མི་དམངས་དྲ་བ།

༄༅།།ཞི་ཅིན་ཕིང་གིས་རྒྱལ་ཡོངས་མི་རིགས་ཁག་དང་ལས་རིགས་ཁག་གི་སྤུན་ཟླ་བུད་མེད་
རྣམས་ལ་དུས་ཆེན་གྱི་འཚམས་འདྲི་ཞུས་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་09ཉིན། 13:31】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

༄༅།།ཞི་ཅིན་ཕིང་གིས་རྒྱལ་ཡོངས་མི་རིགས་ཁག་དང་ལས་རིགས་ཁག་གི་སྤུན་ཟླ་བུད་མེད་
རྣམས་ལ་དུས་ཆེན་གྱི་འཚམས་འདྲི་ཞུས་པ།

         མི་དམངས་དྲ་བའི་འཕྲིན། སྤྱི་ཟླ་3ཚེས་8ཉིན་གྱི་སྔ་དྲོར་ཞི་ཅིན་ཕིང་སི་ཁྲོན་འཐུས་མི་ཚོགས་པའི་གྲོས་ཞིབ་ཚོགས་འདུར་ཞུགས་པ་དང་། དེ་ནི་ཏག་ཏག་"གསུམ་བརྒྱད་"རྒྱལ་སྤྱིའི་བུད་མེད་དུས་ཆེན་ལ་ཁེལ་བས། སྤྱི་ཁྱབ་ཧྲུའུ་ཅི་ཡིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་གནང་ནས་བུད་མེད་འཐུས་མི་དང་། བུད་མེད་ཨུ་ཡོན། བུད་མེད་ལས་སྒྲུབ་མི་སྣ། རྒྱལ་ཡོངས་མི་རིགས་ཁག་དང་ལས་རིགས་ཁག་གི་སྤུན་ཟླ་བུད་མེད་བཅས་ལ་དུས་ཆེན་གྱི་རྟེན་འབྲེལ་དང་ལྷག་བསམ་རྣམ་དག་གི་སྨོན་འདུན་ཞུས་པ་རེད།
        སྤྱི་ཟླ་3ཚེས་8ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་སི་ཁྲོན་འཐུས་མི་ཚོགས་པའི་གྲོས་ཞིབ་ཚོགས་འདུར་ཞུགས་པ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཚོགས་རར་ཕེབས་དུས་ལུས་ལ་མི་རིགས་ཀྱི་གོན་ཆས་སྤྲས་པའི་བོད་རིགས་དང་། དབྱིས་རིགས། ཆའང་རིགས་བཅས་ཀྱི་འཐུས་མིས་སྤྱི་ཁྱབ་ཧྲུའུ་ཅིར་འཚམས་འདྲི་ཞུས་པ་དང་། བོད་རིགས་དང་ཆའང་རིགས་ཀྱི་འཐུས་མི་སོ་སོས་ཁ་བཏགས་དཀར་པོ་དང་དམར་པོ་ཕུལ་ནས་སྤྱི་ཁྱབ་ཧྲུའུ་ཅིར་གུས་བཀུར་ཞུ་བ་དང་ཀྲུའུ་ཧྭ་མི་རིགས་དར་རྒྱས་ཕུན་སུམ་ཇེ་ཚོགས་ཡོང་བའི་སྨོན་འདུན་ཞུས་པ་རེད། ཞི་ཅིན་ཕིང་གིས་ཁོང་ཚོར་མི་རིགས་ཁག་གི་སྤུན་ཟླ་རྣམས་ལ་སྨོན་འདུན་ཞུ་བ་བརྒྱུད་བཤད་བྱེད་རོགས་གསུངས་པ་རེད།
         ཚོགས་འདུའི་ཐོག་ཝང་ཏུང་མིང་དང་། ལུའོ་ཡུན་ལན། ཐང་ལིའང་ཀྲི། རྒྱལ་བསྟན་བློ་བཟང་བྱམས་པ། ལིན་ཧྲུའུ་ཁྲེན། ཀེང་ཧྥུའུ་ནེང་སོགས་འཐུས་མི་6གིས་སྔ་གཞུག་ཏུ་སི་ཁྲོན་ཞིང་ཆེན་གྱི་བསྒྱུར་བཅོས་གོང་སྤེལ་དང་། གནོད་འཚེ་བྱུང་རྗེས་བསྐྱར་སྐྲུན་བྱེད་ཤུགས་ཆེར་གཏོང་། རྒྱལ་ཁབ་ཀྱི་ལྟེ་བའི་གྲོང་ཁྱེར་འཛུགས་སྐྲུན། བོད་