མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་མ་ཏ་ཀ་སི་ཁར་གྱི་ཙུང་ཐུང་ཨའེ་ལི་དང་བཞུགས་མོལ་གནང་བ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་29ཉིན། 13:38】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞི་ཅིན་ཕིང་གིས་མ་ཏ་ཀ་སི་ཁར་གྱི་ཙུང་ཐུང་ཨའེ་ལི་དང་བཞུགས་མོལ་གནང་བ།

            མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་27ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་མ་ཏ་ཀ་སི་ཁར་གྱི་ཙུང་ཐུང་ཨའེ་ལི་དང་བཞུགས་མོལ་གནང་བ་རེད།
            ཞི་ཅིན་ཕིང་གིས་ཀྲུང་གོ་དང་མ་ཏ་ཀ་སི་ཁར་དབར་ཕྱི་འབྲེལ་བཙུགས་ནས་ལོ་45སོང་རིང་སྔ་བར་ཕྱི་གསུམ་དུ་ཕན་ཚུན་འདྲ་མཉམ་དང་ཕན་ཚུན་བརྩི་འཇོག་དང་ཕྱོགས་གཉིས་པོའི་ཁེ་ཕན་གཙོ་བོ་དང་དོ་ཁུར་ཆེན་པོ་བྱེད་པའི་གནད་དོན་ཐད་ཕན་ཚུན་བསམ་ཤེས་དང་རྒྱབ་སྐྱོར་བྱས་སྟབས། རྒྱལ་ཁབ་གཉིས་པོའི་ཁྱབ་ཁོངས་ཁག་གི་མཛའ་གྲོགས་མཉམ་ལས་ལ་གཡུརདུ་དུ་ཟ་བའི་གྲུབ་འབྲས་ཐོབ་ཡོད། ཕྱོགས་གཉིས་པོས་མཐོ་རིམ་དབར་སྤེལ་རེས་རྒྱུན་འཁྱོངས་བྱས་ཏེ་སྲིད་གཞུང་དང་། ཁྲིམས་འཛུགས་སྒྲིག་གཞི། སྲིད་ཏང་། ས་གནས་སོགས་ཁྱབ་ཁོངས་ཁག་གི་མི་སྣའི་སྤེལ་རེས་བྱེད་རྒྱ་ཆེ་རུ་གཏོང་བ་དང་། རྒྱལ་སྲིད་སྐྱོང་ལུགས་ཀྱི་ཉམས་མྱོང་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ། རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་ཀྱི་ཆབ་སྲིད་རྨང་གཞི་བརྟན་དུ་གཏོང་བ་བཅས་བྱེད་དགོས། ཀྲུང་གོ་དང་མ་ཏ་ཀ་སི་ཁར་གྱི་གཉིས་ཕན་མཉམ་ལས་ལ་མི་མངོན་པའི་སྟོབས་ཤུགས་ཆེན་པོ་ལྡན་ཡོད། ཀྲུང་གོ་ཕྱོགས་ཀྱིས་མ་ཏ་ཀ་སི་ཁར“རྒྱུད་གཅིག་ལམ་གཅིག”གི་འཛུགས་སྐྱོང་ནང་ཧུར་ཐག་ཞུགས་པར་དགའ་བསུ་ཞུ་རྒྱུ་ཡིན་ལ། “རྒྱུད་གཅིག་ལམ་གཅིག”ཁྲོད་ཨ་ཧྥེ་རི་ཁ་དང་སྦྲེལ་མཐུད་བྱེད་པའི་མ་ཏ་ཀ་སི་ཁར་གྱི་འབྲེལ་ཐག་ནུས་པ་འདོན་རྒྱུར་རྒྱབ་སྐྱོར་བྱས་ཏེ། མ་ཏ་ཀ་སི་ཁར་དང་ཕྱོགས་ཡོངས་ཀྱི་མཉམ་ལས་རོགས་ཟླའི་འབྲེལ་བ་བཙུགས་ནས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི“མཉམ་ལས་འཆར་གཞི་ཆེན་པོ་བཅུ”དང“རྒྱུད་གཅིག་ལམ་གཅིག”གི་གྲོས་གཞིའི་སྒྲོམ་གཞིའི་ནང་མ་ཏ་ཀ་སི་ཁར་དང་སྦྲེལ་མཐུད་སྔར་ལས་ལྷག་པ་བྱེད་འདོད་ཡོད། ང་ཚོས་མ་ཏ་ཀ་སི་ཁར་གྱི་དོན་དངོས་ཀྱི་དགོས་མཁོ་དང་ཀྲུང་གོའི་དམིགས་བསལ་གྱི་དགེ་མཚན་གཞིར་བཟུང་། མ་ཏ་ཀ་སི་ཁར་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