མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ལིའུ་ཆི་པའོ་ཡིས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ཁྲིམས་སྐྱོང་འཛུགས་སྐྲུན་ནང་
ཁྱབ་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་དགོས་པའི་ནན་བཤད་གནང་བ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་16ཉིན། 10:25】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

           མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་13ཉིན་ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་ཀྲུང་དབྱང་སྲིད་ཁྲིམས་ཨུ་ལྷན་གྱིས་《སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ཁྲིམས་སྐྱོང་འཛུགས་སྐྲུན་ནང་སྔར་བས་ཁྱབ་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར་》ལག་བསྟར་དོན་འཁྱོལ་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི། ཀྲུང་དབྱང་དྲིལ་བསྒྲགས་པུའི་པུའུ་ཀྲང་བཅས་ཡིན་པའི་ལིའུ་ཆི་པའོ་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་འདུ་ཤེས་གསར་པ་དང་། དགོངས་པ་གསར་པ། འཐབ་ཇུས་གསར་པ་བཅས་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་དང་ཀུན་སྤྱོད་ལ་བརྟེན་ནས་རྒྱལ་ཁབ་སྐྱོང་རྒྱུ་གཉིས་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ལྟེ་བའི་རིན་ཐང་ལྟ་བ་ཁྲིམས་སྐྱོང་འཛུགས་སྐྲུན་ནང་ཁྱབ་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་བ་དང་ཀུན་སྤྱོད་ཀྱིས་ཁྲིམས་སྐྱོང་འཛུགས་སྐྲུན་ལ་བཏོན་པའི་འདེགས་སྐྱོར་ནུས་པ་དང་བཅའ་ཁྲིམས་ཀྱིས་ཀུན་སྤྱོད་འཛུགས་སྐྱོང་ལ་བཏོན་པའི་སྐུལ་འདེད་ཀྱི་ནུས་པ་ཆེ་རུ་བཏང་སྟེ་ཁྲིམས་སྐྱོང་དང་ཀུན་སྤྱོད་ཕན་ཚུན་འདེགས་སྐྱོར་དང་ཁ་ཕྱོགས་གཅིག་ཐོག་བསྐྱོད་ནས་ལྟེ་བའི་རིན་ཐང་ལྟ་བ་ནང་སེམས་སུ་ཟུག་པ་དང་ཕྱི་དོན་ལ་འཁྱོལ་རྒྱུར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།
           ལིའུ་ཆི་པའོ་ཡིས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ཁྲིམས་སྐྱོང་འཛུགས་སྐྲུན་ནང་ཁྱབ་པ་བྱ་རྒྱུ་ནི་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་རྒྱལ་སྐྱོང་བློ་གྲོས་བསྡུ་ལེན་གྱི་དེང་སྐབས་ཀྱི་གདམ་ཀ་ཞིག་ཡིན་ལ་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་དང་ཀུན་སྤྱོད་ལ་བརྟེན་ནས་རྒྱལ་ཁབ་སྐྱོང་རྒྱུ་ཟུང་འབྲེལ་བྱེད་པའི་ལྡོག་མེད་ཀྱི་བླང་བྱ་ཞིག་དང་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པར་སྐུལ་འདེད་གཏོང་བའི་དེང་རབས་ཅན་གྱི་དངོས་ཡོད་དགོས་མཁོ་ཞིག་ཀྱང་ཡིན། ལྟེ་བའི་རིན་ཐང་ལྟ་བ་དེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བཅའ་ཁྲིམས་མ་ལག་ནང་ཁྱབ་པའི་གཙོ་རྐང་དུ་བརྩིས་ཏེ་རྩ་ཁྲིམས་བཅའ་ཁྲིམས་དང་། ཁྲིམས་སྲོལ་སྒྲིག་སྲོལ། སྤྱི་པའི་སྲིད་ཇུས། ཏང་ནང་ཁུལ་གྱི་ཁྲིམས་སྲོལ་ལམ་ལུགས་བཅས་ཁྲོད་མངོན་པ་བྱས་ནས་བཅའ་ཁྲིམས་ལམ་ལུགས་ཚད་ལྡན་དུ་གཏོང་བའི་ཡང་དག་པའི་རིན་ཐང་གི་སྟོན་ཕྱོགས་གསལ་དུ་གཏོང་དགོས། ཁྲིམས་འཛིན་གཞུང་དྲང་བྱས་ནས་སྤྱི་ཚོགས་གཞུང་དྲང་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ་དང་ཁྲིམས་དང་སྒྲིག་སྲོལ་ལྟར་ཚུལ་མིན་བྱེད་སྤྱོད་ལ་ཆད་པ་གཅོད་པ་དང་སྤྱི་ཚོགས་ཀྱི་དར་སྲོལ་ལེགས་སུ་བཏང་ནས་སྤྱི་ཚོགས་ཀྱི་འཕེལ་ཕྱོགས་གཙོ་བོའི་རིན་ཐང་ལ་སྲུང་སྐྱོང་དང་ཀུན་སྤྱོད་དར་སྲོལ་ཟབ་ཏུ་གཏོང་དགོས། ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོ་གཏིང་ཟབ་སྤེལ་ནས་སྤྱི་ཚོགས་ཡོངས་ཀྱི་ཁྲིམས་སྐྱོང་འདུ་ཤེས་དང་ཁྲིམས་སྐྱོང་དད་མོས་ཟབ་ཏུ་གཏོང་རྒྱུར་སྐུལ་འདེད་གཏོང་བ་དང་ཁྲིམས་སྐྱོང་ལ་སྣང་ཆེན་དང་ཀུན་སྤྱོད་ལ་སྣང་ཆེན་བྱེད་པའི་རིག་གནས་ཁོར་ཡུག་བསྐྲུན་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དར་སྤེལ་རྒྱ་ཁྱབ་གཏོང་ཐུབ་པ་བྱེད་དགོས་ཞེས་གསུངས་པ་རེད།