མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ནེ་པ་ལའི་ཙུང་ལི་ཕུ་ལཱ་ཁྲང་ཏ་དང་མཇལ་འཛོམས་གནང་བ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་29ཉིན། 13:41】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞི་ཅིན་ཕིང་གིས་ནེ་པ་ལའི་ཙུང་ལི་ཕུ་ལཱ་ཁྲང་ཏ་དང་མཇལ་འཛོམས་གནང་བ།

              མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་27ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ནེ་པ་ལའི་ཙུང་ལི་ཕུ་ལཱ་ཁྲང་ཏ་དང་མཇལ་འཛོམས་གནང་བ་རེད།
            ཞི་ཅིན་ཕིང་གིས། ཀྲུང་ནེའི་མཛའ་གྲོགས་མཉམ་ལས་ནི་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་མཐུན་ཡོད། མིག་སྔར་ཀྲུང་ནེའི་འབྲེལ་བ་འཕེལ་རྒྱས་གཏིང་ཟབ་ཕྱིན་ཡོད། རྒྱལ་ཁབ་གཉིས་པོས་སྲིད་གཞུང་དང་སྲིད་ཏང་སོགས་རིམ་ཁག་དབར་གྱི་འགྲོ་འོང་དམ་ཟབ་རྒྱུན་འཁྱོངས་བྱས་ནས་ཕན་ཚུན་འབྲེལ་གཏུག་དང་། གེགས་རྗེས་བསྐྱར་སྐྲུན། རྨང་གཞིའི་སྒྲིག་བཀོད། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་སོགས་ཁྱབ་ཁོངས་མཉམ་ལས་ལ་སྐུལ་སྤེལ་བརྟན་པོ་བཏང་བ་དེར་ང་རང་དགའ་ཚོར་ཆེན་པོ་བྱུང་། ཕྱོགས་གཉིས་པོས་མུ་མཐུད་མཉམ་དུ་འབད་བརྩོན་བྱས་ནས་ཀྲུང་ནེའི་འབྲེལ་བ་འཕེལ་རྒྱས་ཀྱི་དགེ་མཚན་ལྡན་པའི་དུས་བབ་ལ་སྲུང་སྐྱོང་བྱས་ཏེ་ཀྲུང་ནེའི་མཛའ་གྲོགས་མཉམ་ལས་ཀྱི་རྣམ་པ་གསར་པ་གཏོད་དགོས་ཞེས་གསུངས་པ་རེད།
           ཞི་ཅིན་ཕིང་གིས། ཀྲུང་ནེ་ཕྱོགས་གཉིས་པོས་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་རིམ་ཁག་དབར་གྱི་འགྲོ་འོང་ལ་མུ་མཐུད་ཤུགས་སྣོན་བརྒྱབ་ནས། ཕྱོགས་གཉིས་པོའི་ལྟེ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་གལ་ཆེའི་གནད་དོན་ཐད་ཕན་ཚུན་རྒྱབ་སྐྱོར་བྱེད་དགོས། བློ་བརྟན་འགྱུར་མེད་ངང་གཉིས་ཕན་མཉམ་ལས་ལ་སྐུལ་སྤེལ་བཏང་ནས“རྒྱུད་གཅིག་ལམ་གཅིག”མཉམ་དུ་གཏོད་རྒྱུ་གོ་སྐབས་སུ་བརྩིས་ཏེ་ཕན་ཚུན་འབྲེལ་གཏུག་དང་། རང་མོས་ཉོ་ཚོང་བཀོད་སྒྲིག ཞིང་ལས། ཐོན་ནུས། ནུས་རྒྱུ། གེགས་རྗེས་བསྐྱར་སྐྲུན་སོགས་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་སྐུལ་སྤེལ་ཏན་ཏིག་བཏང་སྟེ། ཕྱོགས་གཉིས་ཀྱི་མ་འཇོག་དང་ཉོ་ཚོང་རྒྱ་བསྐྱེད་བཏང་ནས་ཕྱོགས་གཉིས་པོའི་ཉོ་ཚོང་དོ་སྙོམས་དང་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།
             ཕུ་ལཱ་ཁྲང་ཏས། ཀྲུང་གོ་ནི་ནེ་པ་ལའི་མཛའ་གྲོགས་ཀྱི་ཁྱིམ་མཚེས་རྒྱལ་ཁབ་ཡིན་པ་དང་། ནེ་པ་ལ་ཕྱོགས་ནས་ཀྲུང་གོས་དུས་ཡུན་རིང་པོའི་ནང་རྒྱབ་སྐྱོར་དང་ལྷག་པར་དུ་ནེ་པ་ལའི་གེགས་རྗེས་བསྐྱར་སྐྲུན་ལ་རྩ་ཆེའི་རོགས་སྐྱོར་བྱས་པར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཉེ་བའི་ལོ་ཤས་རིང་། ནེ་ཀྲུང་ཕྱོགས་གཉིས་པོའི་འབྲེལ་བར་འཕེལ་རིམ་གསར་པ་བྱུང་ཡོད། ནེ་པ་ལས་བློ་བརྟན་འགྱུར་མེད་ངང་ཀྲུང་གོ་གཅིག་གི་སྲིད་ཇུས་ལག་བསྟར་གྱིས་ཕྱོགས་གཏོགས་གང་གིས་ཀྱང་ནེ་པ་ལའི་ས་ཁོངས་སུ་ཀྲུང་གོར་ངོ་རྒོལ་བྱེད་པའི་བྱེད་སྤྱོད་གཏན་ནས་སྤེལ་དུ་འཇུག་གི་མིན་ཞེས་གསུངས་པ་རེད།