མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཕ་ཁི་སི་ཐན་དུ་འཇིགས་སྐུལ་གྱི་འཇབ་རྒོལ་ཚབས་ཆེན་ཕོག་པས་ཕ་ཁི་སི་ཐན་
གྱི་ཙུང་ཐུང་ལ་འཚམས་འདྲིའི་གློག་འཕྲིན་བཏང་བ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 02ཚེས་19ཉིན། 14:48】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

             མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་17ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕ་ཁི་སི་ཐན་གྱི་ཙུང་ཐུང་མ་མུའུ་ནུའོ་ཨེན·ཧོའུ་སའེ་དབྱིན་ལ་གློག་འཕྲིན་བཏང་ནས་ཕ་ཁི་སི་ཐན་གྱི་ཤིན་ཏེ་ཞིང་ཆེན་སའེ་ཧོ་ཝན་ས་ཁུལ་དུ་འཇིགས་སྐུལ་གྱི་འཇབ་རྒོལ་དོན་རྐྱེན་ཚབས་ཆེན་ཐོན་པར་འཚམས་འདྲི་ཞུས་གནང་བ་རེད།
            ཞི་ཅིན་ཕིང་གིས་འཚམས་འདྲིའི་གློག་འཕྲིན་ནང་། ཁྱེད་ཚོའི་རྒྱལ་ཁབ་ཀྱི་ཏེ་ཤིན་སའེ་ཧོ་ཝན་ས་ཁུལ་དུ་འཇིགས་སྐུལ་གྱི་འཇབ་རྒོལ་དོན་རྐྱེན་ཚབས་ཆེན་ཐོན་ནས་མི་སྣ་ཤི་རྨས་མང་པོ་བྱུང་བ་གློ་བུར་ཤེས་ཚོར་བྱུང་བས། ཀྲུང་གོའི་མི་དམངས་ཀྱིས་ཕ་ཁི་སི་ཐན་གྱི་མི་དམངས་ལ་འཕྲད་པའི་རྐྱེན་ངན་ལ་གདུང་སེམས་མཉམ་སྐྱེས་བྱེད་བཞིན་ཡོད། ཕྲན་གྱིས་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་ཚབ་ཞུ་བ་དང་རང་ཉིད་ཀྱི་མིང་ཐོག་ནས་རྐྱེན་ལམ་དུ་ཤོར་བའི་མིར་མྱ་ངན་ཟབ་མོ་ཞུ་རྒྱུ་ཡིན་ལ། རྨས་སྐྱོན་ཕོག་མཁན་དང་འདས་པོའི་ཁྱིམ་མིར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཡང་ཞུ་རྒྱུ་ཡིན་ཞེས་འཁོད་ཡོད་པ་རེད།
            ཞི་ཅིན་ཕིང་གིས། ཀྲུང་གོ་ཕྱོགས་ཀྱིས་རྣམ་པ་སྣ་ཚོགས་ཀྱི་འཇིགས་སྐུལ་རིང་ལུགས་ལ་ངོ་རྒོལ་དང་འཇིགས་སྐུལ་འཇབ་རྒོལ་གྱི་དོན་རྐྱེན་འདིར་ཁ་རྡུང་དྲག་པོ་གཏོང་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་བློ་བརྟན་འགྱུར་མེད་ངང་ཕ་ཁི་སི་ཐན་གྱིས་འཇིགས་སྐུལ་རིང་ལུགས་ལ་རྡུང་རྡེག་དང་། རྒྱལ་ཁབ་ཀྱི་བརྟན་ལྷིང་སྲུང་སྐྱོང་། མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་སྲུང་སྐྱོབ་བཅས་བྱ་ཆེད་གནང་བའི་འབད་བརྩོན་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་གསུངས།