མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ལི་ཁེ་ཆང་ཁན་པེ་རར་ཕེབས་འབྱོར་ཟིན་ནས་ཨོ་སི་ཁྲུ་ལི་ཡར་འཚམས་འདྲི་དངོས་སུ་
གནང་འགོ་ཚུགས་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་23ཉིན། 14:59】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

༄༅།།ལི་ཁེ་ཆང་ཁན་པེ་རར་ཕེབས་འབྱོར་ཟིན་ནས་ཨོ་སི་ཁྲུ་ལི་ཡར་འཚམས་འདྲི་དངོས་སུ་
གནང་འགོ་ཚུགས་པ།

     མི་དམངས་དྲ་བའི་འཕྲིན། ས་གནས་དེ་གའི་དུས་ཚོད་སྤྱི་ཟླ་3པའི་ཚེས་22ཉིན་གྱི་དགོང་མོ། ཨོ་སི་ཁྲུ་ལི་ཡའི་ཙུང་ལི་ཐེ་ཨེན་པུའར་གྱི་གདན་ཞུས་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་ཆེད་གཏོང་གནམ་གྲུར་བཞུགས་ནས་ཁན་པེ་རའི་གནམ་གྲུ་ཐང་དུ་ཕེབས་འབྱོར་ཟིན་ནས། ཨོ་སི་ཁྲུ་ལི་ཡར་འཚམས་འདྲི་དངོས་སུ་གནང་འགོ་ཚུགས་པ་མ་ཟད། རེས་བསྐོར་ལྔ་པའི་ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡའི་ཙུང་ལིའི་ལོ་འཁོར་འདུ་འཛོམས་ལ་བཞུགས་གནང་རྒྱུ་ཡིན་པ་རེད། ཙུང་ལི་ལི་ཁེ་ཆང་གི་སྐུ་ཟླ་ཁྲེང་ཧུང་ཡང་མཉམ་དུ་ཕེབས་འབྱོར་ཟིན་ཡོད་པ་རེད།
     ལི་ཁེ་ཆང་གིས། ད་ལོ་ནི་ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡའི་དབར་ཕྱི་འབྲེལ་གྱི་འབྲེལ་བ་བཙུགས་ནས་ལོ་ངོ་45འཁོར་བའི་ལོ་ཡིན་པ་དང་། རྒྱལ་ཁབ་གཉིས་པོའི་འབྲེལ་བ་དང་མཉམ་ལས་ཡུན་རིང་གོང་འཕེལ་བྱུང་ནས། ཕྱོགས་གཉིས་པོའི་མི་དམངས་ལ་མིག་མཐོང་ལག་འཛིན་གྱི་ཕན་པ་མང་པོ་གྲུབ་ཡོད། ངས་ད་རེས་ཀྱི་འཚམས་འདྲི་བརྒྱུད་དེ། ཨོ་སི་ཁྲུ་ལི་ཡའི་ཕྱོགས་དང་ཕན་ཚུན་བརྩི་འཇོག་དང་། འདྲ་མཉམ། མཉམ་ལས་གཉིས་རྒྱལ་གྱི་སྙིང་སྟོབས་མུ་མཐུད་རྒྱུན་འཁྱོངས་བྱེད་པ་དང་། རྒྱལ་ཁབ་གཉིས་པོའི་ཁྱབ་ཁོངས་ཁག་ནང་གི་མཉམ་ལས་མདུན་ལྗོངས་གསར་པའི་སྒོ་མོ་དབྱེ་བ་བརྒྱུད། ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡའི་འབྲེལ་བ་རྒྱུན་མཐུད་སྐྱོན་བྲལ་དང་བརྟན་པོའི་ཁྲོད་མདུན་ཕྱོགས་སུ་གོང་འཕེལ་འགྲོ་རྒྱུར་སྐུལ་མ་གཏོང་དགོས་ཞེས་བསྟན་གནང་བ་དང་།
     ལི་ཁེ་ཆང་གིས། འཛམ་གླིང་དཔལ་འབྱོར་བསྐྱར་གསོ་ཡོང་དཀའ་བ་དང་། འཛམ་གླིང་ཧྲིལ་པོ་ཅན་ལ་ངོ་རྒོལ་བྱེད་པ། སྲུང་སྐྱོབ་རིང་ལུགས་ཀྱི་ཕྱོགས་ལྷུང་ཐོན་པ་བཅས་ཀྱི་དུས་བབ་འོག ཀྲུང་གོ་དང་ཨོ་སི་ཁྲུ་ལི་དེ་ཉིད་རྒྱལ་སྤྱིའི་ཤུགས་རྐྱེན་གལ་ཆེན་ལྡན་པའི་རྒྱལ་ཁབ་ཡིན་པའི་ངོས་ནས་ཐུན་མོང་ངོས་འཛིན་ཡོང་བ་དང་། མཉམ་ལས་གཏིང་ཟབ་ཏུ་བཏང་སྟེ། ཐུན་མོང་ཐོག་ཉོ་ཚོང་མ་འཇོག་རང་མོས་ཅན་དང་། སྟབས་བདེ་ཅན་ལ་སྐུལ་འདེད་གཏོང་བ་དང་། སྲུང་སྐྱོབ་རིང་ལུགས་ལ་ངོ་རྒོལ་བྱེད་པའི་དགེ་མཚན་ལྡན་པའི་བརྡ་འཕྲིན་བཏང་ནས། རང་མོས་ཉོ་ཚོར་དར་རྒྱས་ཀྱི་ཕན་པ་སྔར་བས་མང་བ་བཏོན་ན། གཉིས་ཕན་མཉམ་རྒྱལ་སྔར་བས་ལེགས་པ་ཡོང་རྒྱུར་ཕན་ཐོགས་ཡོད་ལ། ས་ཁུལ་དང་འཛམ་གླིང་བརྟན་པོའི་ཁྲོད་གོང་འཕེལ་གཏོང་རྒྱུར་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་ཐུབ་ཅེས་བསྟན་གནང་ཡོད།

༄༅།།ལི་ཁེ་ཆང་ཁན་པེ་རར་ཕེབས་འབྱོར་ཟིན་ནས་ཨོ་སི་ཁྲུ་ལི་ཡར་འཚམས་འདྲི་དངོས་སུ་
གནང་འགོ་ཚུགས་པ།