མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཕོ་ལན་གྱི་ཙུང་ལི་ཤིས་ཏེ་ཨོ་དང་མཇལ་འཛོམས་གནང་བ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་14ཉིན། 15:16】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞི་ཅིན་ཕིང་གིས་ཕོ་ལན་གྱི་ཙུང་ལི་ཤིས་ཏེ་ཨོ་དང་མཇལ་འཛོམས་གནང་བ།

           མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་12ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སུ་ཞུགས་པར་ཕེབས་པའི་ཕོ་ལན་གྱི་ཙུང་ལི་ཤིས་ཏེ་ཨོ་དང་མཇལ་འཛོམས་གནང་བ་རེད།
           ཞི་ཅིན་ཕིང་གིས་ཕོ་ལན་ནི་ཀྲུང་གོ་གསར་པ་དང་ཕྱི་འབྲེལ་བཙུགས་སྔ་ཤོས་ཀྱི་རྒྱལ་ཁབ་ཀྱི་གྲས་ཤིག་རེད། རྒྱལ་ཁབ་གཉིས་པོའི་མི་དམངས་དབར་ལ་སྲོལ་རྒྱུན་གྱི་མཛའ་གྲོགས་འབྲེལ་བ་ཟབ་མོ་ཡོད། ཀྲུང་གོས་ཡོ་རོབ་དབུས་ཤར་དང་ཡོ་རོབ་མནའ་འབྲེལ་ནང་གི་ཀྲུང་གོའི་མཉམ་ལས་རོགས་ཟླ་གལ་ཆེན་ཞིག་ཡིན་པའི་ཕོ་ལན་དང་མཉམ་དུ་རྒྱལ་ཁབ་གཉིས་པོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བའི་ནང་དོན་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་གཏོང་འདོད་ཡོད་ཅེས་བསྟན་གནང་བ་རེད།
           ཤིས་ཏེ་ཨོ་ཡིས་ན་ནིང་ཟླ་བ་དྲུག་པར་ཀྲུའུ་ཞི་ཞི་ཅིན་ཕིང་ཕོ་ལན་དུ་འཚམས་འདྲིར་ཕེབས་ནས་ཕོ་ཀྲུང་དབར་གྱི་འབྲེལ་བའི་འཕེལ་རྒྱས་དང་རྒྱལ་ཁབ་གཉིས་པོའི་གཉིས་ཁེ་གཉིས་ཕན་གྱི་མཉམ་ལས་ལ་སྐུལ་འདེད་ནུས་ལྡན་བཏང་གནང་ཡོད། ཞི་ཅིན་ཕིང་གིས་བཏོན་གནང་བའི“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་ནི་འཛམ་གླིང་དོ་མཉམ་དང་རྒྱུན་མཐུད་འཕེལ་རྒྱས་ཀྱི་ངོས་ནས་བརྗོད་ན་དོན་སྙིང་ཆེན་པོ་ལྡན་ཡོད་ལ། ཕོ་ལན་གྱི་ངོས་ནས་བརྗོད་ནའང་གལ་འགངས་ཧ་ཅང་ཆེ། ཕོ་ལན་ཕྱོགས་ཀྱིས“རྒྱུད་གཅིག་ལམ་གཅིག”གི་འཛུགས་སྐྲུན་སྒྲོམ་གཞིའི་འོག་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སོགས་ཀྱི་མཉམ་ལས་ལ་ཧུར་ཐག་ཞུགས་འདོད་ཡོད་ཅེས་གསུངས།