མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་ལྔ་པས་གྲོས་གཞི་4156ཞིབ་
དཔྱད་ཐོ་འགོད་བྱས་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་15ཉིན། 13:53】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་13ཉིན་གསར་འགོད་པར་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་ལྔ་པ་ནས་ཤེས་རྟོགས་བྱུང་བར། ཟླ་3ཚེས་7ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ལྔ་པ་བར་རྒྱལ་ཡོངས་སྲིད་གྲོས་གྲོས་གཞི་ཨུ་ཡོན་ལྷན་ཁང་ལ་ཁྱོན་གྲོས་གཞི་5210འབྱོར་བ་དང་གྲོས་གཞི་4156ཞིབ་དཔྱད་ཐོ་འགོད་བྱས་ཡོད་པ་རེད།
          ཐོ་འགོད་བྱས་པའི་གྲོས་གཞིའི་ནང་དཔལ་འབྱོར་འཛུགས་སྐྲུན་ཐད་ཀྱི་གྲོས་གཞིས་34.72%དང་། ཆབ་སྲིད་འཛུགས་སྐྱོང་ཐད་ཀྱི་གྲོས་གཞིས་11.67% རིག་གནས་འཛུགས་སྐྱོང་ཐད་ཀྱི་གྲོས་གཞིས་7.99% སྤྱི་ཚོགས་འཛུགས་སྐྲུན་ཐད་ཀྱི་གྲོས་གཞིས་35.49% སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ཐད་ཀྱི་གྲོས་གཞིས་10.13%བཅས་བཟུང་ཡོད་པ་རེད།
          ངོ་སྤྲོད་བྱས་པར་གཞིགས་ན། ཨུ་ཡོན་ཚོས་གྲོས་གཞི་བཏོན་ནས་འགན་འཁྲི་སྒྲུབ་པའི་ཧུར་བརྩོན་རང་བཞིན་ཆེ་ཞིང་། ཁྱོན་ཨུ་ཡོན་1945ཡིས་གྲོས་གཞི་བཏོན་པ་དེས་ཨུ་ཡོན་བསྡོམས་གྲངས་ཀྱི་88.41%བཟུང་ཡོད། སྤྱིའི་ཆ་ནས་བལྟས་ན། གྲོས་གཞིའི་གྲངས་འབོར་ཅུང་ཉུང་དུ་སོང་བ་དང་སྤུས་ཚད་མཐོ་རུ་སོང་བ་དང་། བརྗོད་བྱ་གནད་ལ་འཁེལ་བ་དང་། ཞིབ་འཇུག་གཏིང་ཟབ་པ། གནས་ཚུལ་ཁ་གསལ་བ། དབྱེ་ཞིབ་གནད་ལ་འཕིགས་པ། གྲོས་འགོ་གནད་ལ་འཁེལ་བ་བཅས་ཀྱི་གྲོས་གཞི་མངོན་གསལ་དོད་པོས་མང་དུ་སོང་བ། ད་དུང་ལྟ་སྐུལ་རང་བཞིན་གྱི་གྲོས་གཞི་ཁག་གཅིག་ཀྱང་བཏོན་ཡོད་པ་རེད།