མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་སྨི་ཁེ་རོ་ནི་ཞི་ཡ་རྒྱལ་ཕྲན་མཉམ་འབྲེལ་གྱི་ཙུང་ཐུང་དང་གྲོས་མོལ་གནང་བ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་29ཉིན། 13:40】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞི་ཅིན་ཕིང་གིས་སྨི་ཁེ་རོ་ནི་ཞི་ཡ་རྒྱལ་ཕྲན་མཉམ་འབྲེལ་གྱི་ཙུང་ཐུང་དང་གྲོས་མོལ་གནང་བ།

              མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་27ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་སྨི་ཁེ་རོ་ནི་ཞི་ཡ་རྒྱལ་ཕྲན་མཉམ་འབྲེལ་གྱི་ཙུང་ཐུང་ཁེ་ལི་སི་ཆིན་དང་གྲོས་མོལ་གནང་བ་རེད།
            ཞི་ཅིན་ཕིང་གིས་2014ལོར་ཀྲུང་སྨི་རྒྱལ་ཁབ་གཉིས་པོའི་དབར་ཕན་ཚུན་བརྩི་འཇོག་དང་ཐུན་མོང་ཐོག་འཕེལ་རྒྱས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་ཚུན། ཕྱོགས་གཉིས་པོས་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་ཟབ་ཏུ་གཏོང་བ་དང་གཉིས་ཕན་མཉམ་ལས་ལ་ཤུགས་སྣོན་བརྒྱབ་པས་རྒྱལ་ཁབ་གཉིས་པོའི་འབྲེལ་བར་འཕེལ་རྒྱས་གསར་པ་གལ་ཆེན་བྱུང་ཡོད། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ཁབ་ཆེ་ཆུང་དང་། དབུལ་ཕྱུག སྟོབས་ཆེ་ཆུང་བཅས་མི་དབྱེ་བར་ཚང་མ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་འདྲ་མཉམ་གྱི་ཁོངས་མི་ཞིག་ཡིན་པ་དང་། ཚང་མས་ཕན་ཚུན་བརྩི་འཇོག་དང་། ཞི་བདེ་མཉམ་གནས། གཉིས་ཕན་མཉམ་ལས། ཐུན་མོང་ཐོག་འཕེལ་རྒྱས་བཅས་ཡོང་བ་བྱེད་རྒྱུའི་འདོད་ཚུལ་འཛིན་གྱི་ཡོད། ཀྲུང་གོ་ཕྱོགས་ཀྱིས་སྨི་ཁེ་རོ་ནི་ཞི་ཡ་རྒྱལ་ཕྲན་མཉམ་འབྲེལ་འདི་ཉིད་ཞི་བདེ་རྒྱ་མཚོ་ཆེ་མོའི་གླིང་ཕྲན་རྒྱལ་ཁབ་ས་ཁུལ་གྱི་གྲོགས་པོ་བཟང་པོ་དང་རོགས་ཟླ་བཟང་པོ་ཞིག་ཏུ་བརྩིས་ནས་སྨི་ཁེ་རོ་ནི་ཞི་ཡ་རྒྱལ་ཕྲན་མཉམ་འབྲེལ་ཕྱོགས་དང་མཐོ་རིམ་དང་རིམ་པ་ཁག་དབར་འགྲོ་འོང་རྒྱུན་འཁྱོངས་བྱེད་པ་དང་། ཕན་ཚུན་དབར་གྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་བྱེད་ཡུལ་གལ་ཆེན་ལ་བརྩི་འཇོག་བྱས་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་ཆབ་སྲིད་ཀྱི་རྨང་གཞི་བརྟན་དུ་གཏོང་འདོད་ཡོད། ཕྱོགས་གཉིས་པོས་མི་མངོན་པའི་གཏིང་ཤུགས་སྔོག་འདོན་གང་ལེགས་བྱས་ནས་ཡུལ་སྐོར་དང་། ཞིང་ལས། ཉ་ལས། རྨང་གཞིའི་སྒྲིག་བཀོད་སོགས་ཀྱི་ཁྱབ་ཁོངས་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས། ང་ཚོས་སྨི་ཁེ་རོ་ནི་ཞི་ཡ་རྒྱལ་ཕྲན་མཉམ་འབྲེལ་ཕྱོགས“རྒྱུད་གཅིག་ལམ་གཅིག”གི་འཛུགས་སྐྲུན་ནང་ཞུགས་རྒྱུར་དགའ་བསུ་ཞུ་རྒྱུ་དང་གཉིས་ཁེ་ཡོང་བ་དང་འཕེལ་རྒྱས་མཉམ་སྤྱོད་ཐུབ་པ་བྱེད་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་སྨི་ཁེ་རོ་ནི་ཞི་ཡ་རྒྱལ་ཕྲན་མཉམ་འབྲེལ་ཕྱོགས་དང་མཉམ་དུ་རིག་གནས་དང་། སློབ་གསོ། གཞོན་ནུ་སོགས་ཀྱི་ཁྱབ་ཁོངས་དང་། ས་གནས་ཀྱི་སྤེལ་རེས་དང་མཉམ་ལས་བྱེད་རྒྱ་ཆེ་རུ་བཏང་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱིས་ཕན་ཚུན་རྒྱུས་མངའ་ཐུབ་ཤུགས་ཆེ་རུ་དང་མཛའ་གྲོགས་འབྲེལ་བ་ཟབ་ཏུ་གཏོང་འདོད་ཡོད་ཅེས་མཛུབ་སྟོན་གནང་བ་རེད།
             ཞི་ཅིན་ཕིང་གིས་མིག་སྔར་རྒྱལ་སྤྱིའི་དུས་བབ་རྙོག་འཛིང་ཆེ་ལ་འགྱུར་ལྡོག་མང་བས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་འགྲན་སློང་འཕྲད་མང་དུ་ཕྱིན་ཡོད། ཀྲུང་སྨི་རྒྱལ་ཁབ་གཉིས་པོར་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ཧ་ཅང་མང་པོའི་ཐད་གཅིག་མཚུངས་སམ་ཡང་ན་འདྲ་མཚུངས་ཀྱི་ལྟ་ཚུལ་ཡོད། ཀྲུང་གོ་ཕྱོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་2030ལོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་དང་། གནམ་གཤིས་འགྱུར་ལྡོག་སོགས་ཀྱི་གནད་དོན་གལ་ཆེན་ཐད་སྨི་ཁེ་རོ་ནི་ཞི་ཡ་རྒྱལ་ཕྲན་མཉམ་འབྲེལ་ཕྱོགས་དང་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་གི་ཁེ་ཕན་སྲུང་སྐྱོང་བྱེད་འདོད་ཡོད། སྨི་ཁེ་རོ་ནི་ཞི་ཡ་རྒྱལ་ཕྲན་མཉམ་འབྲེལ་ཕྱོགས་ཀྱིས་ས་ཁུལ་གྱི་བྱ་བའི་ཁྲོད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་རྒྱུར་ཀྲུང་གོ་ཕྱོགས་ཀྱིས་རྒྱབ་སྐྱོར་བྱས་ནས་ཞི་བདེ་རྒྱ་མཚོ་ཆེ་མོའི་གླིང་ཕྲན་རྒྱལ་ཁབ་ཀྱི་བྱ་བའི་ཐད་སྨི་ཁེ་རོ་ནི་ཞི་ཡ་རྒྱལ་ཕྲན་མཉམ་འབྲེལ་ཕྱོགས་དང་གླེང་མོལ་དང་འབྲེལ་གཏུག་བྱེད་རྒྱུར་ཤུགས་སྣོན་རྒྱག་འདོད་ཡོད་ཅེས་ནན་བཤད་གནང་བ་རེད།
            ཁེ་ལི་སི་ཆིན་གྱིས་སྨི་ཀྲུང་རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་28སོང་ཚུན། ཕྱོགས་གཉིས་པོའི་འབྲེལ་བ་འཕེལ་རྒྱས་ཤུགས་ཆེན་བྱུང་ཡོད། དེ་ནི་ཕྱོགས་གཉིས་པོས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་དབར་གྱི་རང་བཙན་དང་བདག་དབང་ཆ་ཚང་ལ་བརྩི་འཇོག་བྱས་པ་ལས་བྱུང་བ་ཞིག་རེད། སྨི་ཁེ་རོ་ནི་ཞི་ཡ་རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་གིས་ཀྲུང་གོ་གཅིག་གི་སྲིད་ཇུས་ལག་ལེན་བསྟར་ནས་གནམ་གཤིས་འགྱུར་ལྡོག་དང་གོ་ལ་ཅན་སོགས་ཀྱི་གནད་དོན་གལ་ཆེན་ཐད་ཀྱི་ཀྲུང་གོའི་ལངས་ཕྱོགས་ལ་རྒྱབ་སྐྱོར་བྱས་ཏེ་ཀྲུང་གོ་ཕྱོགས་དང་མཉམ་དུ་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་རྩོད་ལ་ཁ་གཏད་གཅོག་པའི་ཐད་འབྲེལ་གཏུག་མཐུན་སྦྱོར་དམ་ཟབ་བྱེད་འདོད་ཡོད་ཅེས་གསུངས་པ་རེད།