མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་《2017ལོའི་སྲིད་དོན་ཡོངས་བསྒྲགས་
ལས་དོན་གནད་བསྡུས་》པར་འགྲེམས་བྱས་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་27ཉིན། 13:44】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་23ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་《2017ལོའི་སྲིད་དོན་ཡོངས་བསྒྲགས་ལས་དོན་གནད་བསྡུས་》(གཤམ་དུ་《གནས་བསྡུས་》ཞེས་བསྡུ་རྒྱུ་)པར་འགྲེམས་བྱས་ནས་རྒྱལ་ཡོངས་སྲིད་དོན་ཡོངས་བསྒྲགས་ལས་དོན་ལ་སྐུལ་སྤེལ་གཏོང་རྒྱུའི་བཀོད་སྒྲིག་བྱས་པ་རེད།
         《གནད་བསྡུས་》ནང་། 2017ལོའི་སྲིད་དོན་ཡོངས་བསྒྲགས་ལས་དོན་གྱིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། ཁྱོན་ཡོངས་ནས་ཐབས་ཇུས་དང་། ལག་ལེན། དོ་དམ། ཞབས་ཞུ། མཇུག་འབྲས་ཡོངས་བསྒྲགས་བཅས་ལ་སྐུལ་སྤེལ་བཏང་ནས། གསལ་འགྲེལ་བརྡ་ལན་ལ་ཤུགས་སྣོན་རྒྱག་པ་དང་། སྤྱི་དམངས་ཞུགས་རྒྱ་ཆེ་རུ་གཏོང་བ། ཡོངས་བསྒྲགས་ཀྱི་དངོས་ཕན་ཆེ་རུ་གཏོང་བ་བཅས་བྱེད་ཁར། འཕར་རྒྱུ་བརྟན་པོ་དང་། སྒྱུར་བཅོས་ལ་སྐུལ་འདེད། གྲུབ་ཆ་ལེགས་སྒྲིག དམངས་འཚོར་ཕན་འདོགས་པ། ཉེན་ཁར་དོགས་ཟོན་བཅས་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས་ཞེས་འཁོད་ཡོད།
         《གནད་བསྡུས་》ནང་། སྲིད་དོན་ཡོངས་བསྒྲགས་ལ་བརྟེན་ནས་འཕར་རྒྱུ་བརྟན་དུ་གཏོང་རོགས་བྱེད་དགོས་ཤིང་། དགེ་མཚན་ལྡན་པའི་ནོར་སྲིད་སྲིད་ཇུས་དང་། བརྟན་ཅིང་བརླིང་བའི་དངུལ་ལོར་སྲིད་ཇུས། དེ་བས་དགེ་མཚན་ལྡན་པའི་ལས་ཞུགས་སྲིད་ཇུས་བཅས་ལ་དམིགས་ནས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་གྱིས་གསལ་འགྲེལ་གཏིང་ཟབ་བྱས་ཏེ་སྲིད་ཇུས་གསལ་འགྲེལ་ཁ་གསལ་པོ་བརྒྱབ་ནས་ཁྲོམ་ར་སྔོན་དཔག་གི་བརྟན་པོ་ཡོང་ཐབས་བྱེད་དགོས། དཔྱ་ཁྲལ་རྩ་ཆག་དང་། གྲོན་དངུལ་རྩ་ཆག རྒྱུ་རྐྱེན་གཙོ་བོའི་མ་གནས་གཅོག་པ་བཅས་ཀྱི་སྲིད་ཇུས་བྱ་ཐབས་ཁག་དང་དེ་བཞིན་ལག་བསྟར་དོན་འཁྱོལ་བྱ་ཚུལ་གྱི་ཆ་འཕྲིན་ཡོངས་བསྒྲགས་བྱ་རྒྱུར་སྐུལ་སྤེལ་གཏོང་དགོས། འཛུགས་སྐྲུན་རྣམ་གྲངས་གལ་ཆེན་ལ་ཆོག་མཆན་སྤྲོད་པ་དང་ལག་ལེན་བསྟར་བ་དང་། སྤྱི་པའི་ཐོན་ཁུངས་སྡེབ་སྒྲིག་ཁྱབ་ཁོངས་ཀྱི་ཆ་འཕྲིན་ཡོངས་བསྒྲགས་བྱ་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར་འདོན་དགོས་ཚུལ་འཁོད་ཡོད།
