མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།མི་རིགས་ཁག་གི་མི་དམངས་ཚོར་སྒྱུར་བཅོས་འཕེལ་རྒྱས་ཀྱི་གྲུབ་འབྲས་ལོངས་སུ་སྤྱོད་རྒྱུ་ཡོང་བ་བྱེད་དགོས།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་13ཉིན། 10:03】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

          མི་དམངས་དྲ་བའི་འཕྲིན། “མི་རིགས་ཁག་གི་མང་ཚོགས་ཚོས་ཏང་གི་ཐུགས་ཁུར་དང་མེས་རྒྱལ་ཁྱིམ་ཚང་ཆེ་མོའི་དྲོ་སྐྱིད་ཚོར་བ་བྱེད་དགོས”ཞེས་པའི་སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་མོལ་དེར་ང་ལ་མྱོང་ཚོར་ཟབ་མོ་བྱུང་། ཉེ་བའི་ལོ་ཤས་རིང་། ཤིན་ཅང་གིས་ཁ་གཏད་རོགས་སྐྱོར་དང་གནད་སྨིན་དབུལ་སྐྱོར་སོགས་ཀྱི་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་ནས་ནོར་སྲིད་གཏོང་སྒོ་དང་རོགས་སྐྱོར་མ་དངུལ་ནས་མང་དག་གཅིག་དམངས་འཚོ་ལེགས་གཏོང་ཐད་བཏང་བས་མང་ཚོགས་ཀྱི་ཐོབ་ཚོར་ཆེ་རུ་ཆེན་པོ་ཕྱིན་ཡོད།
         —— འཐུས་མི་ཤིན་ཅང་ཐུའུ་ལུའུ་ཧྥན་ཀའོ་ཁྲང་ཆུས་ཞིང་ལས་ལག་རྩལ་ཁྱབ་གདལ་ལྟེ་གནས་ཀྱི་རྩི་ཤིང་སྲུང་སྐྱོང་ས་ཚིགས་ཀྱི་ཀྲན་ཀྲང་ར་ཙི་དབན་ཀུའུ་ལི·ཅ་མ་ལིས་བཤད།
        ངའི་བཟའ་ཟླ་ནི་རྒྱ་རིགས་ཡིན། ང་གཉིས་དབར་མི་རིགས་ཀྱི་དབྱེ་བ་མེད་ལ་ཡུལ་སྲོལ་གོམས་གཤིས་མི་འདྲ་བའི་རྐྱེན་པས་འགལ་ཟླ་ཡང་ཐོན་མྱོང་མེད། ང་གཉིས་ཀྱིས་ཀུན་བཟང་བྱ་གསོ་མཉམ་ལས་ཁང་ཞིག་བཙུགས་ཡོད། ལས་མིའི་ནང་རྒྱ་རིགས་དང་བོད་རིགས་གཉིས་ཀ་ཡོད། རྒྱ་རིགས་ལས་རོགས་ཚོས་སྦ་གསང་ཅི་ཡང་མེད་པར་ལག་རྩལ་སློབ་ཀྱི་ཡོད། མི་རིགས་དབར་མཐུན་སྒྲིལ་བྱུང་ཚེ་གཞི་ནས་ཐུན་མོང་ཐོག་འཕེལ་རྒྱས་འགྲོ་ཐུབ།
         —— འཐུས་མི་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་རྩེད་ཐང་གྲོང་རྡལ་རྩེད་ཐང་གྲོང་ལྷན་གྱི་ཏང་ཀྲི་པུའི་ཧྲུའུ་ཅི་གཞོན་པ་ཡེ་ཤེས་སྒྲོལ་དཀར་གྱིས་བཤད།
         གྲངས་ཉུང་མི་རིགས་ཀྱི་ཨུ་ཡོན་ཡིན་པའི་ངས་ཕ་ཡུལ་འཕེལ་རྒྱས་ལ་དགའ་ཚོར་ཆེན་པོ་བྱེད་ཀྱི་ཡོད། ད་ཆ་དབུལ་སྒྲོལ་འགག་སྒྲོལ་གྱི་ཁ་ཕྱོགས་དེ་བས་གནད་ལ་སྨིན་པ་དང་གྲུབ་འབྲས་དེ་བས་མངོན་གསལ་དོད་པར་བརྟེན་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་གོམ་སྟབས་སྔར་བས་བརྟན་དུ་ཕྱིན་ཡོད། ང་ཚོས་སྒྱུར་བཅོས་འཕེལ་རྒྱས་ཀྱི་གྲུབ་འབྲས་ལོངས་སུ་སྤྱོད་པ་དང་ཆབས་ཅིག་དཔུང་པ་མཉམ་གཤིབ་ཀྱི་སྒོ་ནས་མི་རིགས་ཁག་དབར་མཉམ་དུ་སློབ་སྦྱོང་དང་མཉམ་དུ་བྱ་བ་བསྒྲུབ་རྒྱུ་ཡིན།
         —— འཐུས་མི་མཚོ་སྔོན་ཟི་ལིང་ཧའེ་པུའོ་ཁྲིམས་རྩོད་ལས་དོན་སུའོ་ཡི་ཀྲུའུ་རེན་མ་ཧུའུ་ཁྲེང་གིས་བཤད།