མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཁམ་ཕུ་ཁྲེའི་རྒྱལ་པོ་ཤིས་ཧ་མོ་ཉི་དང་རྒྱལ་ཡུམ་མོ་ཉི་ལེ་དང་མཇལ་
འཛོམས་གནང་།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་08ཉིན། 14:59】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞི་ཅིན་ཕིང་གིས་ཁམ་ཕུ་ཁྲེའི་རྒྱལ་པོ་ཤིས་ཧ་མོ་ཉི་དང་རྒྱལ་ཡུམ་མོ་ཉི་ལེ་དང་མཇལ་
འཛོམས་གནང་།

          མི་དམངས་དྲ་བའི་འཕྲིན། སྤྱི་ཟླ་3ཚེས་6ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་ནན་ཧའེ་རུ་ཁམ་ཕུ་ཁྲེའི་རྒྱལ་པོ་ཤིས་ཧ་མོ་ཉི་དང་རྒྱལ་ཡུམ་མོ་ཉི་ལེ་དང་མཇལ་འཛོམས་གནང་བ་རེད།
          ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཁམ་ཕུ་ཁྲེ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་སྲོལ་རྒྱུན་མཛའ་གྲོགས་ལ་ལོ་རྒྱུས་ཡུན་རིང་ལྡན་ཡོད། ཀྲུང་གོ་དང་ཁམ་ཕུ་ཁྲེའི་མཛའ་གྲོགས་ནི་ཀྲུང་གོའི་འགོ་ཁྲིད་པ་རྒན་རབས་དང་གོང་མ་ཤིས་ཧ་ནུའུ་ཁེས་མཉམ་དུ་བཙུགས་པ་དང་སྐྱེད་སྲིང་གནང་བ་ཞིག་ཡིན་པས་ཧ་ཅང་རྩ་ཆེན་ཡིན། ལོ་རྒྱུས་ཀྱི་དུས་སྐབས་གསར་པ་ཚུགས་རྗེས་ཀྲུང་གོ་དང་ཁམ་ཕུ་ཁྲེའི་འབྲེལ་བའི་ཐད་གསོན་ཤུགས་གསར་པ་སྦྱིན་པའི་ཐོག་འཕེལ་རྒྱས་མྱུར་པོ་ཕྱིན་ཡོད། ན་ནིང་ང་དང་རྒྱལ་པོ་ཤིས་ཧ་མོ་ཉི་གྲུབ་འབྲས་ཐོབ་པའི་སྒོ་ནས་མཇལ་འཛོམས་བྱུང་། མིག་སྔར་རྒྱལ་ཁབ་གཉིས་དབར་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཚད་ཟབ་ཏུ་ཕྱིན་པ་དང་དཔལ་འབྱོར་ཐད་གཉིས་ཁེ་མཉམ་ལས་བྱུང་བའི་ཐོག་རྒྱལ་ཁབ་ཀྱི་འཕེལ་རྒྱས་ཁྲོད་ཕན་ཚུན་རོགས་རམ་ཐུབ་པ་བྱུང་བ་མ་ཟད། རྒྱལ་སྤྱི་དང་ས་ཁུལ་གྱི་བྱ་བའི་ཁྲོད་གཞོགས་འདེགས་དམ་ཟབ་ཐུབ་ཡོད། ཁམ་ཕུ་ཁྲེ་རྒྱལ་པོ་ཚང་གིས་དུས་ཡུན་རིང་པོའི་ནང་ཀྲུང་གོ་དང་ཁམ་ཕུ་ཁྲེའི་མཛའ་གྲོགས་བྱ་གཞག་ལ་ཧུར་ཐག་གཞོལ་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་འགྲོ་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། ང་ཚོས་ཁམ་ཕུ་ཁྲེ་ཕྱོགས་དང་ལག་གདང་སྦྲེལ་ཏེ་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རྒྱུན་ཆད་མེད་པར་སྐས་རིམ་གསར་པའི་ཐོག་སླེབས་རྒྱུར་སྐུལ་འདེད་བཏང་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་དེ་བས་བདེ་སྐྱིད་བསྐྲུན་འདོད་ཡོད་ཅེས་གསུངས་པ་རེད།