མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཧྥིན་ལན་ལ་རྒྱལ་དོན་འཚམས་འདྲི་གནང་རྒྱུ་དང་ཨ་རིའི་ཧྥོ་ལོ་ལི་ཏ་
ཀྲོའུ་རུ་བསྐྱོད་དེ་ཀྲུང་ཨའི་འགོ་གཙོ་མཇལ་འཕྲད་གནང་རྒྱུ་ཡིན་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་01ཉིན། 13:27】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་30ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ལུའུ་ཁང་གིས་ཁྱབ་བསྒྲགས་བྱས་དོན། ཧྥིན་ལན་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ཉི་ཉི་སི་ཐུའོ་དང་ཨ་རིའི་ཙུང་ཐུང་ཐེ་རོན་ཕུའི་གདན་ཞུ་ལྟར་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཟླ་4ཚེས་4ཉིན་ནས་ཚེས་6ཉིན་བར་ཧྥིན་ལན་དུ་རྒྱལ་དོན་འཚམས་འདྲི་གནང་རྒྱུ་དང་སྦྲགས། ཟླ་4ཚེས་6ཉིན་དང་ཚེས་7ཉིན་ཨ་རིའི་ཧྥོ་ལོ་ལི་ཏ་ཀྲོའུ་ཧའེ་ཧུའུ་གཞིས་ཀར་ཐེ་རོན་ཕུ་དང་མཇལ་འཕྲད་གནང་རྒྱུ་རེད།