མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་ས་གནས་ཀྱི་གཞུང་འཁོར་སྒྱུར་བཅོས་ཇུས་གཞི་རྫོང་དང་། ཤང་།
འཐབ་ས་དང་པོ་བཅས་ལ་ཕྱོགས་རྒྱུའི་སྐུལ་ལྕག་བྱ་རྒྱུ་ཡིན་ཞེས་བཤད་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་22ཉིན། 11:01】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

           མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་20ཉིན། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་《ལེ་ལག་ཚང་བའི་སྲིད་ཇུས་སྔར་བས་འཐུས་སྒོ་ཚང་དུ་བཏང་ནས་གཞུང་འཁོར་སྒྱུར་བཅོས་ཀྱི་གྲུབ་འབྲས་མུ་མཐུད་སྲ་བརྟན་དུ་གཏོང་རྒྱུའི་སྐོར་གྱི་བརྡ་ཐོ་》བཏང་བ་དང་། བརྡ་ཐོའི་ནང་གཙོ་བོ་ས་གནས་ཀྱི་གཞུང་འཁོར་སྒྱུར་བཅོས་ལས་དོན་ལ་མཛུབ་ཁྲིད་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་ས་གནས་ཁག་ལ་སོར་ཉར་རླངས་འཁོར་བེད་སྤྱོད་བྱེད་ཐབས་ཞིབ་ཚགས་སུ་གཏོང་དགོས་པའི་བླང་བྱ་བཏོན་པ་དང་ཆབས་ཅིག རྫོང་དང་ཤང་གི་གཞི་རིམ་ལས་དོན་མི་སྣའི་གཞུང་དོན་ཕྱིར་སྐྱོད་གྱི་གནད་དོན་འོས་འཚམ་ངང་ཐག་གཅོད་ཡག་པོ་བྱེད་དགོས་པ་དང་། ས་གནས་ཀྱི་རྫོང་དང་ཤང་གི་གཞུང་དོན་འགྲིམ་འགྲུལ་ཁ་གསབ་ཀྱི་སྤྱི་འདོམས་བསྡུར་གྲངས་མཐོ་རུ་གཏོང་དགོས་པ། གཞི་རིམ་ལ་རླངས་འཁོར་བཀོད་སྒྲིག་བྱ་རྒྱུར་གཟིགས་སྐྱོང་བྱེད་དགོས་པ་སོགས་ཀྱི་ཞིབ་ཕྲའི་བྱེད་ཐབས་ཀྱང་ཁ་གསལ་བཏོན་ཡོད་པ་རེད།
           བརྡ་ཐོའི་ནང་ཞིང་ཆེན་(རང་སྐྱོང་ལྗོངས་དང་གྲོང་ཁྱེར)ཁག་གིས་སོར་ཉར་རླངས་འཁོར་བེད་སྤྱོད་ཀྱི་ཞིབ་སྲོལ་བཟོས་ནས་སོར་ཉར་རླངས་འཁོར་བེད་སྤྱོད་ཀྱི་ཕན་འབྲས་ཆེ་རུ་གཏོང་བ་དང་། ལས་སྟེགས་ཅན་དང་། ཆ་འཕྲིན་ཅན། མཚོན་རྟགས་ཅན་བཅས་ཀྱི་ལས་དོན་དམིགས་སར་འབྱོར་བ་