         སྲིད་དོན་ཡོངས་བསྒྲགས་ལ་བརྟེན་ནས་སྒྱུར་བཅོས་ལ་སྐུལ་འདེད་གཏོང་རོགས་བྱེད་དགོས་ཤིང་། “དབང་ཆ་གཤམ་སྤྲོད་དང་། དོ་དམ་གཞུང་དྲང་། ཞབས་ཞུ་ལེགས་གཏོང”སྒྱུར་བཅོས་ལ་སྐུལ་སྤེལ་གཏོང་བའི་ཆ་འཕྲིན་ཡོངས་བསྒྲགས་བྱེད་པ་དང་། བཤེར་ཐོའི་དོ་དམ་བྱ་ཐབས་ལ་བརྟེན་ནས་དབང་ཆ་ཆུང་དུ་དང་གཤམ་སྤྲོད་ལ་སྐུལ་སྤེལ་བཏང་སྟེ་བཤེར་ཐོ་ཁག་དུས་ཐོག་ཏུ་སྤྱི་ཚོགས་ལ་ཡོངས་བསྒྲགས་བྱེད་དགོས།
         སྲིད་དོན་ཡོངས་བསྒྲགས་ལ་བརྟེན་ནས་གྲུབ་ཆ་ལེགས་སུ་གཏོང་རོགས་བྱེད་དགོས་ཤིང་། ཐོན་ལས་གསར་པ་དང་། ལས་ཀའི་རྣམ་པ་གསར་པ། བཀོད་པ་གསར་པ་སོགས་ཐད་ལ་ལྟ་སྐུལ་དོ་དམ་བྱེད་པའི་སྲིད་ཇུས་བཟོས་ནས་བསམ་འཆར་བསྡུ་ལེན་དང་། བསམ་འཆར་ཉན་པའི་བཞུགས་མོལ་ཚོགས་འདུ། བློ་འདྲི་དང་གྲོས་བསྡུར་སོགས་བྱ་ཐབས་བརྒྱུད་འབྲེལ་ཡོད་ཁྲོམ་རའི་བྱེད་པོ་ཞུགས་རྒྱ་ཆེ་རུ་གཏོང་དགོས།
         སྲིད་དོན་ཡོངས་བསྒྲགས་ལ་བརྟེན་ནས་དམངས་འཚོར་ཕན་འདོགས་རོགས་བྱེད་དགོས་ཤིང་། དབུལ་སྐྱོར་སྲིད་ཇུས་དང་། དབུལ་སྐྱོར་བྱ་ཡུལ། རོགས་སྐྱོར་བྱ་ཐབས། དབུལ་སྐྱོར་ཕན་འབྲས། དབུལ་སྒྲོལ་བྱུང་བ། དབུལ་སྐྱོར་མ་དངུལ་དང་རྣམ་གྲངས་བཀོད་སྒྲིག་སོགས་ཀྱི་ཆ་འཕྲིན་ཡོངས་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ནས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་དང་། དམིགས་བསལ་དཀའ་ངལ་ཡོད་མཁན་ལ་རོགས་སྐྱོབ་འཚོ་སྐྱོང་། སྨན་བཅོས་རོགས་སྐྱོབ། གནས་སྐབས་རོགས་སྐྱོབ་སོགས་ཀྱི་ཆ་འཕྲིན་ཡོངས་བསྒྲགས་ལས་དོན་སྔར་བས་ཡག་པོ་སྒྲུབ་དགོས།
         སྲིད་དོན་ཡོངས་བསྒྲགས་ལ་བརྟེན་ནས་ཉེན་ཁ་འགོག་རོགས་བྱེད་དགོས།
         《གནད་བསྡུས་》ནང་། སྲིད་དོན་ཡོངས་བསྒྲགས་ཀྱི་དངོས་ཕན་ཆེ་རུ་གཏོང་བ་དང་ཁྱོན་ཡོངས་ནས“ཡོངས་བསྒྲགས་ལྔའི”ལས་ཀའི་ལམ་སྲོལ་དོན་འཁྱོལ་གྱིས་གསལ་འགྲེལ་བརྡ་ལན་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་བཏང་ནས། སྲིད་དོན་ཡོངས་བསྒྲགས་ལས་སྟེགས་གཏོད་རྒྱུར་ཤུགས་སྣོན་རྒྱག་པ་དང་ཁྲིམས་ལྟར་ཚད་ལྡན་ཡོང་བ་དང་རེ་ཞུ་ལྟར་ཡོངས་བསྒྲགས་ཀྱི་ལས་དོན་སྒྲུབ་དགོས་ལུགས་ནན་བཤད་བྱས་ཡོད། 《གནད་བསྡུས་》ནང་ད་དུང་སྲིད་དོན་ཡོངས་བསྒྲགས་ལས་འགན་དོན་འཁྱོལ་ཡག་པོ་བྱེད་པའི་འབྲེལ་ཡོད་བྱ་ཐབས་ཁ་གསལ་བཏོན་ཡོད།