མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་ཨ་རིའི་ཧྥ་ལོ་རི་ཏ་མངའ་སྡེར་འབྱོར་བ་དང་མི་འགྱངས་པར་ཨ་རིའི་ཙུང་ཐུང་དང་
མཉམ་དུ་ཀྲུང་ཨ་གཉིས་པོའི་དབུ་འཛིན་མཇལ་འཛོམས་གནང་རྒྱུ་ཡིན་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་07ཉིན། 13:58】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་རྣམ་གཉིས་གནམ་གྲུ་ནས་འབབ་པ།

ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་རྣམ་གཉིས་གནམ་གྲུ་ནས་འབབ་པ།

           མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་6ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་བཞུགས་པའི་ཆེད་སྤྱོད་གནམ་གྲུ་ཨ་རིའི་ཧྥ་ལོ་རི་ཏ་(Florida)མངའ་སྡེར་འབྱོར་བ་དང་། མི་འགྱངས་པར་ཧྥ་ལོ་རི་ཏ་མངའ་སྡེའི་ཧའེ་ཧུའུ་གཞིས་ཀ་རུ་ཨ་རིའི་ཙུང་ཐུང་ཐི་རོམ་ཕུ་དང་མཉམ་དུ་ཀྲུང་ཨ་གཉིས་པོའི་དབུ་འཛིན་མཇལ་འཛོམས་གནང་རྒྱུ་ཡིན་པ་རེད།
           ས་གནས་དེ་གའི་དུས་ཚོད་ཚེས་6ཉིན་གྱི་ཕྱི་དྲོའི་ཆུ་ཚོད་དང་པོ་དང་སྐར་མ་50ལ། ཞི་ཅིན་ཕིང་བཞུགས་པའི་ཆེད་སྤྱོད་གནམ་གྲུ་ཧྥ་ལོ་རི་ཏ་མངའ་སྡེའི་ཤིང་ཏ་ལའི་ཐང་ནུབ་མའི་རྒྱལ་སྤྱིའི་གནམ་གྲུ་འབབ་ཐང་དུ་འབྱོར་ཞིང་། ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་རྣམ་གཉིས་ལ་ཨ་རིའི་རྒྱལ་དོན་བློན་ཆེན་ཐི་ལེར་སོན་(Tillerson)དང་ཁོང་གི་སྐུ་ལྕམ་སོགས་ཀྱིས་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུས་གནང་བ་རེད། གུས་འདུད་དམག་མི་ས་གདན་དམར་པོའི་ལོགས་གཉིས་སུ་གྲལ་སྟར་བསྒྲིགས་ནས་སྔུན་བསུ་བྱས་ཡོད་པ་རེད།
           ཞི་ཅིན་ཕིང་གིས་ཟླ་4ཚེས་6དང་7ཉིན་གྱི་ཉིན་གཉིས་རིང་ཙུང་ཐུང་ཐི་རོམ་ཕུ་དང་མཉམ་དུ་ཀྲུང་གོ་དང་ཨ་རིའི་འབྲེལ་བའི་སྐོར་དང་། ཕྱོགས་གཉིས་ཀྱིས་ཐུན་མོང་དུ་དོ་ཁུར་གནང་བའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ཐད་དགོངས་འཆར་བརྗེ་རེས་གཏིང་ཟབ་གནང་རྒྱུ་རེད། འདི་ནི་ཨ་རིའི་སྲིད་གཞུང་གསར་པ་བཙུགས་ཚུན་ཀྲུང་གོ་དང་ཨ་རིའི་དབུ་འཛིན་གཉིས་མཇལ་འཛོམས་གནང་བ་ཐོག་མ་ཡིན་པ་རེད།
          ཝང་ཧུའུ་ཉིང་དང་། ཝང་དབྱང་། ལི་ཀྲན་ཧྲུའུ། དབྱང་ཅེ་ཁྲི་སོགས་ཀྱི་ཕེབས་རོགས་མི་སྣ་གནམ་གྲུ་གཅིག་ཏུ་བཞུགས་ཏེ་འབྱོར་ཡོད།
          ཨ་རིར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཚུའེ་ཐེན་ཁའེ་ཡང་གནམ་གྲུ་འབབ་ཐང་དུ་བསུ་མར་འབྱོར་ཡོད།
          ཞི་ཅིན་ཕིང་ནི་ཧྥིན་ལན་རྒྱལ་ཁབ་ཏུ་རྒྱལ་དོན་འཚམས་འདྲི་གནང་བ་མཇུག་སྒྲིལ་རྗེས་ཨ་རིར་འབྱོར་བ་ཡིན་ཞིང་། ཧྥིན་ལན་གྱི་རྒྱལ་ས་ཧེར་སིན་ཁི་ནས་ཁ་བྲལ་དུས། ཧྥིན་ལན་རྒྱལ་ཁབ་ཀྱི་ཕྱི་འབྲེལ་པུའུ་ཡི་དབུ་འཛིན་སུའོ་དབྱི་ཉི་སོགས་ཀྱིས་གནམ་གྲུ་འབབ་ཐང་དུ་སྐྱེལ་མ་གནང་བ་རེད།

ཞི་ཅིན་ཕིང་དང་ཐི་ལེར་སོན་གཉིས་འཚམས་འདྲི་ཞུ་རེ་གནང་བ།
ཞི་ཅིན་ཕིང་དང་ཐི་ལེར་སོན་གཉིས་འཚམས་འདྲི་ཞུ་རེ་གནང་བ།
སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུ་བ།
སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུ་བ།
ཐི་ལེར་སོན་(Tillerson)དང་ཁོང་གི་སྐུ་ལྕམ་སོགས་ཀྱིས་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུ་བ།
ཐི་ལེར་སོན་(Tillerson)དང་ཁོང་གི་སྐུ་ལྕམ་སོགས་ཀྱིས་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུ་བ།