པ་སྟེ། གཅིག་ནས“ལྟེ་གནས་མང་བའི་དྲ་རྒྱའི་རྣམ་པའི”གསར་སྤེལ་བྱེད་སྟངས་ཤིག་བཏོད་དེ་རྒྱལ་ཁབ་ས་ཆ་གསར་སྤེལ་གཅིག་སྡུད་ཁུལ་ལ་སྐུལ་འདེད་གཏོང་བ་དང་རྒྱལ་ཁབ་ས་ཆ་གསར་སྤེལ་གྱི་ལྟེ་བའི་རྒྱུད་སྐྱེད་སྲིང་བྱེད་དགོས་པ་དང་། གཉིས་ནས་རིགས་དབྱེ་རིམ་དབྱེའི་ས་ཁོངས་ཡོངས་ཀྱི་སྲུང་སྐྱོང་རྣམ་པ་བཏོད་ཐོག ཁོར་ཡུག་གི་སྤུས་ཚད་དང་། མི་འཚོ་སྡོད་ཀྱི་སྣོད་བཅུད། རང་བྱུང་གི་སྣོད་བཅུད། ཆུའི་ཐོན་ཁུངས། རྨོ་ཞིང་གི་ཐོན་ཁུངས་བཅས་ཐོན་ཁུངས་ཁོར་ཡུག་རིགས་ཆེན་པོ་5ཡི་བརྗོད་བྱ་གཙོ་བོ་གཞིར་བཟུང་རིགས་དབྱེ་སྲུང་སྐྱོང་བྱེད་དགོས་པ། གསུམ་ནས་ཕྱོགས་བསྡུས་བཅོས་སྐྱོང་གི་རྣམ་པ་ཞིག་བཏོད་ནས་གྲོང་ཁྱེར་ཅན་གྱི་ས་ཁུལ་དང་། གྲོང་གསེབ་ཀྱི་ས་ཁུལ། གཙོ་གནད་སྣོད་བཅུད་ནུས་པ་ཁུལ། གཏེར་རྫས་ཐོན་ཁུངས་གསར་སྤེལ་གཅིག་སྡུད་ཁུལ་བཅས་དང་དེ་བཞིན་རྒྱ་མཚོའི་ངོགས་རྒྱུད་དང་མཚོ་ཐོག་གླིང་ཕྲན་ཁུལ་གྱི་རྒྱལ་ཁབ་ས་ཆའི་ནུས་པ་ཉམས་གསོ་དང་སྤུས་ཚད་མཐོ་རུ་གཏོང་དགོས་པ་བཅས་རེད།
    《རྩ་གནད་》ནང་རྒྱལ་ཁབ་ས་ཆའི་བར་མཐོངས་བེད་སྤྱོད་དང་དོ་དམ་ཚོད་འཛིན་ལ་ཤུགས་སྣོན་རྒྱག་པ་དང་། ནུས་རྒྱུའི་ཐོན་ཁུངས་འགན་ལེན་ནུས་པ་ཆེ་རུ་གཏོང་བ། “འཚོ་གནས་ལམ་ཐིག”བཀོད་སྒྲིག་བྱེད་པ་བཅས་བྱས་ནས་རྨོ་ཞིང་དང་ཆུའི་ཐོན་ཁུངས་སྲུང་སྐྱོང་ནན་པོ་བྱེད་དགོས་པ་དང་། “སྣོད་བཅུད་ལམ་ཐིག”བཀོད་སྒྲིག་བྱས་ནས་བེད་སྤྱོད་དང་དོ་དམ་ཚོད་འཛིན་བྱེད་ཁྱོན་དེ་རང་བྱུང་སྣོད་བཅུད་བར་མཐོངས་ཡོངས་སུ་རྒྱ་ཆེར་གཏོང་དགོས་པ། “འགན་ལེན་ལམ་ཐིག”བཀོད་སྒྲིག་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་ངེས་ཀྱི་འཛུགས་སྐྲུན་ས་ཆ་འགན་ལེན་བྱས་ནས་ནུས་རྒྱུ་དང་གཏེར་རྫས་ཐོན་ཁུངས་གཙོ་བོའི་བདེ་འཇགས་འགན་ལེན་བྱེད་དགོས་ཞེས་བཏོན་ཡོད་པ་རེད།
    《རྩ་གནད་》ནང་ས་ཁུལ་ཁག་དང་། སྡེ་ཚན་ཁག་གིས་ཞིང་ཆེན་རིམ་པའི་རྒྱལ་ཁབ་ས་ཆའི་འཆར་འགོད་བཟོ་བའི་ལས་དོན་གང་མགྱོགས་སྒྲིག་འཛུགས་བྱས་ནས་སྤེལ་ཏེ་ཐོན་ཁུངས་ཀྱི་ཁོར་ཡུག་དང་། ཐོན་ལས། མ་འཇོག ནོར་སྲིད་དཔྱ་ཁྲལ་སོགས་ཀྱི་འབྲེལ་ཡོད་འཆར་འགོད་དང་སྲིད་ཇུས་ཁྲིམས་སྲོལ་ལེགས་སྒྲིག་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། སྡེ་ཚན་གྱི་མཐུན་སྦྱོར་དང་ལྟ་སྐུལ་ཞིབ་བཤེར་ལམ་སྲོལ་བཙུགས་ནས་ལས་དོན་ཁག་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས་པའི་ནན་བཤད་བྱས་ཡོད་པ་རེད།