མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་དབྱི་ཐ་ལིའི་ཙུང་ཐུང་མཱ་ཐཱ་ལུའེ་ལཱ་དང་མཇལ་འཛོམས་གནང་བ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 02ཚེས་24ཉིན། 14:35】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞི་ཅིན་ཕིང་གིས་དབྱི་ཐ་ལིའི་ཙུང་ཐུང་མཱ་ཐཱ་ལུའེ་ལཱ་དང་མཇལ་འཛོམས་གནང་བ།

         མི་དམངས་དྲ་བའི་འཕྲིན། སྤྱི་ཟླ་2ཚེས་2ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་དབྱི་ཐ་ལིའི་ཙུང་ཐུང་མཱ་ཐཱ་ལུའེ་ལཱ་དང་མཇལ་འཛོམས་གནང་ཞིང་། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་འཐབ་ཇུས་ཀྱི་མཐོ་ཚད་དང་ཕུགས་རིང་གི་ཟུར་ཚད་ནས་ཕྱོགས་གཉིས་པོའི་འབྲེལ་བར་ལྟ་སྟངས་འཛིན་པ་དང་འཕེལ་རྒྱས་གཏོང་རྒྱུའི་མོས་མཐུན་གཅིག་གྱུར་བྱུང་ནས་ཀྲུང་དབྱིའི་འབྲེལ་བ་དེ་བས་མཐོ་བའི་ཆུ་ཚད་གསར་པའི་ཐོག་སྐུལ་འདེད་བཏང་སྟེ་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་དེ་བས་ཕན་བདེ་བསྐྲུན་རྒྱུ་རེད།
           ཞི་ཅིན་ཕིང་གིས་ཀྲུང་གོ་ཕྱོགས་ཀྱིས་དབྱི་ཐ་ལི་ཕྱོགས་དང་མཉམ་དུ་མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་ཁབ་ཉི་ཤུ་ཚོགས་པ་སོགས་ཕྱོགས་མང་གི་སྒྲོམ་གཞིའི་ནང་གོ་ལ་ཧྲིལ་པོའི་དཔལ་འབྱོར་བཅོས་སྐྱོང་དང་། ཕྱོགས་མང་རིང་ལུགས། 2030ལོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་སོགས་གྲོས་གཞི་གལ་ཆེན་ཐད་འབྲེལ་གཏུག་དང་གཞོགས་འདེགས་ཀྱི་འབྲེལ་བ་ཟབ་མོ་རྒྱུན་འཁྱོངས་བྱས་ཏེ་འཛམ་གླིང་ཞི་བདེ་དང་། བརྟན་ལྷིང་། འཕེལ་རྒྱས་བཅས་ལ་མཉམ་དུ་སྲུང་སྐྱོང་བྱེད་འདོད་ཡོད། ཀྲུང་གོས་ཡོ་རོབ་གཞི་གཅིག་ཅན་གྱི་ལམ་བུའི་ཐོག་བསྐྱོད་རྒྱུར་རྒྱབ་སྐྱོར་བྱེད་ཀྱི་ཡོད་པས་ཕྱོགས་གཉིས་པོས་ཀྲུང་གོ་དང་ཡོ་རོབ་དབར་ཞི་བདེ་དང་། འཕེལ་རྒྱས། སྒྱུར་བཅོས། ཤེས་དཔལ་བཅས་ཀྱི་རོགས་ཟླ་བཞིའི་འབྲེལ་བ་ཧུར་ཐག་གཏོད་དེ་ཞི་བདེ་དང་། སྒོ་དབྱེ། བསྟུན་མཁས། དར་རྒྱས་བཅས་ཀྱི་འཛམ་གླིང་ཞིག་མཉམ་དུ་འཛུགས་སྐྲུན་བྱ་རྒྱུའི་རེ་བ་ཡོད་ཅེས་ནན་བཤད་གནང་བ་རེད།
           མཇལ་འཛོམས་གནང་རྗེས་རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་རིག་གནས་དང་། ཚན་རྩལ། སློབ་གསོ། འཕྲོད་བསྟེན། དཔལ་འབྱོར་ཚོང་དོན། གསར་གཏོད་སོགས་ཁྱབ་ཁོངས་ཀྱི་ཕྱོགས་གཉིས་པོའི་མཉམ་ལས་ཡིག་ཆར་མིང་རྟགས་བཀོད་པའི་བརྒྱུད་རིམ་ལ་གཟིགས་པ་དང་འབྲེལ། ཀྲུང་དབྱིའི་ཁེ་ལས་མཁས་ཅན་ཨུ་ལྷན་གྱི་ཚོགས་འདུ་ཐེངས་བཞི་པ་དང་ཀྲུང་དབྱིའི་རིག་གནས་མཉམ་ལས་ལམ་སྲོལ་གྱི་ཚོགས་ཆེན་ཐོག་ཞུགས་པའི་འཐུས་མིར་གཟིགས་པ་རེད།