མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་དང་། འཕེལ་སྒྱུར་ཨུ་ལྷན། དབུལ་སྐྱོར་གཞུང་དོན་ཁང་
བཅས་ཀྱིས་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་གཙོ་གནད་རྣམ་གྲངས་
69ལ་སྒོ་བྱང་བཀལ་ནས་ལྟ་སྐུལ་བྱས་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་09ཉིན། 14:55】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

          མི་དམངས་དྲ་བའི་འཕྲིན། སྤྱི་ཟླ་3ཚེས་7ཉིན་གསར་འགོད་པས་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་ནས་ཤེས་རྟོགས་བྱུང་བར། དབུལ་སྐྱོར་ཁྱབ་ཁོངས་ཁྲོད་ཀྱི་ལས་ཐོག་ཉེས་གསོག་ལ་གཅིག་སྡུད་བཅོས་སྒྲིག་དང་སྔོན་འགོག་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུའི་ཆེད་དོན་ལས་དོན་ལ་སྔར་བས་སྐུལ་འདེད་གཏོང་བ་དང་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་རྣམ་གྲངས་བདེ་བླག་ངང་ལག་བསྟར་བྱ་རྒྱུར་འགན་ལེན་ཐུབ་ཆེད། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་དང་། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན། རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་དོན་ཁང་བཅས་ཀྱིས་ཉིན་ཤས་གོང་མཉམ་དུ་《ཁག་དང་པོའི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་སྔོན་འགོག་ལྟ་སྐུལ་རྣམ་གྲངས་གཙོ་གནད་ལ་སྒོ་བྱང་བཀལ་ནས་ལྟ་སྐུལ་བྱ་རྒྱུའི་སྐོར་གྱི་བརྡ་ཐོ་》བཏང་ནས་ཧོ་པེ་ཞིང་ཆེན་ཀྲང་ཅ་ཁའོ་གྲོང་ཁྱེར་ཁྲུང་ལི་ཆུས་ཤིས་ཝན་ཙེ་གྲོང་རྡལ་ཧྲའོ་ཅན་ཚའོ་ཀའོ་གྲོང་ཚོ་དང་། ཏུང་ནན་ཀའོ་གྲོང་ཚོ་སོགས“ལོ་ལྔ་ཚན་བཅུ་གསུམ”པའི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་སྔོན་འགོག་ལྟ་སྐུལ་རྣམ་གྲངས་69ལ་སྒོ་བྱང་བཀལ་ནས་ལྟ་ཞིབ་བྱས་ཏེ་མངོན་གསལ་དོད་པའི་ལྷུ་ཚིགས་དང་འགག་རྩའི་གནས་སུ་ཐོན་པའི་ལས་ཐོག་ཉེས་གསོག་རིགས་5་ལ་གཙོ་གནད་ཐོག་ལྟ་ཞིབ་དང་སྔོན་འགོག་བྱ་རྒྱུའི་གཏན་འབེབས་བྱས་པ་རེད། 
          《བརྡ་ཐོའི་》ནང་སྒོ་བྱང་བཀལ་ནས་ལྟ་ཞིབ་རྣམ་གྲངས་ཀྱི་འགན་སྒྲུབ་ཚན་པས་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་ཁྱབ་ཁོངས་སུ་ལས་ཐོག་ཉེས་གསོག་ཐོན་སླ་བ་དང་ཐོན་མང་བའི་མངོན་གསལ་དོད་པའི་ལྷུ་ཚིགས་བཙལ་འཚོལ་ཐུབ་པ་དང་འགག་རྩའི་གནས་ལ་སྡིགས་ཏེ་གཱ་དང་ཡིག་ཚགས་བཟོས་པའི་མི་འབོར་དབུལ་པོ་ངོས་འཛིན་གཏན་འཁེལ་གྱི་ལྷུ་ཚིགས་ཁྲོད་ཐོན་པའི་ལས་ཐོག་ཉེས་གསོག་ལ་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་དང་སྔོན་འགོག་ཧུར་ཐག་བྱེད་དགོས་པ་དང་། ཀྲུང་དབྱང་གི་སྔོན་རྩིས་ནང་གི་མ་འཇོག་དང་། ས་གནས་སྲིད་གཞུང་གི་བུ་ལོན་མ་དངུལ། ཆེད་དོན་འཛུགས་སྐྲུན་གྱི་ཐེབས་རྩ། དུས་འབྲིང་དང་དུས་རིང་གི་དངུལ་བུན་སོགས་མ་དངུལ་འཁོར་སྐྱོད་ལྷུ་ཚིགས་ནང་ཐོན་པའི་ལས་ཐོག་ཉེས་གསོག་ལ་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་དང་སྔོན་འགོག་ཧུར་ཐག་བྱེད་དགོས་པ། བཀོད་སྒྲིག་བྱ་ཡུལ་གྱི་སྡོད་ཁང་འཛུགས་སྐྲུན་དང་། ལེ་ལག་ཚང་བའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་འཛུགས་སྐྲུན། ས་ཞིང་བཅོས་སྒྲིག སྤོ་ཡུལ་གྱི་སྣོད་བཅུད་སླར་གསོ་སོགས་ལས་གྲྭའི་འོས་སྐུལ་འོས་དཔོད་དང་། འཛུགས་སྐྲུན་དོ་དམ་གྱི་ཁྱབ་ཁོངས་དང་ལྷུ་ཚིགས་བཅས་སུ་ཐོན་པའི་ལས་ཐོག་ཉེས་གསོག་ལ་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་བྱེད་པ་དང་སྔོན་འགོག་ཧུར་ཐག་བྱེད་དགོས་པ། གནས་སྤོས་མང་ཚོགས་ཀྱི་རིག་གནས་དང་། སློབ་གསོ། སྨན་བཅོས། ལས་ཞུགས་ལས་གཏོད། རྩལ་ནུས་གསོ་སྦྱོང་སོགས་ཁྱབ་ཁོངས་སུ་ཐོན་པའི་ལས་ཐོག་ཉེས་གསོག་དང་དེ་བཞིན་བཀོད་སྒྲིག་བྱ་ཡུལ་གྱི་ཁྱད་ལྡན་ཐོན་ལས་དང་། ངལ་ནུས་དཔལ་འབྱོར། དེང་དུས་ཞབས་ཞུའི་ལས་རིགས་སོགས་འཕེལ་རྒྱས་ཀྱི་ཐོན་ལས་དབུལ་སྐྱོར་ཁྱབ་ཁོངས་སུ་ཐོན་པའི་ལས་ཐོག་ཉེས་གསོག་ལ་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་དང་སྔོན་འགོག་ཧུར་ཐག་བྱེད་དགོས་པ་བཅས་ཀྱི་ནན་བཤད་བྱས་ཡོད།