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་འཕྲལ་སྒྲུབ་སོགས་ཀྱི་འབྲེལ་ཡོད་རླངས་འཁོར་བེད་སྤྱོད་ཀྱི་ཁྱབ་ཁོངས་འོས་འཚམ་ངང་ཆེ་རུ་གཏོང་ཆོག་པ། གཞུང་འཁོར་གཞུང་སྤྱོད་ཐད་ཚད་ལྡན་དང་ལུགས་མཐུན་ངང་བེད་སྤྱོད་ཏན་ཏིག་བྱེད་པ། ལྷག་པར་དུ་གཞུང་དོན་གལ་ཆེན་དང་། གཞི་རིམ་དུ་བསྐྱོད་ནས་བརྟག་ཞིབ་བྱེད་པ། ས་ཁོངས་ལས་བརྒལ་ནས་གཞུང་དོན་སྒྲུབ་པར་སྐྱོད་པ། ཐོལ་བྱུང་གནས་ཚུལ་འོག་གཞུང་དོན་སྒྲུབ་པར་སྐྱོད་པ་བཅས་ཐད་ཀྱི་རླངས་འཁོར་གྱི་དགོས་མཁོ་སྐོང་དགོས་ལུགས་ཁ་གསལ་བཏོན་ཡོད།
           གཞི་རིམ་དང་འཐབ་ས་དང་པོའི་ལས་དོན་མི་སྣ་གཞུང་དོན་སྒྲུབ་པར་སྐྱོད་པའི་གནད་དོན་འོས་འཚམ་ངང་ཐག་གཅོད་ཡག་པོ་བྱ་རྒྱུ་ནི་ད་རེས་ཀྱི་བརྡ་ཐོའི་ནང་དོན་གལ་ཆེན་ཞིག་རེད། གཞི་རིམ་གྱི་གནས་ཚུལ་དངོས་ལ་བསམ་གཞིག་གང་ལེགས་ཀྱིས་བརྡ་ཐོའི་ནང་ས་གནས་ལ་བྱེད་ཐབས་སྣ་ཚོགས་འཚོལ་ཞིབ་བྱས་ནས་སྤྱད་དེ་གཞི་རིམ་གྱི་ལས་དོན་མི་སྣ་གཞུང་དོན་སྒྲུབ་པར་བསྐྱོད་རྒྱུར་ལྕག་སྐུལ་བྱེད་དགོས་ལུགས་བསྟན་པ་དཔེར་ན། འགྲིམ་འགྲུལ་གྱི་ཁ་གསབ་དང་། རླངས་འཁོར་བཀོད་སྒྲིག ནུས་རྒྱུ་གསར་པའི་རླངས་འཁོར་བོགས་གཏོང་། འགྲིམ་འགྲུལ་གྲོན་དངུལ་གཙང་རྩིས་སོགས་ཀྱི་བྱེད་ཐབས་སྣ་ཚོགས་རེད། རྫོང་དང་ཤང་གི་གཞུང་དོན་སྒྲུབ་པར་བསྐྱོད་རྒྱུའི་ཐད་གཟིགས་སྐྱོང་གང་ཙམ་བྱེད་དགོས་པའི་ནན་བཤད་བྱས་པ་དཔེར་ན། འགྲིམ་འགྲུལ་ཁ་གསབ་ཐད་ས་གནས་ལ་རྒྱབ་སྐྱོར་གྱིས་རྫོང་དང་ཤང་གི་གཞུང་དོན་སྒྲུབ་པའི་འགྲིམ་འགྲུལ་ཁ་གསབ་ཀྱི་སྤྱི་འདོམས་བསྡུར་གྲངས་མཐོ་རུ་གཏོང་དགོས་པ་དང་། ཕྱིར་སྐྱོད་ཀྱི་ལས་འགན་ལྕི་བའི་ལས་གནས་དང་མི་སྣ་ཁག་གཅིག་གཙོ་གནད་ཐོག་འགན་ལེན་ཡག་པོ་བྱེད་དགོས་པ། ས་གནས་ཀྱི་གཞུང་འཁོར་སྒྱུར་བཅོས་ཁ་གསབ་ཀྱི་སྤྱི་འདོམས་བསྡུར་གྲངས་ཚད