མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།སློབ་སྦྱོང་དང་ཚད་ལོན་གྱི་ཐད་རྒྱ་བསྐྱེད་གཏིང་ཟབ་བྱེད་དགོས།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་19ཉིན། 14:14】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

          —— “སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་ སློབ་གསོ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་དུ་འགྱུར་རྒྱུར་སྐུལ་ མ་ཏན་ཏིག་གཏོང་རྒྱུའི་སྐོར་གྱི་གླེང་ཐེངས་དང་པོ།
          འདི་ག་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།
         “‘སློབ་སྦྱོང་གཉིས་དང་ཚད་ལོན་གཅིག’གི་སློབ་སྦྱོང་སློབ་གསོ་ནི་བསམ་བློར་བརྟེན་ནས་ཏང་འཛུགས་སྐྱོང་དང་། རྩ་འཛུགས་ལ་བརྟེན་ནས་ཏང་འཛུགས་སྐྱོང་། ལམ་ལུགས་ལ་བརྟེན་ནས་ཏང་བཅོས་སྐྱོང་བཅས་ལ་སྐུལ་མ་གཏོང་བའི་དམ་འཛིན་བྱ་གཞི་ནུས་ལྡན་ཞིག་དང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་རྨང་གཞིའི་རང་བཞིན་གྱི་འདུ་འགོད་ཅིག་ཡིན་པས་རྒྱུན་སྲིང་ལྷོད་མེད་ཀྱི་སྒོ་ནས་དམ་འཛིན་བྱེད་དགོས”ཉེ་དུས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཆན་འགོད་མཛུབ་སྟོན་གལ་ཆེན་གནང་ནས“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་དུ་འགྱུར་རྒྱུར་སྐུལ་མ་གཏོང་ཆེད་ཁ་ཕྱོགས་གསལ་སྟོན་དང་གཞི་རྩའི་བསྲུང་བྱ་མཁོ་འདོན་བྱས་ཡོད་པ་རེད།
          ཏང་ཀྲུང་དབྱང་གིས“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོར་མཐོང་ཆེན་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་མཛུབ་ཁྲིད་སྐུལ་སྤེལ་གནང་བ་དང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་སྣེ་ཁྲིད་དེ་སྤེལ་ནས་ཏང་ཡོངས་ལ་དཔེ་སྟོན་ནུས་ལྡན་བྱས་ཡོད། ལོ་གཅིག་རིང་ས་ཁུལ་ཁག་དང་། སྡེ་ཚན་ཁག ཚན་པ་ཁག་བཅས་ཀྱིས་ཁྱོན་ཡོངས་ལ་ཁྱབ་པ་དང་། རྒྱུན་རྣམ་ཅན་དུ་འགྱུར་བ། གསར་གཏོད་ལ་སྣང་ཆེན། དངོས་ཕན་དོན་གཉེར་བཅས་མཐའ་འཁྱོངས་བྱས་ཏེ་སློབ་སྦྱོང་སློབ་གསོའི་བྱེད་སྒོར་སྐུལ་མ་གཏོང་རྒྱུའི་ཐད་ཕན་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚོའི“འདུ་ཤེས་བཞི”མངོན་གསལ་དོད་པོས་ཟབ་ཏུ་ཕྱིན་པ་ནས་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་སྔར་བས་ཚད་ལྡན་བྱུང་བའི་བར་དང་། གཞི་རིམ་ཏང་འཛུགས་སྐྱོང་གི་སྤྱི་ཡོངས་ཀྱི་ཆུ་ཚད་ཟམ་མི་ཆད་པར་གོང་མཐོར་འགྲོ་བ་ནས་ཚད་ལོན་ཏང་ཡོན་གྱི་ཚད་གཞི་ཁ་གསལ་གཏན་འཁེལ་བྱེད་པའི་བར་གྱི་ཐོག་ནས“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོ་ནི་དུས་བབ་གསར་པའི་འོག་གི་ཏང་ནང་ཁུལ་གྱི་རྒྱུན་གཏན་རང་བཞིན་གྱི་སློབ་གསོར་ཤུགས་སྣོན་རྒྱག་པའི་གྲུབ་འབྲས་ཐོབ་པའི་ལག་ལེན་ཞིག་ཡིན་པས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ཐད་དགེ་མཚན་ལྡན་པའི་བློ་སྒོ་འབྱེད་ཐུབ་པ་བྱུང་བའི་ར་སྤྲོད་གང་ལེགས་ཐུབ་ཡོད། “སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་དུ་འགྱུར་རྒྱུར་སྐུལ་མ་གཏོང་བར་བསམ་བློ་དང་ཆབ་སྲིད་སློབ་གསོ་དེ་གནས་བབ་གལ་ཆེན་ཐོག་བཞག་ནས་ཏང་གི་སྒྲིག་ཡིག་དང་སྒྲིག་སྲོལ་ལ་བརྟེན་ནས་ཏང་ཡོན་དང་ལས་བྱེད་པའི་གཏམ་སྤྱོད་ཚད་ལྡན་དུ་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཏང་གི་གསར་གཏོད་ཀྱི་རིགས་པའི་གཞུང་ལུགས་ལ་བརྟེན་ནས་ཏང་ཡོངས་ལ་དྲག་ཆས་སྤྲོས་པ། ཏང་ཡོན་ཡོངས་ཀྱི་སྣེ་ཁྲིད་དེ་ཚད་ལོན་གྱི་ཏང་ཡོན་བྱེད་པ། ཏང་གི་སྐྱེ་སྟོབས་དང་གསོན་ཤུགས་ཟམ་མི་ཆད་པར་འཕེལ་བ་བཅས་བྱེད་དགོས།
          ཇི་ལྟར་བྱས་ཏེ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་དུ་འགྱུར་བ་བྱེད་དགོས་སམ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“གཞི་རྩ་སློབ་སྦྱོང་དང་། འགག་རྩ་ཚད་ལོན”ཡོང་བ་བྱེད་དགོས་པའི་ནན་བཤད་ཡང་ཡང་གནང་བ་དེ་ནི་ཆེས་གཞི་རྩའི་བླང་བྱ་ཞིག་རེད། “སློབ་སྦྱོང”གཏིང་ཟབ་བྱེད་པར་མུ་མཐུད་སློབ་སྦྱོང་དང་སློབ་སྦྱོང་གཏིང་ཟབ་བྱེད་པའི་འབད་བརྩོན་བྱས་ནས་ཏང་གི་སྒྲིག་ཡིག་དང་སྒྲིག་སྲོལ་དང་གསུང་བཤད་རབ་དང་རིམ་པ་སློབ་སྦྱོང་བྱ་རྒྱུ་དེ་རྒྱུན་གཏན་རང་བཞིན་གྱི་སློབ་གསོའི་གཞི་རྩའི་ནང་དོན་དུ་བརྩིས་ཏེ་གཅིག་གྱུར་ཐོག་སློབ་སྦྱོང་བྱེད་པ་དང་གཅིག་གྱུར་ཐོག་གོ་བ་ལེན་དགོས། ཏང་གི་སྒྲིག་ཡིག་དང་སྒྲིག་སྲོལ་སློབ་སྦྱོང་བྱེད་པར་རྟག་ཏུ་དཔེ་ཀློག་དང་། རྟག་ཏུ་སློབ་སྦྱོང་། རྟག་ཏུ་བསམ་བློ་གཏོང་བ་བཅས་བྱས་ནས་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་ནན་དུ་གཏོང་བ་དང་། ཏང་ནང་ཁུལ་གྱི་ལྟ་སྐུལ་དང་སྤྱོད་གཙང་རང་འདོམས་ལ་ཤུགས་སྣོན་རྒྱག་པ་སོགས་ཀྱི་གཏན་འབེབས་ཁག་བློ་ལ་བརྟན་པོར་བཅངས་ནས། ཏང་གི་སྒྲིག་ཡིག་ལ་གོང་བཀུར་དང་ཏང་གི་སྒྲིག་སྲོལ་ལ་སྲུང་བརྩི་ཞུ་བའི་བླང་བྱ་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས། གསུང་བཤད་རབ་དང་རིམ་པ་སློབ་སྦྱོང་བྱེད་པར་མ་རྩོམ་ཀློག་པ་དང་། མ་ཡིག་སློབ་སྦྱོང་། རྩ་བའི་རིག་པ་རྟོགས་པ་བཅས་མཐའ་འཁྱོངས་བྱས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་གཞི་རྩའི་དགོངས་དོན་དང་། གཞི་རྩའི་ནང་དོན། གཞི་རྩའི་བླང་བྱ་བཅས་ལ་གོ་བ་གཏིང་ཟབ་བླངས་ནས་དེའི་ཁྲོད་འདུས་པའི་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་འདུ་ཤེས་གསར་པ་དང་། དགོངས་པ་གསར་པ། འཐབ་ཇུས་གསར་པ་བཅས་ཁོང་དུ་ཡག་པོ་ཆུད་པ་བྱེད་པ་དང་། དེའི་ཁྲོད་ཁྱབ་པའི་མར་ཁེ་སི་རིང་ལུགས་ཀྱི་ལངས་ཕྱོགས་དང་། ལྟ་བ། བྱེད་ཐབས་བཅས་ཁོང་དུ་ཡག་པོ་ཆུད་པ་བྱེད་པའི་ཁར། གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་པར་བརྟེན་ནས་དེ་བས་བསམ་བློ་གཅིག་གྱུར་དང་། ཀླད་པར་དྲག་ཆས་སྤྲོས་པ། ལས་དོན་ལ་མཛུབ་ཁྲིད་བྱེད་པ། བྱ་སྤྱོད་ཚད་ལྡན་དུ་གཏོང་བ་བཅས་བྱེད་དགོས། བསམ་བློར་བརྟེན་ནས་ཏང་འཛུགས་སྐྱོང་བྱེད་པའི་སྟོབས་ཤུགས་འཕེལ་བ་བྱས་ཚེ“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་དུ་འགྱུར་བའི་ཐད་གཞི་ནས་ཆབ་སྲིད་དང་རིག་གནས་ཀྱི་འདེགས་སྐྱོར་བརྟན་པོ་ཞིག་ཡོང་ཐུབ།
          “ཚད་ལོན”གཏིང་ཟབ་ཡོང་བ་བྱེད་པར་ཏང་ཡོན་ཚོའི་སྣེ་ཁྲིད་དེ་སློབ་སྦྱོང་དང་ཚད་ལོན་གཉིས་པོ་ཡར་རྒྱས་དང་ཤེས་སྤྱོད་ཟུང་འབྲེལ་མཐའ་འཁྱོངས་བྱས་ཏེ་རང་ཉིད་ཀྱི་བསམ་བློ་དང་ལས་དོན་དེའི་ཁྲོད་གནས་པ་བྱས་ནས་ཞིབ་ཕྲའི་གནད་དོན་བཅོས་སྒྲིག་ནས་འགོ་འཛུགས་པ་དང་ཞིབ་ཕྲའི་བྱ་བ་བསྒྲུབ་རྒྱུ་ནས་འགོ་འཛུགས་དགོས། ཆབ་སྲིད་ཚད་ལོན་དང་། སྒྲིག་ཁྲིམས་ལག་བསྟར་ཚད་ལོན། ཀུན་སྤྱོད་ཚད་ལོན། ནུས་པ་འདོན་སྤེལ་ཚད་ལོན་བཅས་ཚང་མ་ལྐོག་གྱུར་དང་དོན་སྟོང་མ་ཡིན་པར་ཞིབ་ཕྲ་དང་དོན་དངོས་ཡིན་པས་དེ་ནི་ཏང་ཡོངས་ལ་བཏོན་པའི་ཡོངས་ཁྱབ་ཀྱི་བླང་བྱ་ཞིག་རེད། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚོས“ཚད་ལོན་བཞི”དཔྱད་གཞིར་འཛིན་ནས་རྒྱུན་དུ་རང་བརྟག་རང་གཅུན་དང་བསམ་བློའི་དྲི་མ་སེལ་ཏེ་ཤེས་རྟོགས་ཐུབ་པའི་གནད་དོན་སྒུག་འགྱངས་མི་བྱེད་པར་རྟོགས་འཕྲལ་བཅོས་དགོས་པ་མ་ཟད། དད་སེམས་དང་། སྒྲིག་ཁྲིམས་སྒྲིག་ལམ། རང་གཅུན