མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་པེ་ཅིང་ནས་ཞལ་གྱེས་ཏེ་ཧྥིན་ལན་སྤྱི་མཐུན་རྒྱལ་ཁབ་ལ་རྒྱལ་དོན་འཚམས་
འདྲི་གནང་རྗེས་ཨ་རིའི་ཧྥོ་ལུའོ་ལི་ཏ་ཀྲོའུ་རུ་ཀྲུང་ཨའི་གཙོ་བདག་དབར་
ཐུག་འཕྲད་གནང་རྒྱུ་ཡིན་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་06ཉིན། 13:48】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

          མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་4ཉིན། ཧྥིན་ལན་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ཉི་ཉི་སི་ཐོ་དང་ཨ་རིའི་ཙུང་ཐུང་ཐེ་རོན་ཕུའི་གདན་ཞུས་ལྟར་ཟླ་4ཚེས་4ཉིན་གྱི་ཕྱི་དྲོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཆེད་གཏོང་གནམ་གྲུར་བཞུགས་ནས་པེ་ཅིང་ནས་ཞལ་གྱེས་ཏེ་ཧྥིན་ལན་དུ་རྒྱལ་དོན་འཚམས་འདྲི་གནང་རྒྱུ་དང་སྦྲགས་ཨ་རིའི་ཧྥོ་ལུའོ་ལི་ཏ་ཀྲོའུ་རུ་ཕེབས་ནས་ཧའེ་ཧུའུ་གཞིས་ཀར་ཀྲུང་གོ་དང་ཨ་རིའི་གཙོ་བདག་དབར་ཐུག་འཕྲད་གནང་རྒྱུ་རེད།
          ཞི་ཅིན་ཕིང་ལ་འཚམས་འདྲིར་ཕེབས་རོགས་ཞུ་མཁན་གྱི་གྲས་སུ་ཀྲུའུ་ཞི་ཞི་ཅིན་ཕིང་གི་སྐུ་ཟླ་ཕེང་ལི་ཡོན་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཀྲུང་དབྱང་སྲིད་ཇུས་ཞིབ་འཇུག་ཁང་གི་ཀྲུའུ་རེན་ཝང་ཧུའུ་ཉིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་དབང་དབྱང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི། ཀྲུང་དབྱང་གཞུང་དོན་ཐིང་གི་ཀྲུའུ་རེན་བཅས་ཡིན་པའི་ལི་ཀྲན་ཧྲུའུ། རྒྱལ་དོན་ཨུ་ཡོན་དབྱང་ཅེ་ཁྲེ་སོགས་ཡོད་པ་རེད།