མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་བ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་19ཉིན། 16:57】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་17ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་སྟེ། 《སྲིད་གཞུང་གི་ལས་དོན་སྙན་སྒྲོན་》གྱི་འགན་འཁྲི་ཁག་བགོས་གཏན་འཁེལ་དང་ལོ་ཧྲིལ་པོའི་ལས་དོན་དོན་འཁྱོལ་ལ་བཀོད་སྒྲིག་གནང་ཡོད།
        ཚོགས་འདུའི་ཐོག གྲོལ་མ་ཐག་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་ལྔ་པའི་ཐོག་གྲོས་འཆམ་བྱུང་བའི་《སྲིད་གཞུང་གི་ལས་དོན་སྙན་སྒྲོན་》ནང་འདི་ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་དང་ལས་འགན་གཙོ་བོ་ཁ་གསལ་བཟོས་ཡོད། འདི་ནི་སྲིད་གཞུང་གིས་མི་དམངས་ལ་སྒྲུབ་རྒྱུ་ཁས་ལེན་གནང་བའི“དམག་བཀའ་ཁུར་ལེན་ཞུ་ཡིག”ལྟ་བུ་རེད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་འོག་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྡེ་ཚན་ཁག་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་དང་། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་འདེད་གཏོང་རྒྱུ་གཙོ་རྐང་དུ་བྱེད་པ། བརྟན་པོའི་ངང་འཕར་བ་དང་། སྒྱུར་བཅོས་ལ་སྐུལ་འདེད། གྲུབ་ཆ་ལེགས་སྒྲིག དམངས་འཚོར་ཕན་འདོགས་པ། ཉེན་ཁ་འགོག་པ་བཅས་སྤྱི་འདོམས་སུ་བྱེད་པ། བྱ་སྤྱོད་ཧུར་ཐག་སྤེལ་བ་དང་རང་འགན་གཙང་སྒྲུབ་བཅས་བྱས་ནས་འདི་ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་འགན་ཁག་ཇི་མ་ཇི་བཞིན་དོན་ཐོག་ཏུ་འཁྱོལ་བ་དང་རེ་རེ་བཞིན་ཁ་དན་ཚིག་གནས་ཐུབ་པ་བྱེད་དགོས་ཞེས་གསུངས།
        ཚོགས་འདུའི་ཐོག་《སྲིད་གཞུང་གི་ལས་དོན་སྙན་སྒྲོན་》གཞིར་བཟུང་། འདི་ལོའི་སྲིད་གཞུང་ལས་དོན་གྱི་ཕྱོགས་11ཐད་ཀྱི་གཙོ་གནད་ལས་འགན་ཁག་56ཁ་གསལ་བཟོས་པ་དང་ཞིབ་ཕྲའི་ལས་བགོས་དང་འགན་འཁྲིའི་ཚན་པ་གཏན་འཁེལ་བྱས་ཡོད།
        ཚོགས་འདུའི་ཐོག སྡེ་ཚན་ཁག་གིས“ཨང་རྟགས་ལྟར་གྲལ་དུ་བཞུགས་པ”དང་། འགན་ཁུར་བའི་ལས་འགན་ཞིབ་ཕྲ་ཅན་དང་དབྱེ་ཕྲལ་འབྱེད་པ། ལས་དོན་རེ་རེའི་དུས་ཚོད་དང་། འགན་འཁྲི་འཁུར་མཁན། ལེ་ལག་ཚང་བའི་བྱེད་ཐབས་བཅས་ཁ་གསལ་བཟོ་བ། དུས་བཀག་ལྟར་ལྟ་བཤེར་དང་སྒྲུབ་སྐུལ་སྒྲིག་འཛུགས་བྱེད་པ། དོན་འཁྱོལ་དམ་འཛིན་ནུས་ལྡན་དང་ཕན་འབྲས་ཐོན་རིགས་ལ་བྱ་དགའ་སྤྲོད་པ་བཅས་བྱས་ཏེ་ལས་ཀ་འཕེལ་རྒྱས་འགྲོ་འགོར་བ་དང་ཐ་ན་ཁྲལ་སེལ་སླ་བཅོས་དང་ལས་ཀར་སྒྱིད་ལུག་བྱེད་མཁན་ལ་སྐུལ་འདེད་དང་འགན་འཁྲི་འདྲི་རྩད་བྱེད་དགོས། ས་གནས་དང་གཞི་རིམ་གྱི་གསར་གཏོད་རང་བཞིན་འདོན་སྤེལ་ལ་སྔར་བས་སྣང་ཆེན་དང་ཕྱོགས་ཁག་གི་ཧུར་བརྩོན་རང་བཞིན་སྐོང་འཐེན་བྱས་ནས་འདི་ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཞིག་ཧུར་ཐག་གཏོད་དགོས་པའི་བླང་བྱ་བཏོན་པ་རེད།