་རང་འདོམས། འགན་འཁྲི་འཁུར་བ་བཅས་ཐད་དངོས་འབྲེལ་ཤུགས་སྣོན་རྒྱག་དགོས། གནད་དོན་ཐག་གཅོད་བྱེད་པའི་ཕུགས་ཕན་ལམ་སྲོལ་འཚོལ་བ་དང་འཛུགས་པ་བརྒྱུད་བསམ་བློའི་གནད་དོན་དང་དོན་དངོས་གནད་དོན་མཉམ་དུ་ཐག་གཅོད་དང་། གནད་དོན་གསར་པ་དང་གནད་དོན་རྙིང་པ་མཉམ་དུ་ཐག་གཅོད། བྱེ་བྲག་རང་བཞིན་གྱི་གནད་དོན་དང་ཐུན་མོང་རང་བཞིན་གྱི་གནད་དོན་མཉམ་དུ་ཐག་གཅོད། ཏང་རྩ་འཛུགས་ཀྱི་གནད་དོན་དང་ཏང་ཡོན་མི་སྒེར་གྱི་གནད་དོན་མཉམ་དུ་ཐག་གཅོད་བཅས་བྱ་རྒྱུར་སྐུལ་འདེད་གཏོང་དགོས།
         ཏང་འཛུགས་སྐྱོང་ལས་དོན་མཐར་གཏུགས་ནས་བཤད་ན་ལྟེ་བའི་ལས་དོན་ལ་ཞབས་འདེགས་ཞུ་རྒྱུ་དེ་རེད། སློབ་སྦྱོང་སློབ་གསོར་དམ་འཛིན་བྱེད་པར་ལྟེ་བའི་ལས་དོན་དང་མཉམ་འདྲེས་གཏིང་ཟབ་དང་ད་ལྟ་སྒྲུབ་བཞིན་པའི་བྱ་བ་དང་སྦྲེལ་མཐུད་ཡག་པོ་བྱས་ཚེ་གཞི་ནས་ཕན་འབྲས་བཟང་པོ་ཐོན་སྲིད། “ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་སྒྲིག་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་དང“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་སྐུལ་འདེད་གཏོང་རྒྱུར་དམ་པོར་དམིགས་ནས་སློབ་སྦྱོང་སློབ་གསོ་དེ་སྒྱུར་འཕེལ་བརྟན་གསུམ་གྱི་ལས་དོན་ཁག་ཡག་པོ་བསྒྲུབ་རྒྱུ་དང་ཟུང་འབྲེལ་བྱེད་པ་དང་། ས་ཁུལ་དེ་རང་དང་། སྡེ་ཚན་དེ་རང་། ཚན་པ་དེ་རང་བཅས་ཀྱི་གཙོ་གནད་ལས་འགན་ལེགས་གྲུབ་བྱ་རྒྱུ་དང་ཟུང་འབྲེལ་བྱས་ཏེ་ཕྱོགས་གཉིས་ལ་དམ་འཛིན་བྱ་རྒྱུ་མཐའ་འཁྱོངས་དང་ཕྱོགས་གཉིས་ལ་སྐུལ་འདེད་གཏོང་ཐུབ་པ་བྱེད་དགོས།
         སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གྱི་དགོངས་པ་གལ་ཆེན་དང་ཏང་ཀྲུང་དབྱང་གི་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱས་ཏེ“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་དུ་འགྱུར་བའི་དམིགས་ཚད་ལས་འགན་དང་གཞི་རྩའི་བླང་བྱ་སྟངས་འཛིན་ཡག་པོ་བྱས་ནས། ཡུན་རིང་དམ་འཛིན་དང་། ཞིབ་ཕྲ་དམ་འཛིན། རྒྱུན་དུ་དམ་འཛིན་བཅས་ཀྱི་ཐད་ཤུགས་སྣོན་བརྒྱབ་ཚེ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུར་སྐུལ་འདེད་གཏོང་བའི་ཐད་ང་ཚོར་ཕན་འབྲས་གསར་པ་རྒྱུན་ཆད་མེད་པར་ཐོན་པ་དང་། “ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་སྲ་ཞིང་བརྟན་པའི་ཆབ་སྲིད་ཀྱི་འགན་ལེན་དང་རྩ་འཛུགས་ཀྱི་འགན་ལེན་བྱེད་ཐུབ།