མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།“ཚན་རྩལ་གཤམ་སྤེལ”གྱིས་བོད་ཀྱི་ཞིང་འབྲོག་པར་འཕེལ་རྒྱས་ཀྱི་གཤོག་པ་བསྒར་བ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་17ཉིན། 08:41】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

            མི་དམངས་དྲ་བའི་འཕྲིན། “འབྲས་ཤིང་སྡོང་པོ་དང་འདེབས་འཛུགས་བདག་སྐྱོང་ལག་རྩལ་མགྱོགས་ནས་མྱུར་དུ་ལྷ་ཁང་གྲོང་རྡལ་དུ་སྐྱེལ་བར་ཡོང་གི་ཡིན། ཡུན་རིང་མ་སོང་བར་ཁྱེད་ཚོས་རང་ཉིད་ཀྱིས་བཏབ་པའི་ཤིང་འབྲས་བཟའ་ཆོག་གི་རེད”ཅེས་བོད་ལྗོངས་ཞིང་འབྲོག་ཚན་རིག་ཁང་གི་འབྲས་ཤིང་རིགས་གཅིག་མཁས་ཅན་ཙེང་ཤིའུ་ལིས་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་ལྷོ་བྲག་རྫོང་ལྷ་ཁང་གྲོང་རྡལ་གྱི་གྲོང་མི་ཚོར་བཤད།
          འདི་ནི་ཙེང་ཤིའུ་ལི་དང་ཚན་རྩལ་པུའུ་དང་དེ་བཞིན་ཀྲུང་གོའི་ཚན་རིག་ཁང་གི་རིགས་གཅིག་མཁས་ཅན་10ཙམ་ལྷོ་ཁ་གྲོང་ཁྱེར་དུ“ཚན་རྩལ་གཤམ་སྤེལ”བྱས་པའི་ཉིན་ལྔ་པ་དེ་རེད། ཁོང་ཚོས་བོད་ལྗོངས་ཚན་རྩལ་ཐིང་གི་སྒྲིག་འཛུཌ་འོག་དུས་ཐུང་ཉིན་ལྔའི་རིང་ལ་བརྒྱབ་ཀླུང་བརྒལ་གྱིས་ཐག་རིང་ལུང་ཁུག་ཤང་དང་གྲོང་རྡལ་མང་པོར་བསྐྱོད་དེ་ས་གནས་དེ་གའི་ཞིང་འབྲོག་ལས་ཀྱི་གནད་དོན་བརྟག་དཔྱད་བྱས་པ་དང་འབྲེལ། ལག་རྩལ་གྱི་ཐབས་གསར་ཡང་མཁོ་འདོན་བྱས་པ་རེད།
          1996ལོ་ནས་བཟུང་བོད་ཀྱི་ཚན་རྩལ་སྡེ་ཚན་གྱིས་ལོ་22བསྟུད་མར“ཚན་རྩལ་གཤམ་སྤེལ”གྱི་གཅིག་སྡུད་ཞབས་ཞུའི་བྱེད་སྒོ་སྤེལ་ཡོད།
          ལྷོ་ཁ་གྲོང་ཁྱེར་ཚན་རྩལ་ཅུས་ཀྱི་ཏང་ཨུད་ཧྲུའུ་ཅི་ཚེ་རིང་སྟོབས་ཆེན་གྱིས་2016ལོར་ཚན་རྩལ་ཡར་ཐོན་བྱུང་ནས་ལྷོ་ཁ་གྲོང་ཁྱེར་གྱི་ཞིང་འབྲོག་ལས་འཕེལ་རྒྱས་ལ་ལེགས་སྐྱེས་ཕུལ་ཚད་47%ཟིན་པ་དང་དཔལ་འབྱོར་ལ་ལེགས་སྐྱེས་ཕུལ་ཚད་41%ཟིན་ཡོད།
            ཤེས་རྟོགས་བྱས་པར་གཞིགས་ན། 2016ལོར་རིགས་གཅིག་མཁས་ཅན་གྱིས་ཚན་རྩལ་རྒྱབ་སྐྱོར་བྱས་པའི་ནས་ཀྱི་རིགས་གསར་པ“བོད་ནས་ཨང་2000”གིས་རང་སྐྱོང་ལྗོངས་ལ་དཔལ་འབྱོར་ཕན་འབྲས་སྒོར་དུང་ཕྱུར་2.25གསར་དུ་བཏོད་པ་དང་། སྔོ་ཚལ་གྱི་སྣ་ཁ་ཚན་ཞིབ་འགག་སྒྲོལ་རིམ་རྩིས་བྱས་ན་ལྗོངས་ཡོངས་ཀྱི་རྫོང་30ལྷག་ཙམ་དུ་སྔོ་ཚལ་སྣ་ཁ་གསར་པ་མུའུ་ཁྲི་6དཔེ་སྟོན་ཁྱབ་གདལ་བཏང་བས་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་1ཙམ་བྱུང་བ། གཞན་ཡང་ཚན་རྩལ་རྣམ་གྲངས་མང་པོས་དུད་ཚང་དབུལ་པོ་800ལྷག་ཙམ་གྱི་མི་3500ལྷག་ཙམ་ལ་འབབ་འཕར་ཕྱུག་འགྱུར་གྱི་ཕན་པ་ཐོབ་པ་དང་སྣེ་ཁྲིད་བྱས་ཡོད་ཅེས་ངོ་སྤྲོད་བྱས།