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་བོད་བརྒྱུད་ནང་བསྟན་དགོན་པ་དོ་དམ་ལས་ཀ་ལེགས་སྒྲུབ། དབྱིས་རིགས་ས་ཁུལ་གྱི་དབུལ་སྒྲོལ་འགག་སྒྲོལ་ལས་གཞི་ལེགས་སྒྲུབ། དམངས་གཉེར་ཁེ་ལས་དབུལ་སྒྲོལ་འགག་སྒྲོལ་ནང་ཞུགས་པ་སོགས་ལ་སྐུལ་སྤེལ་གཏོང་བའི་གནད་དོན་ལ་དམིགས་ནས་བསམ་འཆར་བཏོན་པ་རེད།
         ཞི་ཅིན་ཕིང་གིས་ནན་ཏན་གྱིས་གསན་ཞིང་ཟིན་ཐོ་སྐྱོན་པ་དང་། སྐབས་རེར་གནས་ཚུལ་འདྲི་རྩད་གནང་བ་མ་ཟད་མཉམ་དུ་གྲོས་བསྡུར་ཡང་གནང་ཞིང་། མཐའ་མཇུག་ཏུ་གསུང་བཤད་གལ་ཆེན་གནང་བ་རེད། ཞི་ཅིན་ཕིང་གིས་སི་ཁྲོན་ཞིང་ཆེན་གྱི་ལོ་གཅིག་རིང་གི་ལས་དོན་ཁས་ལེན་གནང་རྗེས་ཞིང་ལས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་བསྒྱུར་བཅོས་ལ་སྐུལ་སྤེལ་གཏིང་ཟབ་དང་། བློ་བརྟན་འགྱུར་མེད་ཀྱིས་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ཐོབ་པ། གསར་གཏོད་དང་གསར་སྐྲུན་ཏན་ཏིག་སྤེལ་བ། སྲོལ་བཟང་སྤྱོད་བཟང་གི་ཆབ་སྲིད་སྐྱེ་ཁམས་འཛུགས་སྐྱོང་། འཕར་སྣོན་བརྟན་པོ་ཡོང་བ་དང་། བསྒྱུར་བཅོས་ལ་སྐུལ་སྤེལ། གྲུབ་ཆ་ལེགསས་སྒྲིག དམངས་འཚོར་གཟིགས་སྐྱོང་། ཉེན་ཁར་སྔོན་འགོག་སོགས་ཀྱི་ལས་དོན་གཅིག་གྱུར་འཆར་འགོད་ཀྱིས་ལེགས་འགྲུབ་བྱ་དགོས་ཞེས་ནན་བཤད་གནང་བ་རེད། 
       ཞི་ཅིན་ཕིང་གིས་ཞིང་ལས་ལ་མཐོང་ཆེན་དང་། ཞིང་ལས་ཀྱི་རྨང་གཞི་འདི་བརྟན་པོར་འདིང་བ་ནི་སྔ་ཕྱི་བར་གསུམ་དུ་རྩ་བརྟན་དམངས་བདེ་བྱ་རྒྱུའི་གནད་དོན་གལ་ཆེན་ཞིག་ཡིན། 2020ལོར་སླེབས་དུས་ད་སྤྱོད་ཚད་གཞི་འོག་གི་གྲོང་གསེབ་ཀྱི་དབུལ་ཕོངས་མི་གྲངས་ཡོངས་དབུལ་ཕོངས་ལས་བསྒྲོལ་བ་དང་། དབུལ་ཕོངས་རྫོང་ཡོངས་ཀྱི་དབུལ་ཞྭ་འབུད་པ་ནི་ང་ཚོའི་ཏང་གིས་བཞག་པའི་དམག་བཀའ་ཁུར་ལེན་ཞུ་ཡིག་ཡིན་པ་དང་། ཆབ་སྲིད་སྐྱེ་ཁམས་ནི་ང་ཚོར་ཏང་དོ་དམ་དང་ཏང་བཅོས་སྐྱོང་བྱེད་ནུས་ལྡན་མིན་ཞིབ་བཤེར་བྱེད་པའི་ཚད་འཇལ་ཁྲེ་ཙེ་གལ་ཆེན་ཞིག་ཡིན་ཞིང་། སྲོལ་བཟང་སྤྱོད་བཟང་གི་ཆབ་སྲིད་སྐྱེ་ཁམས་འཛུགས་སྐྱོང་བྱ་རྒྱུ་ནི་ཡུན་རིང་རྒྱུན་སྲིང་བྱ་དགོས་པའི་ལས་དོན་ཞིག་རེད་ཅེས་བསྟན་གནང་རེད།

【1】  【2】  【3】  【4】  【5】  【6】

༄༅།།ཞི་ཅིན་ཕིང་གིས་རྒྱལ་ཡོངས་མི་རིགས་ཁག་དང་ལས་རིགས་ཁག་གི་སྤུན་ཟླ་བུད་མེད་
རྣམས་ལ་དུས་ཆེན་གྱི་འཚམས་འདྲི་ཞུས་པ།