མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་མོང་གོལ་གྱི་ཙུང་ལི་ཨེར་བསྟན་པ་དར་དང་མཇལ་འཛོམས་གནང་བ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་14ཉིན། 15:19】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞི་ཅིན་ཕིང་གིས་མོང་གོལ་གྱི་ཙུང་ལི་ཨེར་བསྟན་པ་དར་དང་མཇལ་འཛོམས་གནང་བ།

          མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་12ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ལ་ཕེབས་པའི་མོང་གོལ་རྒྱལ་ཁབ་ཀྱི་ཙུང་ལི་ཨེར་བསྟན་པ་དར་དང་མཇལ་འཛོམས་གནང་བ་རེད།
          ཞི་ཅིན་ཕིང་གིས་ཀྲུང་གོ་ཕྱོགས་ཀྱིས་སྔ་བར་ཕྱི་གསུམ་དུ་ཀྲུང་མོང་རྒྱལ་ཁབ་གཉིས་པོའི་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། ཕྱོགས་གཉིས་པོས་ཕན་ཚུན་ཡིད་ཆེས་དང་། མཉམ་ལས། གཉིས་ཁེ་བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱས་ནས་འབྱུང་འགྱུར་ལ་ཕྱོགས་པ་དང་། གོ་སྐབས་དམ་འཛིན། མཉམ་ལས་བྱེད་ཤུགས་མགྱོགས་སུ་གཏོང་བ་བཅས་བྱས་ཏེ་ཁྱབ་ཁོངས་ཁག་གི་སྤེལ་རེས་མཉམ་ལས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་ཀྲུང་མོལ་རྒྱལ་ཁབ་གཉིས་པོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་མུ་མཐུད་མདུན་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས་པའི་མཛུབ་སྟོན་གནང་བ་རེད།
          ཨེར་བསྟན་པ་དར་གྱིས་ཀྲུང་གོ་དང་མཛའ་མཐུན་མཉམ་ལས་འཕེལ་རྒྱས་གཏོང་བ་ནི་མོང་གོལ་རྒྱལ་ཁབ་ཀྱི་སྔོན་འཇོག་ཁ་ཕྱོགས་ཤིག་རེད། མོང་གོལ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་མཐའ་འཁྱོངས་བྱས་ནས་མོང་ཀྲུང་རྒྱལ་ཁབ་གཉིས་པོའི་མཐོ་རིམ་མི་སྣའི་དབར་འགྲོ་འོང་དང་། དཔལ་འབྱོར་ཉོ་ཚོང་མཉམ་ལས། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་བཅས་ལ་ཤུགས་སྣོན་རྒྱག་འདོད་ཡོད་ཅིང་། “རྒྱུད་གཅིག་ལམ་གཅིག”གི་འཛུགས་སྐྲུན་སྒྲོམ་གཞིའི་འོག་གཉིས་ཕན་མཉམ་ལས་ལ་ཧུར་ཐག་ཞུགས་རྒྱུ་ཡིན་ཞེས་གསུངས།