མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཝང་ཆི་ཧྲན་མཚོ་སྔོན་འཐུས་མི་ཚོགས་པའི་གྲོས་ཞིབ་གྲོས་བསྡུར་ནང་ཞུགས་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་08ཉིན། 14:58】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཝང་ཆི་ཧྲན་མཚོ་སྔོན་འཐུས་མི་ཚོགས་པའི་གྲོས་ཞིབ་གྲོས་བསྡུར་ནང་ཞུགས་པ།

         མི་དམངས་དྲ་བའི་འཕྲིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཀྲུང་དབྱང་སྒྲིག་བཤེར་ཨུ་ལྷན་གྱི་ཧྲུའུ་ཅི་ཝང་ཆི་ཧྲན་ཚེས་6ཉིན་གྱི་སྔ་དྲོ་མཚོ་སྔོན་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་པ་རེད།
        ཝང་གོ་ཧྲེང་། ཝང་ཅན་ཅུན། པི་ཧྲེང་ཀྲུང་སོགས་འཐུས་མིས་གཏམ་བཤད་སྤེལ་རྗེས་ཝང་ཆི་ཧྲན་གྱིས་མཚོ་སྔོན་ནི་གཙང་གསུམ་ཆུ་འགོ་ཁུལ་ཡིན་པ་དང་། རྨ་ཆུ་དང་འབྲི་ཆུས་ཀྲུང་ཧྭ་མི་རིགས་གསོ་སྐྱོང་བྱས་ཤིང་ལོ་ངོ་5000རིང་རྒྱུན་མི་ཆད་པའི་ཀྲུང་ཧྭའི་ཤེས་རིག་བཏོད་ཡོད། ལོ་རྒྱུས་རིག་གནས་ཀྱི་སྲོལ་རྒྱུན་གྱིས་འགྲོ་ལམ་གདམ་རྒྱུ་གཏན་འཁེལ་བྱས་པ་དང་། རིག་གནས་ཀྱི་གདེང་ཚོད་ནི་ཀྲུང་གོའི་ཁྱད་ཆོས་ལ་གསལ་འགྲེལ་ཡག་ཤོས་དེ་་རེད། ཀྲུང་ཧྭ་མི་རིགས་ཀྱིས་གནའ་སྔ་མོ་ནས་བཟུང་རང་ཉིད་ཀྱི་རིག་གནས་ཁྲག་རྒྱུན་རྒྱུན་འཛིན་བྱས་ཡོད་པས་ཕྱི་རྒྱལ་ནས་དར་བའི་རིག་གནས་གང་རུང་ཀྲུང་གོར་སླེབས་རྗེས་ཚང་མ་ཀྲུང་གོ་ཅན་དུ་གྱུར་ཡོད། མར་ཁེ་སིའི་རིང་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་བརྒྱུད་རིམ་ནི་ཀྲུང་ཧྭའི་སྲོལ་རྒྱུན་རིག་གནས་ཀྱི་སྙིང་བཅུད་དང་ཕན་ཚུན་མཉམ་འདྲེས་བྱེད་པའི་བརྒྱུད་རིམ་ཞིག་རེད། ལོ་རྒྱུས་རིག་གནས་ཀྱི་སྲོལ་རྒྱུན་དང་གསར་བརྗེའི་རིག་གནས་ཀྱིས་ངེས་པར་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ཐོག་བསྐྱོད་རྒྱུའི་གཏན་འཁེལ་བྱས་ཡོད་པ་ལས་ནུབ་ཕྱོགས་ཀྱི་འགྲོ་ལམ་ཐོག་བསྐྱོད་རྒྱུའི་གཏན་འཁེལ་རྩ་བ་ནས་བྱས་མེད། དེ་ནི་འཕེལ་རྒྱས་དུས་མཚམས་ཀྱི་ཁྱད་པར་མ་ཡིན་པར། རྩ་བ་དེ་རིག་གནས་ཀྱི་གཞི་གྱིན་མི་འདྲ་བར་ཐུག་ཡོད། མི་ལ་གདེང་ཚོད་མེད་ན་གཞན་གྱིས་ཡིད་ཆེས་བྱེད་སྲིད་དམ། ང་ཚོའི་གདེང་ཚོད་ནི་ལོ་རྒྱུས་དང་། མཚན་ཉིད་རིག་པ། རིག་གནས་ཀྱི་བསམ་གཞིག་བཅས་ལས་བྱུང་བ་ཞིག་རེད། མཚོ་སྔོན་གྱིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་དོན་འཁྱོལ་བྱས་ནས་མང་ཚོགས་རྣམས་ཕྱུག་འགྱུར་ཤེས་དཔལ་ལྡན་པའི་འཚོ་བ་སྐྱེལ་ཐུབ་པ་བྱེད་དགོས་ལ་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་ཀྲུང་ཧྭ་མི་རིགས་གསོ་སྐྱོང་བྱེད་མཁན་ཆུ་འགོ་སྲུང་སྐྱོང་ཡག་པོ་ཡང་བྱེད་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
        སུན་ཁྲུན་ལན་དང་ཏུའུ་ཆིང་ལིན་སོགས་གྲོས་ཞིབ་གྲོས་བསྡུར་ནང་ཞུགས་པ་རེད།