་གཞི་མི་བཟོ་བ་བཅས་ཀྱི་ནན་བཤད་བྱས་པ་དང་། ལྷག་པར་དུ་ས་གནས་ལ་གཞུང་འཁོར་སྒྱུར་བཅོས་ཀྱི་ཞིབ་བཤེར་གཏན་འཁེལ་བྱས་པའི་འགྲིམ་འགྲུལ་ཁ་གསབ་བསྡོམས་འབོར་ནང་། ལས་གནས་ཀྱི་འགན་འཁྲི་དངོས་ལ་གཞིགས་ནས་ཁ་གསབ་ཚད་གཞི་ཞིབ་བཤེར་གཏན་འཁེལ་བྱེད་དགོས་པའི་ལྕག་སྐུལ་བྱས་ཡོད། རླངས་འཁོར་བཀོད་སྒྲིག་བྱ་རྒྱུའི་ཐད་ལའང་གཞི་རིམ་ལ་གཟིགས་སྐྱོང་བྱེད་དགོས་པ་དང་། འགྲོ་སོང་གྲོན་ཆུང་བྱེད་ཚད་འགན་ལེན་བྱེད་པའི་སྔོན་འགྲོའི་འོག་ཞིང་ཆེན་ཡོངས་ཀྱིས་ད་ཡོད་ཀྱི་སོར་ཉར་རླངས་འཁོར་ཁྲོད་ནས་གཞི་རིམ་གྱི་རྫོང་དང་ཤང་ལ་བེད་སྤྱོད་བྱ་རྒྱུར་བཀོད་སྒྲིག་བྱེད་པ་དང་དེ་ལས་སྟེགས་དོ་དམ་ནང་བཅུག་ན་འགྲིག་ལ་ནུས་རྒྱུ་གསར་པའི་རླངས་འཁོར་དུས་བགོས་བོགས་གཏོང་བྱེད་པ་སོགས་ཀྱི་བྱ་ཐབས་བརྒྱུད་གཞི་རིམ་གྱི་རྫོང་དང་ཤང་གི་གཞུང་དོན་ཕྱིར་སྐྱོད་ཀྱི་གནད་དོན་འགན་ལེན་ཡང་བྱས་ན་འགྲིག་གི་ཡོད་པ་རེད།
             བརྡ་ཐོའི་ནང་ད་དུང་རྫོང་དང་ཤང་གི་འགན་ལེན་ཁྱབ་ཁོངས་ཕུད་པའི་རིགས་དང་སྤྱི་པའི་འགྲིམ་འགྲུལ་སྟབས་བདེ་མེད་པའི་ས་ཁུལ་གྱི་གཞུང་དོན་ཕྱིར་སྐྱོད་ཐད་དོ་དམ་བྱེད་ཐབས་བཟོ་བ་དང་། ཞིབ་བཤེར་མཆན་འགོད་ཀྱི་གོ་རིམ་ནན་དུ་གཏོང་བ། གྲོན་དངུལ་གྱི་ཚད་གཞི་གཏན་འཁེལ་བྱེད་པ། ཆ་འཕྲིན་ཡོངས་བསྒྲགས་ཁ་གསལ་བྱེད་པ་བཅས་ཀྱི་ཆ་རྐྱེན་འོག་ཐག་ཉེ་རིང་ལ་གཞིགས་ནས་འགྲིམ་འགྲུལ་གྲོན་དངུལ་གཙང་རྩིས་བྱ་ཐབས་སྤྱོད་དགོས་ལུགས་ཡང་བཏོན་ཡོད། བརྡ་ཐོའི་ནང་འགྲིམ་འགྲུལ་གྲོན་དངུལ་དེ་ངེས་པར་དུ་སྐྱོད་ཐེངས་ལ་གཞིགས་ནས་སྤྲོད་པ་དང་ལས་ཀའི་དགོས་མཁོ་དངོས་ལ་མི་བསྟུན་པར་ངོ་བོ་བསྒྱུར་ནས་མི་སྒེར་ལ་སྤྲོད་རྒྱུ་གཏན་འགོག་བྱས་ཏེ་གཞི་རིམ་ལས་དོན་མི་སྣའི་ཕྱིར་སྐྱོད་ཀྱི་དགོས་མཁོ་འགན་ལེན་ཏན་ཏིག་བྱེད་དགོས་ཞེས་བཏོན་ཡོད་པ་རེད།