མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་2017ལོའི་པོ་ཨའོ་ཨེ་ཤེ་ཡའི་གླེང་སྟེགས་ཀྱི་ལོ་ཚོགས་འགོ་ཚུགས་
མཛད་སྒོར་རྟེན་འབྲེལ་ཞུ་བའི་ཡི་གེ་བཏང་བ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་27ཉིན། 13:39】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

༄༅།།ཞི་ཅིན་ཕིང་གིས་2017ལོའི་པོ་ཨའོ་ཨེ་ཤེ་ཡའི་གླེང་སྟེགས་ཀྱི་ལོ་ཚོགས་འགོ་ཚུགས་
མཛད་སྒོར་རྟེན་འབྲེལ་ཞུ་བའི་ཡི་གེ་བཏང་བ།

         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་25ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས2017ལོའི་པོ་ཨའོ་ཨེ་ཤེ་ཡའི་གླེང་སྟེགས་ཀྱི་ལོ་ཚོགས་འགོ་ཚུགས་མཛད་སྒོར་རྟེན་འབྲེལ་ཞུ་བའི་ཡི་གེ་བཏང་གནང་བ་རེད།
         ཞི་ཅིན་ཕིང་གིས་པོ་ཨའོ་ཨེ་ཤེ་ཡའི་གླེང་སྟེགས་བཙུགས་ནས་ལོ་16སོང་རིང་། ཨེ་ཤེ་ཡར་གཞི་ཚུགས་པ་དང་འཛམ་གླིང་ལ་ཕྱོགས་ནས་ཨེ་ཤེ་ཡའི་ཐུན་མོང་ངོས་འཛིན་ཟབ་ཏུ་གཏོང་བ་དང་། ཨེ་ཤེ་ཡའི་མཉམ་ལས་ལ་སྐུལ་མ་གཏོང་བ། ཨེ་ཤེ་ཡའི་ཤུགས་རྐྱེན་ཆེ་རུ་གཏོང་བའི་ཐད་ནུས་པ་ཆེན་པོ་བཏོན་ཡོད། མགྲོན་བདག་རྒྱལ་ཁབ་ཡིན་པའི་ཀྲུང་གོ་ཕྱོགས་ཀྱིས་གླེང་སྟེགས་ལ་ཐོབ་པའི་གྲུབ་འབྲས་ལ་དགའ་པོ་བྱེད་པ་དང་ཆབས་ཅིག་གླེང་སྟེགས་ཀྱི་ལས་འཛིན་སྐབས་རིམ་བྱོན་དང་། བློ་འདྲི་ཨུ་ཡོན། ལས་རིགས་ཁག་གི་མི་སྣ་བཅས་ཀྱིས་ལེགས་སྐྱེས་ཕུལ་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་གསུངས།
         ཞི་ཅིན་ཕིང་གིས་འདི་ལོར་པོ་ཨའོ་ཨེ་ཤེ་ཡའི་གླེང་སྟེགས་ཀྱི་ལོ་ཚོགས་ཐོག“གོ་ལ་ཅན་དང་རང་མོས་ཉོ་ཚོང་གི་འབྱུང་འགྱུར་ལ་ཐད་ཀར་ཕྱོགས་པ”བརྗོད་དོན་གཙོ་བོར་བྱས་པ་ལས། རྒྱལ་སྤྱིའི་སྤྱི་ཚོགས་དང་ལྷག་དོན་དུ་དཔལ་འབྱོར་གོ་ལ་ཅན་གྱི་གནད་དོན་ཐད་ཨེ་ཤེ་ཡའི་རྒྱལ་ཁབ་ཀྱིས་དོ་ཁུར་བྱེད་པ་མཚོན་པས། ཚོགས་ཞུགས་སྐུ་མགྲོན་ཚོས་བློ་སྡུད་དགེ་འཚོལ་དང་ཇུས་ཤུགས་མཉམ་འདོན་གྱིས་འཛམ་གླིང་དང་ས་ཁོངས་ཀྱི་དཔལ་འབྱོར་ལ་འཕྲད་པའི་འབུར་ཐོན་དཀའ་རྙོག་སེལ་རྒྱུར་བློ་གྲོས་བཏོན་ཏེ་གསོན་ཤུགས་འཕེལ་བ་དང་། ཁོག་ཡངས་དཀྱེལ་ཆེ། རྒྱུན་བསྲིང་ཐུབ་པ་བཅས་དེ་བས་ལྡན་པའི་དཔལ་འབྱོར་གོ་ལ་ཅན་གྱི་འཕེལ་རིམ་ལ་མཉམ་དུ་སྐུལ་མ་གཏོང་རྒྱུའི་རེ་བ་ཡོད་ཅེས་ནན་གསུང་གནང་བ་རེད།
         གོང་གི་པར་རིས་ནི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པོ་ཨའོ་ཨེ་ཤེ་ཡའི་གླེང་སྟེགས་ཀྱི་2017ལོའི་ལོ་ཚོགས་འགོ་ཚུགས་མཛད་སྒོར་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བཏང་གནང་བ་དང་པོ་ཨའོ་ཨེ་ཤེ་ཡའི་གླེང་སྟེགས་ཀྱི་ལས་འཛིན་འགོ་གཙོ་གཞོན་པ་ཙེང་ཕེ་ཡན་གྱིས་འགོ་ཚུགས་མཛད་སྒོའི་ཐོག་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་སྒྲོག་སྦྱངས་གནང་བ།