མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཧྥ་རན་སེའི་ཙུང་ཐུང་གསར་པ་མ་ཁེ་རུན་ལ་རྟེན་འབྲེལ་ཞུ་བའི་གློག་
འཕྲིན་བཏང་གནང་བ། 

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་10ཉིན། 11:05】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་8ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གསར་དུ་བདམས་ཐོན་བྱུང་བའི་ཧྥ་རན་སེའི་ཙུང་ཐུང་མ་ཁེ་རུན་ལ་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་གནང་བ་རེད།
         རྟེན་འབྲེལ་ཞུ་བའི་གློག་འཕྲིན་ནང་ཞི་ཅིན་ཕིང་གིས་ཧྥ་རན་སེ་ནི་ཀྲུང་གོ་གསར་པ་དང་ཕྱི་འབྲེལ་གྱི་འབྲེལ་བ་འཛུགས་མཁན་ནུབ་ཕྱོགས་ཀྱི་རྒྱལ་ཁབ་དང་པོ་དེ་རེད། ཀྲུང་གོ་དང་ཧྥ་རན་སེའི་འབྲེལ་བའི་ཐད་འཐབ་ཇུས་ཀྱི་དོན་སྙིང་དང་རྒྱལ་སྤྱིའི་ཤུགས་རྐྱེན་གལ་ཆེན་ལྡན་ཡོད་པས་ཉེ་བའི་ལོ་ཤས་རིང་རྒྱུན་མཐུད་སྐྱོན་བྲལ་ངང་འཕེལ་རྒྱས་བརྟན་པོ་བྱུང་ཡོད། ཀྲུང་གོ་དང་ཧྥ་རན་སེ་གཉིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ལས་གནས་རྒྱུན་འཛིན་རྒྱལ་ཁབ་དང་རྒྱལ་སྤྱིའི་ཤུགས་རྐྱེན་ཆེན་པོ་ལྡན་པའི་རྒྱལ་ཁབ་ཆེན་པོ་ཡིན་པའི་ངོས་ནས་འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ལ་དམིགས་བསལ་གལ་འགངས་ཆེ་བའི་འགན་འཁྲི་ཡོད། ཀྲུང་གོ་དང་ཧྥ་རན་སེའི་འབྲེལ་བ་སྐྱོན་བྲལ་དང་བརྟན་པོའི་ངང་གོང་འཕེལ་བྱུང་ཚེ། རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ཙམ་མ་ཟད། འཛམ་གླིང་གི་ཞི་བདེ་དང་། བརྟན་ལྷིང་། དར་རྒྱས་བཅས་ལའང་ཕན་པ་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཧྥ་རན་སེ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ནས་རྒྱལ་ཁབ་གཉིས་ཀྱི་ཁྱོན་ཡོངས་རོགས་ཟླའི་འབྲེལ་བ་དམ་ཟབ་དང་རྒྱུན་རིང་སྔར་བས་མཐོ་བའི་ཆུ་ཚད་དུ་སླེབས་རྒྱུར་རྒྱུན་ཆད་མེད་པར་སྐུལ་མ་གཏོང་འདོད་ཡོད་ཅེས་གསུངས་པ་རེད།