མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་《རིམས་འགོག་སྨན་ཁབ་འགྲོ་རྒྱུག་དང་སྔོན་
འགོག་སྨན་ཁབ་དོ་དམ་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་
བསམ་འཆར་》པར་འགྲེམས་བྱས་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 02ཚེས་09ཉིན། 10:45】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

         མི་དམངས་དྲ་བའི་འཕྲིན། ཉེ་ཆར་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་《རིམས་འགོག་སྨན་ཁབ་འགྲོ་རྒྱུག་དང་སྔོན་འགོག་སྨན་ཁབ་དོ་དམ་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར་》(གཤམ་དུ་《བསམ་འཆར་》ཞེས་བསྡུ་རྒྱུ་)པར་འགྲེམས་བྱས་ནས་རིམས་འགོག་སྨན་ཁབ་འགྲོ་རྒྱུག་དང་སྔོན་འགོག་སྨན་ཁབ་དོ་དམ་ལ་ཤུགས་སྣོན་རྒྱག་རྒྱུའི་ལས་དོན་བཀོད་སྒྲིག་བྱས་ཏེ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། ཞིབ་འཇུག་གསར་སྤེལ་ལ་སྐུལ་འདེད་གཏོང་བ། དོ་དམ་ལ་ཤུགས་སྣོན་རྒྱག་པ། ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ་སོགས་ཀྱི་ཐད་ཞིབ་ཕྲའི་བླང་བྱ་བཏོན་ཡོད་པ་རེད།
        རིམས་འགོག་སྨན་ཁབ་དོ་དམ་ལས་དོན་གྱི་ལམ་སྲོལ་ཐད་《བསམ་འཆར་》ནང་གཅིག་ནས་རྒྱལ་ཁབ་ཀྱི་རིམས་འགོག་འཆར་འགོད་ཀྱི་རིམས་འགོག་སྨན་ཁབ་ལེགས་སྒྲིག་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་བདེ་འཇགས་དང་། ནུས་ལྡན། ནོར་སྲིད་ཀྱིས་ཐེག་ཐུབ་པ་བཅས་ཀྱི་རིམས་འགོག་སྨན་ཁབ་རིགས་གཉིས་པ་རྒྱལ་ཁབ་ཀྱི་རིམས་འགོག་འཆར་འགོད་ནང་འཇོག་རྒྱུར་རིམ་གྱིས་སྐུལ་འདེད་གཏོང་དགོས་པ་དང་། གཉིས་ནས་སྔོན་འགོག་སྨན་ཁབ་ཀྱི་རྒྱུན་གཏན་དང་མི་འདྲ་བའི་སྨན་ལོག་ཐེབས་པའི་སྣང་ཚུལ་ལ་ཁ་གསབ་སྤྲོད་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་ཚོང་ལས་འགན་བཅོལ་སོགས་ཀྱི་རྣམ་པ་བརྒྱུད་སྔོན་འགོག་སྨན་ཁབ་རྒྱག་སྐབས་རྒྱུན་གཏན་དང་མི་འདྲ་བའི་སྨན་ལོག་ཐེབས་རིགས་ལ་ཁ་གསབ་སྤྲོད་པའི་ལམ་སྲོལ་འཛུགས་རྒྱུའི་སྐུལ་ལྕག་བྱེད་དགོས་པ། གསུམ་ནས་རིམས་འགོག་སྨན་ཁབ་འགྲོ་རྒྱུག་དང་སྔོན་འགོག་སྨན་ཁབ་དོ་དམ་ཐད་པུའུ་དབར་གྱི་མཉམ་འབྲེལ་ཚོགས་འདུའི་ལམ་ལུགས་བཙུགས་ནས་སྲིད་ཇུས་མཐུན་སྦྱོར་དང་སྦྲེལ་མཐུད་ཐུབ་རྒྱུར་ཤུགས་སྣོན་རྒྱག་དགོས་ཞེས་བཏོན་ཡོད་པ་རེད།
         རིམས་འགོག་སྨན་ཁབ་རང་བརྟེན་ཞིབ་འཇུག་གསར་སྤེལ་དང་སྤུས་ཚད་མཐོ་རུ་གཏོང་རྒྱུའི་ཐད་《བསམ་འཆར་》ནང་རིམས་འགོག་སྨན་ཁབ་གསར་པ་དང་ལྷག་དོན་དུ་འབྲེལ་མང་གོང་མང་གི་རིམས་འགོག་སྨན་ཁབ་ཞིབ་འཇུག་གསར་སྤེལ་དང་ཐོན་ལས་ཅན་དུ་འགྱུར་རྒྱུར་རྒྱབ་སྐྱོར་བྱས་ནས་རིམས་འགོག་སྨན་ཁབ་ཐོན་སྐྱེད་ཁེ་ལས་ཀྱིས་སྤུས་ཚད་དོ་དམ་གྱི་ཆུ་ཚད་མཐོ་རུ་དང་ཐོན་སྐྱེད་བྱེད་ནུས་ཆེ་རུ་གཏོང་རྒྱུར་སྐུལ་འདེད་བཏང་སྟེ་རིམས་འགོག་སྨན་ཁབ་ཐོན་རྫས་ཀྱི་སྤུས་ཚད་མཐོ་རུ་གཏོང་དགོས་ཞེས་བཏོན་ཡོད་པ་རེད།
         རིམས་འགོག་སྨན་ཁབ་བེད་སྤྱོད་ཀྱི་བརྒྱུད་རིམ་ཧྲིལ་པོའི་དོ་དམ་ལ་ཤུགས་སྣོན་རྒྱག་རྒྱུར་དམིགས་ནས་《བསམ་འཆར་》ནང་གཅིག་ནས་རིམས་འགོག་སྨན་ཁབ་གཅིག་སྡུད་ཉོ་སྒྲུབ་ཀྱི་ལས་དོན་ཚད་ལྡན་དུ་བཏང་ནས་ཡོངས་བསྒྲགས་ཁ་གསལ་དང་། འགྲན་རྩོད་ལེགས་འདེམས། དྲང་བཞག་ཉོ་ཚོང་བཅས་ཀྱི་རྩ་དོན་གཞིར་བཟུང་དྲ་ཐོག་ནས་གཅིག་སྡུད་ཉོ་སྒྲུབ་བྱེད་དགོས་པ་དང་། གཉིས་ནས་རིམས་འགོག་སྨན་ཁབ་ཀྱི་མཁོ་སྤྲོད་ཐམས་ལམ་སྡེབ་སྐྱེལ་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་རིམས་འགོག་སྨན་ཁབ་སྡེབ་སྐྱེལ་དོ་དམ་མ་ལག་སྐྲུན་དགོས་པ། གསུམ་ནས་རིམས་འགོག་སྨན་ཁབ་ཐོན་སྐྱེད་དང་། འགྲོ་རྒྱུག བེད་སྤྱོད་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོའི་དོ་དམ་ལ་ཤུགས་སྣོན་རྒྱག་དགོས་པ། བཞི་ནས་རིམས་འགོག་སྨན་ཁབ་ཀྱི་ལྟ་སྐུལ་དོ་དམ་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས་ཞེས་བཏོན་ཡོད་པ་རེད།