མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་《མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ལས་ཞུགས་
གསར་གཏོད་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བསམ་འཆར་》པར་འགྲེམས་བྱས་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་21ཉིན། 11:11】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་19ཉིན། ཙུང་ལི་ལི་ཁེ་ཆང་གིས་མཆན་འགོད་བཀའ་ལན་གནང་བ་བརྒྱུད། ཉིན་ཤས་གོང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་《མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ལས་ཞུགས་གསར་གཏོད་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བསམ་འཆར་》(གཤམ་དུ་《བསམ་འཆར་》ཞེས་བསྡུ་རྒྱུ་)པར་འགྲེམས་བྱས་པ་རེད།
         《བསམ་འཆར་》ནང་ལས་ཞུགས་ནི་མི་འབོར་དུང་ཕྱུར་13གྱི་དམངས་འཚོའི་གནད་དོན་ཆེ་ཤོས་ཡིན་ལ་དཔལ་འབྱོར་འཕེལ་རྒྱས་ཀྱི་ཆེས་རྨང་གཞིའི་འདེགས་སྐྱོར་ཞིག་ཀྱང་ཡིན། ལས་ཞུགས་དུས་བབ་ཀྱི་འགྱུར་ལྡོག་གསར་པ་དང་འགྲན་སློང་གསར་པར་ཕྱོགས་སྐབས་ངེས་པར་དུ་ལས་ཞུགས་དེ་གལ་ཆེའི་ནང་གི་འགངས་ཆེར་བརྩིས་ནས་ལས་ཞུགས་གཟིགས་སྐྱོང་འཐབ་ཇུས་དང་དེ་བས་དགེ་མཚན་ལྡན་པའི་ལས་ཞུགས་སྲིད་ཇུས་ལག་བསྟར་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་ལས་ཞུགས་བརྟན་དུ་གཏོང་བ་དང་རྒྱ་ཆེར་གཏོང་བའི་དམག་འཐབ་དྲག་པོ་མཐའ་གཅིག་ཏུ་རྒྱག་དགོས། 《བསམ་འཆར་》ནང་སྲིད་ཇུས་བྱེད་ཐབས་ཁག་ལྔ་བཏོན་པ་སྟེ། གཅིག་ནས་ལག་ཞུགས་གཟིགས་སྐྱོང་འཐབ་ཇུས་ལག་བསྟར་མཐའ་གཅིག་ཏུ་བྱེད་དགོས་པ་དང་། གཉིས་ནས་ལས་ཞུགས་གསར་པའི་རྣམ་པ་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་དགོས་པ། གསུམ་ནས་ལས་ཞུགས་ལ་བརྟེན་ནས་ལས་ཞུགས་སྐུལ་ཁྲིད་བྱ་རྒྱུར་སྐུལ་འདེད་གཏོང་དགོས་པ། བཞི་ནས་ཚོགས་སྤྱི་གཙོ་བོའི་ལས་ཞུགས་གསར་གཏོད་ལ་དམ་འཛིན་ཡག་པོ་བྱེད་དགོས་པ། ལྔ་ནས་སློབ་གསོ་གསོ་སྦྱོང་དང་ལས་ཞུགས་གསར་གཏོད་ཞབས་ཞུར་ཤུགས་སྣོན་རྒྱག་དགོས་པ་བཅས་རེད།