མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།རྒྱལ་ཡོངས་མི་དམངས་འཐུས་ཚོགས་ནོར་དཔལ་ཨུ་ཡོན་ལྷན་ཁང་གིས་2017ལོའི་འཆར་
གཞིའི་སྙན་ཞུ་དང་འཆར་གཞིའི་འཆར་ཟིན་དང་2017ལོའི་སྔོན་རྩིས་
སྙན་ཞུ་དང་སྔོན་རྩིས་འཆར་ཟིན་ལ་ཞིབ་བཤེར་བྱས་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་10ཉིན། 14:25】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

          མི་དམངས་དྲ་བའི་འཕྲིན། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་ནོར་དཔལ་ཨུ་ཡོན་ལྷན་ཁང་གིས་ཚེས་8ཉིན་གྱི་སྔ་དྲོ་ཚང་འཛོམས་གྲོས་ཚོགས་འཚོགས་ནས་ཆེད་དོན་ཨུ་ཡོན་ལྷན་ཁང་གཞན་དང་མཉམ་དུ་འཐུས་མི་ཚོགས་པ་ཁག་གི་ཞིབ་བཤེར་བསམ་འཆར་དང་ཟུང་འབྲེལ་གྱིས་2017ལོའི་འཆར་གཞིའི་སྙན་ཞུ་དང་འཆར་གཞིའི་འཆར་ཟིན་དང་2017ལོའི་སྔོན་རྩིས་སྙན་ཞུ་དང་སྔོན་རྩིས་འཆར་ཟིན་ལ་སྔར་བས་ཞིབ་བཤེར་བྱས་པ་རེད།
         གྲོས་བསྡུར་གང་ལེགས་བྱས་པའི་རྨང་གཞིའི་ཐོག་ཚོགས་འདུའི་ཐོག་འཆར་གཞི་དང་སྔོན་རྩིས་ཀྱི་ཞིབ་བཤེར་འབྲས་བུ་གཉིས་ཀྱི་སྙན་ཞུར་རྩ་དོན་ཐོག་གྲོས་འཆམ་བྱུང་བ་དང་སྦྲགས་སྙན་ཞུ་གཉིས་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་ལྔ་པའི་ཀྲུའུ་ཞི་ཚོགས་པར་འབུལ་རྒྱུའི་ཐག་བཅད་པ་རེད།
        འབྲེལ་ཡོད་བཅའ་ཁྲིམས་ཀྱི་གཏན་འབེབས་གཞིར་བཟུང་། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱིས་ལོ་ལྟར་ཚོགས་འདུ་འཚོགས་སྐབས་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཚོགས་འདུའི་ཐོག་འཆར་གཞིའི་སྙན་ཞུ་དང་འཆར་གཞིའི་འཆར་ཟིན་དང་སྔོན་རྩིས་སྙན་ཞུ་དང་སྔོན་རྩིས་འཆར་ཟིན་བཏོན་ནས་འཐུས་མི་ཚོགས་པ་ཁག་གིས་ཞིབ་བཤེར་བྱེད་དགོས་ངེས་ཡིན་པ་དང་སྦྲགས་ནོར་དཔལ་ཨུ་ཡོན་ལྷན་ཁང་དང་འབྲེལ་ཡོད་ཆེད་དོན་ཨུ་ཡོན་ལྷན་ཁང་གིས་ཞིབ་བཤེར་བྱེད་དགོས་ངེས་རེད། ནོར་དཔལ་ཨུ་ཡོན་ལྷན་ཁང་གིས་འཐུས་མི་ཚོགས་པ་ཁག་དང་འབྲེལ་ཡོད་ཆེད་དོན་ཨུ་ཡོན་ལྷན་ཁང་གི་ཞིབ་བཤེར་་བསམ་འཆར་གཞིར་བཟུང་འཆར་གཞིའི་སྙན་ཞུ་དང་འཆར་གཞིའི་འཆར་ཟིན་དང་སྔོན་རྩིས་སྙན་ཞུ་དང་སྔོན་རྩིས་འཆར་ཟིན་ཐད་ཞིབ་བཤེར་བྱས་ཏེ་ཀྲུའུ་ཞི་ཚོགས་པར་ཞིབ་བཤེར་བྱས་འབྲས་སྙན་ཞུ་འབུལ་དགོས་པ་དང་ཀྲུའུ་ཞི་ཚོགས་པས་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་རྗེས་ཚོགས་འདུའི་ཐོག་པར་འགྲེམས་བྱས་ཏེ་འབྲེལ་ཡོད་གྲོས་ཆོད་འཆར་ཟིན་ཚོགས་ཆེན་གྱི་ཚང་འཛོམས་གྲོས་ཚོགས་ལ་བརྡས་ཐག་གཅོད་རྒྱུར་འབུལ་རྒྱུ་རེད།