མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཡུས་ཀྲེང་ཧྲེང་གིས་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞིའི་ཚོགས་འདུ་ཐེངས་ང་བཞི་པ་གཙོ་སྐྱོང་
གནང་ནས་འཚོགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 02ཚེས་25ཉིན། 13:38】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

          མི་དམངས་དྲ་བའི་འཕྲིན། སྤྱི་ཟླ་2ཚེས་23ཉིན་གྱི་ཕྱི་དྲོ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲེང་ཧྲེང་གིས་སྲིད་གྲོས་སྐབས་ཉེར་གཉིས་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་ཚོགས་འདུ་ཐེངས་ང་བཞི་པ་གཙོ་སྐྱོང་གནང་ནས་འཚོགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།
         ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འབྲེལ་ཡོད་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ལྔ་པའི་གྲ་སྒྲིག་ལས་དོན་སྤེལ་ཚུལ་གྱི་སྙན་སེང་གསན་པ། རྒྱལ་ཡོངས་སྲིད་གྲོས་ཀྱི་2017ལོའི་ལྟ་ཞིབ་དང་། རྟོག་ཞིབ། བརྟག་ཞིབ་བཅས་ཀྱི་བཀོད་སྒྲིག་ལ་རྩ་དོན་ཐོག་ནས་གྲོས་འཆམ་བྱས་པ་རེད།
         ཡུས་ཀྲེང་ཧྲེང་གིས་ནན་བཤད་གནང་དོན། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་ལྔ་པ་ཡག་པོ་འཚོག་རྒྱུ་དེ་ནི་སྐབས་འདིའི་སྲིད་གྲོས་ཀྱི་འགན་འཁྲི་སྒྲུབ་པའི་ལས་དོན་ཕུན་སུམ་ཚོགས་པོའི་ངང་ལེགས་འགྲུབ་བྱ་རྒྱུའི་ངོས་ནས་བརྗོད་ན་གལ་འགངས་ཤིན་ཏུ་ཆེ་བ་ཞིག་རེད། བསམ་བློ་དང་བྱ་སྤྱོད་དེ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་མི་དམངས་སྲིད་གྲོས་ཀྱི་ལས་དོན་སྐོར་གྱི་ཀྲུང་དབྱང་གི་བཀོད་སྒྲིག་གསར་པ་དང་བླང་བྱ་གསར་པའི་ཐོག་གཅིག་གྱུར་ཡོང་བ་བྱས་ཏེ། གྲ་སྒྲིག་ལས་དོན་ཁག་ནན་ཏན་ངང་ཡག་པོ་སྒྲུབ་པ་དང་། དམངས་གཙོའི་གྲོས་མོལ་དང་འདྲ་མཉམ་གྱི་ལས་ཀའི་གྲོས་རིམ་ཧུར་ཐག་གཏོད་པ། འབྲེལ་གཏུགས་སྤེལ་རེས་དང་ཐབས་འདོན་ཇུས་འདོན་གྱི་ལས་སྟེགས་སྐྲུན་པ་བཅས་ཀྱི་ཐོག་ནས་ཨུ་ཡོན་སྒྲིག་འཛུགས་བྱས་ཏེ་བློ་གཅིག་སེམས་གཅིག་ངང་ཚོགས་ཆེན་ཡག་པོ་འཚོག་དགོས་པ་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དང་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། ཚོགས་སྲོལ་ལེགས་སུ་ཏན་ཏིག་གཏོང་བ་དང་། རགས་བསྡུས་བབ་ཆགས་མཐའ་འཁྱོངས་བྱེད་པ། ཚོགས་འདུའི་སྒྲིག་ལམ་ནན་དུ་གཏོང་བ་བཅས་ཀྱི་ཐོག་ནས་ཚོགས་འདུ་སྤྱོད་གཙང་གཞུང་དྲང་དང་ཕུན་སུམ་ཚོགས་པོའི་སྒོ་ནས་ལེགས་འགྲུབ་ཡོང་བའི་འགན་ལེན་བྱེད་དགོས།