མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་སུའེ་ཙེར་རྒྱལ་ཕྲན་མཉམ་འབྲེལ་གྱི་ཀྲུའུ་ཞི་ལུའོ་དབྱི་ཐེ་ཧཱ་ཏེ་དང་མཇལ་
འཛོམས་གནང་བ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་15ཉིན། 14:05】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞི་ཅིན་ཕིང་གིས་སུའེ་ཙེར་རྒྱལ་ཕྲན་མཉམ་འབྲེལ་གྱི་ཀྲུའུ་ཞི་ལུའོ་དབྱི་ཐེ་ཧཱ་ཏེ་དང་མཇལ་
འཛོམས་གནང་བ།

            མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་13ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཏེའོ་ཡུས་ཐའེ་རྒྱལ་མགྲོན་ཁང་དུ་སུའེ་ཙེར་རྒྱལ་ཕྲན་མཉམ་འབྲེལ་གྱི་ཀྲུའུ་ཞི་ལུའོ་དབྱི་ཐེ་ཧཱ་ཏེ་དང་མཇལ་འཛོམས་གནང་ནས་ལུའོ་དབྱི་ཐེ་ཧཱ་ཏེ་ཀྲུང་གོའི“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ལ་ཞུགས་པར་ཕེབས་པར་དགའ་བསུ་ཞུས་པ་རེད། ཙུང་ལི་གཞོན་པ་ཀྲང་ཀའོ་ལི་མཇལ་འཛོམས་གནང་སྐབས་མཉམ་དུ་ཕེབས་ཡོད་པ་རེད།
           ཞི་ཅིན་ཕིང་གིས་2016ལོར་ཀྲུང་གོ་དང་སུའེ་ཙེར་དབར་གསར་གཏོད་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་ཚུན་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་མགྱོགས་མྱུར་འཕེལ་རྒྱས་ཕྱིན་ཡོད། འདི་ལོའི་ལོ་འགོར་ང་སུའེ་ཙེར་དུ་རྒྱལ་དོན་འཚམས་འདྲི་བྱེད་སྐབས་ང་ཚོས་མཉམ་དུ་ཀྲུང་གོ་དང་སུའེ་ཙེར་གྱི་ཡུལ་སྐོར་ལོ་བཏོད་པ་མ་ཟད། གསར་གཏོད་དང་། རང་མོས་ཚོང་དོན། རིག་གནས་སོགས་དང་འབྲེལ་བའི་ཁྱབ་ཁོངས་མང་པོའི་མཉམ་ལས་ཡིག་ཆ་བཅུ་ལ་མིང་རྟགས་འགོད་སྐབས་དཔང་པོ་བྱས་ཡོད། ཕྱོགས་གཉིས་པོས་མཉམ་དུ་འབད་བརྩོན་བྱས་ཏེ་ཆབ་སྲིད་ཀྱི་ཐུན་མོང་ངོས་འཛིན་དང་མཉམ་ལས་གྲོས་མཐུན་དེ་དག་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས་པ་མ་ཟད། རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ཀྱི་གྲུབ་འབྲས་དངོས་སུ་འགྱུར་བ་བྱེད་དགོས་ཞེས་གསུངས་པ་རེད།
            ལུའོ་དབྱི་ཐེ་ཧཱ་ཏེས་འདི་ལོའི་ཟླ་བ་དང་པོར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སུའེ་ཙེར་དུ་འཚམས་འདྲི་གནང་བར་གྲུབ་འབྲས་ཆེན་པོ་ཐོབ་ཡོད། ངས་ཀྲུའུ་ཞི་ཞི་ཅིན་ཕིང་དང་མཉམ་དུ་ཐུན་མོང་གི་ངོས་འཛིན་མང་པོ་ཞིག་བཞག་པ་དང་ལྷག་པར་དུ་མཉམ་དུ་བཏོད་པའི་སུའེ་ཙེར་དང་ཀྲུང་གོའི་ཡུལ་སྐོར་ལོ་ཡིས་རྒྱལ་ཁབ་གཉིས་ཀྱི་རིག་གནས་དང་དཔལ་འབྱོར་སྤེལ་རེས་ལ་སྐུལ་འདེད་ནུས་ལྡན་ཐེབས་རྒྱུ་རེད། སུའེ་ཙེར་གྱིས“རྒྱུད་གཅིག་ལམ་གཅིག”གི་གྲོས་མཐུན་ལ་བསྔགས་བརྗོད་བྱ་རྒྱུ་དང་དེའི་ནང་ཧུར་ཐག་ཞུགས་འདོད་ཡོད་ཅེས་གསུངས་པ་རེད།