མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་བ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་05ཉིན། 14:33】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

           མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་3ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་ནས་ཀྲུང་དབྱང་ནོར་སྲིད་ཀྱིས་རང་བྱུང་གནོད་འཚེ་ཕོག་པའི་འཚོ་བའི་ཁ་གསབ་སྤྲོད་པའི་ཚད་གཞི་མཐོ་རུ་གཏོང་རྒྱུ་དང་། གནོད་འཚེའི་རྐྱེན་གྱིས་མང་ཚོགས་ཀྱི་སྡོད་ཁང་རྡིབ་པ་དང་གས་སྐྱོན་བྱུང་བ་སླར་གསོ་བསྐྱར་སྐྲུན་བྱེད་མགྱོགས་སུ་གཏོང་རྒྱུ། སྤྱི་ཚོགས་ཀྱིས་སྨན་ཁང་འཛུགས་པ་དང་སྐྱོན་བྲལ་ཡུལ་སྐོར་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱེད་པའི་བྱ་ཐབས་གཏན་འཁེལ་བཟོས་ནས་མང་ཚོགས་ཀྱི་རིམ་པ་མི་འདྲ་བའི་བདེ་ཐང་གི་འདོད་འདུན་སྣ་ཚོགས་བསྐོང་རྒྱུ། ཚོང་ལས་དངུལ་ཁང་ཆེ་འབྲིང་ལ་དངུལ་རྩའི་ཕན་པ་ཀུན་ལ་འདོགས་པའི་བྱ་གཞག་པུའུ་འཛུགས་རྒྱུར་བཀོད་སྒྲིག་བྱས་ནས་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་དང“ཞིང་གསུམ”སོགས་ལ་དམིགས་པའི་ཞབས་ཞུ་སྒྲུབ་ནུས་མཐོ་རུ་གཏོང་རྒྱུ་བཅས་གཏན་ལ་འཁེལ་བ་རེད།
          ཚོགས་འདུའི་ཐོག་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་ལ་གཞིགས་ནས་གེགས་སྐྱོབ་རོགས་སྐྱོབ་ཀྱི་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་རྒྱུ་ནི་མི་དམངས་ལྟེ་བར་བྱེད་པའི་འཕེལ་རྒྱས་ཀྱི་བསམ་ཕྱོགས་ལག་ལེན་བསྟར་བའི་མཚོན་ཚུལ་ཞིབ་ཕྲ་ཞིག་ཡིན་ལ་གཞི་རྩའི་དམངས་འཚོ་མཐའ་འཁྱོངས་འགན་ལེན་གྱི་ནང་དོན་གལ་ཆེན་ཞིག་ཀྱང་རེད་ཅེས་བསྟན།
         ཚོགས་འདུའི་ཐོག མང་ཚོགས་ཀྱི་བང་རིམ་མི་འདྲ་བའི་བདེ་ཐང་གི་དགོས་འདུན་སྣ་ཚོགས་ལ་དམིགས་ནས་སྨན་བཅོས་ཁྱབ་ཁོངས་ཐད་ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་དང་། གུ་ཡངས་ལྷུག་གཏོང་ཟུང་འབྲེལ། ཞབས་ཞུ་ལེགས་སུ་གཏོང་རྒྱུར་སྐུལ་མ་བཏང་ནས་སྤྱི་ཚོགས་ཀྱི་སྟོབས་ཤུགས་ལ་བརྟེན་ཏེ་སྨན་བཅོས་ཀྱི་ཞབས་ཞུ་མཁོ་འདོན་ལ་རྒྱབ་སྐྱོར་ཤུགས་ཆེན་བྱ་རྒྱུ་ནི་སྨན་བཅོས་ལམ་ལུགས་སྒྱུར་བཅོས་གཏིང་ཟབ་བྱེད་པ་དང་། ཞན་ཆ་གསབ་པ། དམངས་འཚོ་ལེགས་སུ་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པའི་ངོས་འཛིན་བྱས།
          ཚོགས་འདུའི་ཐོག དངུལ་རྩའི་ཕན་པ་ཀུན་ལ་འདོགས་པར་བྱེད་པ་དེ་འཕེལ་རྒྱས་དང་ཞི་བདེ་དང་འབྲེལ་བས་ལས་གཏོད་གསར་གཏོད་བྱེད་པ་དང་ལས་ཞུགས་ལ་སྐུལ་མ་གཏོང་རྒྱུར་ཕན་པ་ཡོད་ཅེས་བསྟན་པ་རེད།