། མི་ཤུགས་ཐོན་ཁུངས་གསར་སྤེལ། མ་འཇོག་ཉོ་ཚོང་སྟབས་བདེ་ཅན་བཅས་འདེགས་སྐྱོར་ཆེན་པོ་གསུམ་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས་ནས་ཞིང་ལས་དང་ཉ་ལས་སོགས་ཐོན་ལས་ལ་གཙོ་བོར་དམིགས་ཏེ་གཉིས་ཕན་མཉམ་ལས་བྱེད་འདོད་ཡོད། ཕྱོགས་གཉིས་པོས་ལས་རིགས་ཁག་གི་སྤེལ་རེས་བྱེད་ཟབ་ཏུ་བཏང་སྟེ་ཕྱོགས་གཉིས་པོའི་མི་སྣ་འགྲོ་འོང་ལ་སྔར་བས་སྟབས་བདེ་བསྐྲུན་དགོས། ང་ཚོས་མ་ཏ་ཀ་སི་ཁར་དང་མཉམ་དུ་བདེ་འཇགས་དང་། ཉེན་དོན། སྲིད་འཛིན། ཁྲིམས་འཛིན་བཅས་ཐད་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་འདོད་ཡོད་ཅེས་གསུངས་པ་རེད།
            ཞི་ཅིན་ཕིང་གིས་ཀྲུང་གོ་ཕྱོགས་ཀྱིས་བློ་བརྟན་འགྱུར་མེད་ངང་ཨ་ཧྥེ་རི་ཁ་དང་མཉམ་དུ་ཕྱོགས་ཡོངས་ཀྱི་མཉམ་ལས་རོགས་ཟླའི་འབྲེལ་བ་འཕེལ་རྒྱས་གཏོང་བར་གཞོལ་ཏེ་ཨ་ཧྥེ་རི་ཁར་ལྷག་བསམ་ཟོལ་མེད་བྱེད་པའི་སྲིད་ཇུས་འདུ་ཤེས་དང་ཡང་དག་པའི་ཁེ་ཕན་གྱི་ལྟ་བ་མུ་མཐུད་རྒྱུན་འཛིན་བྱེད་པ་དང་། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་གཡོད་ཧན་ནེ་སེ་པའོ་དབུ་ཚོགས་ཀྱི་གྲུབ་འབྲས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་རང་ངོས་འཕེལ་རྒྱས་ཡོང་བ་བྱ་རྒྱུ་དེ་ཨ་ཧྥེ་རི་ཁའི་རང་བརྟེན་རྒྱུན་མཐུད་འཕེལ་རྒྱས་ལ་རོགས་རམ་བྱ་རྒྱུ་དང་ཟུང་འབྲེལ་དམ་ཟབ་ཀྱིས་མཉམ་ལས་གཉིས་ཕན་དང་ཐུན་མོང་འཕེལ་རྒྱས་ཡོང་བ་བྱ་རྒྱུ་ཡིན་ཞེས་ནན་བཤད་གནང་བ་རེད།
            ཨའེ་ལིས་མ་ཏ་ཀ་སི་ཁར་དང་ཀྲུང་གོའི་མཛའ་གྲོགས་འབྲེལ་བར་ལོ་རྒྱུས་ཡུན་རིང་ལྡན་ཡོད། མ་ཏ་ཀ་སི་ཁར་དང་ཀྲུང་གོ་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་45འཁོར་བའི་མཚམས་སུ་ཀྲུང་གོར་མཚམས་འདྲིར་ཡོང་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་། ཀྲུང་གོ་ནི་མ་ཏ་ཀ་སི་ཁར་དང་ཨ་ཧྥེ་རི་ཁའི་མཉམ་ལས་རོགས་ཟླ་གལ་ཆེན་ཞིག་ཡིན། མ་ཏ་ཀ་སི་ཁར་གྱིས་ཀྲུང་གོའི་འཕེལ་རྒྱས་ཀྱི་གྲུབ་འབྲས་རླབས་ཆེན་ལ་དད་གུས་ཆེན་པོ་བྱེད་ཀྱི་ཡོད། མ་ཏ་ཀ་སི་ཁར་གྱིས་ཨ་ཧྥེ་རི་ཁ་དང་ཀྲུང་གོ་སྦྲེལ་མཐུད་བྱེད་པའི་འབྲེལ་ཟམ་གྱི་ནུས་པ་ཡག་པོ་བཏོན་ཏེ། ཀྲུང་གོ་དང་མཉམ་ལས་བྱེད་ཟབ་ཏུ་གཏོང་བ་བརྒྱུད་མ་ཏ་ཀ་སི་ཁར་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཡོང་བ་དང་། མ་ཏ་ཀ་སི་ཁར་ཚུད་པའི་ཨ་ཧྥེ་རི་ཁའི་བཟོ་ལས་ཅན་ལ་སྐུལ་འདེད་ཐེབས་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་གསུངས་པ་རེད།